Friday, February 19, 2021

བྱེད་འབྲེལ་དང་བྱེད་མེད་ཐད་སོར་སྦྱར་བ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པ་གཅེས་བཏུས་ཞུས་པ།

བྱེད་འབྲེལ་དང་བྱེད་མེད་ཐད་སོར་སྦྱར་བ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པ་གཅེས་བཏུས་ཞུས་པ།

 

སྡེ་པ་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་ཚུལ།

 

(༡) བྱེད་པ་པོ་གཞན་འབྲེལ་གྱི་ཚིག་གི་མིང་གཞི་སྡེ་བ་ལྔའི་དང་པོ་ཀ་ཅ་ཏ་པ་ཙ་དང༌། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་སྡེ་པ་ལྔའི་གཉིས་པ་ཁ་ཆ་ཐ་ཕ་ཚ་ལས་གྲུབ་པ།

 

བྱེད་འབྲེལ་མིང་གཞི།

བྱེད་མེད་མིང་གཞི།

ཁ།

ཏ།

ཐ།

པ།

ཕ།

ཙ།

ཚ། 

 

 

 (སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག)

 

·    མདུད་པ་སོགས།གཞུང་གི་དོན།  (གཞན་ཞིག་གིས་)བཀྲོལ། ( རང་ག་)ཁྲོལ།

·    འཁོར་ལོ་སོགས། (གཞན་གྱིས་)བསྐོར། ( རང་ག་འཁོར།

·    དགག་བྱ་སོགས། ( རི གས་པས་བཀག (རང་ཤུགས་ཀྱིས་) ཁེགས།

·    གོས་སོགས་ཀྱིས། ( སྟེང་དུ་) བཀབ། (ལུས་རིལ་བོར་)ཁོབས།

·    ཆུ་སོགས། (ཆུ་རགས་བརྩིགས་ནས་) བསྐྱིལ། ( རང་ག་འཁྱིལ།

·    སྐེ་སོགས། (གཅུས་ནས་) དཀྱོགས། (རང་ག་) འཁྱོགས།

·    རྐང་ལག་སོགས། (ཤེད་ཀྱིས་ བསྐུམས། ( གྲང་ནས་) འཁུམ།

·    ཆུ་སོགས། (མེ་ཡིས་)བསྐོལ། ( དྲོས་པའམ་ལྷོག་ལྷོག་ཏུ་འཕྱུར་བའི་)ཁོལ།

·    གདན་ས་སོགས་སུ། ( གཞན་དག་གིས་)བཀོད། ( རང་ཉིད་སྡོད་པའི་)འཁོད།

·    ཤིང་སོགས། ( སྟ་རེས་ཀྱིས་) བཅད། (རུལ་ནས་) ཆད།

·    རྫ་སྣོད་སོགས། (མི་ཡིས་) བཅགས། (རང་ག་) ཆག

·    སེམས་དོག་པོར། (བཙན་ཁྲིམས་ཀྱིས་) བཅུམ། ( རང་ག་སྐྲག་ནས་)ཆུམ།

·    རྟ་རྒོད་སོགས།(བཏུལ་ནས་) བཅུན། (ཡོང་བོར་གྱུར་པའི་)ཆུན། །

·    ལྷ་སོགས། ( གཟས་ནས་ གཏོར། (རང་ག་ལྷོད་ནས་) འཐོར།

·    ཆུ་སོགས། (འཐིག་ཏུ་བཅུག་པའི་) གཏིགས། (ཟག་པའི་) འཐིག

·    ལུགས་སྲོལ་སོགས་དང་། (མཐུན་པར་བྱས་པའི་) བསྟུན། (རང་འཕྲོད་) མཐུན།

·    ངོ་སོགས། (ཐུག་ཏུ་བཅུག་པའི་ གཏུགས། (རང་འཕྲད་) ཐུག

·    ཕྱི་ནས་ནང་དུ། (བསྲེས་ནས་གཅིག་བྱས་པའི་) བསྟི མས།(ངོ་བོ་དབྱེར་མེད་དུ་གྱུར་པའི་) ཐིམ། 

·    ཐུམ་གྱིས། (གཡོགས་པར་བྱས་པའི་)བཏུམས། (བཏུམས་ནུས་པའི་ ཐུམས།

·    གོན་རྒྱུ་སོགས། (ལག་པས་) གཏེད། (རལ་ནས་) འཐེད།

·    གཏེ ར་སོགས། ( བརྐོས་ནས་) བཏོན། (ས་ཁར་བྱུང་བའི་) ཐོན།

·    ནོམ་པ་སོགས། (བྱིན་པའི་) སྟོབ། (ལག་ཏུ་ལོན་པའི་)ཐོབ།

·    སྤྲིན་སོགས། (འཕྲུལ་གྱིས་) གཏིབས། (རང་བྱུང་གི་) འཐིབས།

·    དགྲ་སོགས། ( དྲག་ལས་ཀྱིས་) བཏུལ། (ཚུལ་རྒོལ་གྱི་ནུས་པ་ཟད་པའི་)ཐུལ།

·    སྨོན་ལམ་སོགས། (རེ་བ་བཏོན་པའི་)བཏབ། ( འདོད་ཐོག་ཏུ་བབས་པའི་)ཐེབས།

·    ཁུར་སོགས། (རྩོལ་བ་བསྐྱེད་ནས་) བཏེགས། (འཁུར་ཐུབ་པའི་)ཐེག

·    རྒྱུ་ནོར་སོགས། (ཐབས་ཀྱིས་) སྤེལ། (རང་བྱུང་གི་) འཕེལ།

·    འོད་དང་གཏམ་སོགས། (འབད་པས་སྤྲོས། (རང་བྱུང་འཕྲོས།

·    གཞན་དུ།(བསྒྱུར་བའི་སྤོ། (འགྱུར་བའི་འཕོ།

·    ནོམ་པ་དང་བརྡ་སོགས། (ཕྲོད་པར་བྱས་པའི་) སྤྲོད།  (ལག་ཏུ་འབྱོར་བའམ་གོ་བའི་)འཕྲོད།

·    གོ་གནས་དང་རིན་གོང་སོགས། (ཇེ་མཐོར་བཏང་བའི་) སྤར།(རང་ག་མཐོས་པའི་) འཕར།

·    བྱ་སོགས། (འཕུར་དུ་བཅུག་པའི་) སྤུར། (རང་ག་) འཕུར།

·    སྲོལ་སོགས། ( འབད་པས་) བཙུགས། (རང་ཆགས་) ཚུགས།

·    གྲལ་དུ། (བཅུག་པའི་བཙུད། ( རང་ཆུད་) ཚུད།

·    ཤ་རློན་སོགས། (མེ་སྤར་ནས་) བཙོས། ( སྙི་པར་གྱུར་པའི་) ཚོས།

·    ཐལ་བ་སོགས། (བསླངས་པའི་གཙུབ། (རང་ལངས་)འཚུབ་ལྟ་བུའོ།།

 

 

 

(༢) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་གི་མིང་གཞི་ཕ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་བ་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི་ཕ།

བྱེད་མེད་ཀྱི་མིང་གཞི་བ། 

 

 

 (སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག)

 

·    སོ་སོར། (ཐབས་ཀྱིས་) ཕྲལ། ( རང་འཐོར་) བྲལ།

·    གྲལ་ནས། (བཏོན་པའི་) ཕུད། (རང་བྱུང་) བུད།

·    ནང་ནས་ཕྱིར། (བཏོན་པའི་) ཕྱུང༌། (རང་ག་) བྱུང་།

·    ཚད་གྲངས་ཇེ་ཉུང་དུ། (བླངས་པའི་)ཕྲི། (ཇེ་ཉུང་དུ་སོང་བའི་བྲི།

·    རི་མོ་སོགས་ཤོག་གུར། (བྲིས་པའི་) ཕབ། (རང་ཤར་) བབས། །

·    མེ་ཏོག་སོགས། (ཉི་འོད་ཀྱིས་) ཕྱེ། (རང་གད་) བྱེ་ལྟ་བུའོ།།

 

 

 

(༣) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་སྡེ་བའི་དང་པོའི་དང་པོ་ཀ་ཅ་ཏ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་སྡེ་བའི་གསུམ་པ་ག་ཇ་ད་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི།

བྱེད་མེད་ཀྱི་མིང་གཞི།

ཅ།

ཇ།

ཏ།

ད།

 

 

དཔེར་བརྗོད།

(སྔ་མ་བྱེད་པ་པོ་གཞན་འབྲེལ་བྱ་ཚིག ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་)

·    སྲོག་སོགས།(བསད་པའི་) བཀུམ། (ཤི་བའི་གུམ། །

·    ལམ་སོགས།    གཞན་གྱིས་བཀག   རང་བཞིན་གྱིས་འགག 

·    མི་སོགས།(བསད་པའི་ བཀྲོངས། (རང་ཤི་གྲོངས།

·    སྣོད་སོགས། (ནང་དུ་བླུགས་ནས་ བཀང་། (མེར་གྱིས་) གང་།

·    མདུད་པ་སོགས། (ལག་པས་) བཀྲོལ། (རང་ཞིག་) གྲོལ། །

·    ཁྱུ་ལས། (མི་ཡིས་ བཀར། (རང་ཡན་དུ་སོང་བའི་) གར།

·    རྡོ་སོགས། (མེ་རྫས་ཀྱིས་) བཀད། (རང་འཐོར་) གད།

·    རྐང་ལག་སོགས། ཤེད་ཀྱིས་ བསྐུམས། གྲང་ནས་ འཁུམ། 

·    འཁྱོག་པོར། (ལག་པས་) བཀུག (རང་ཤུགས་ཀྱིས་)གུག

·    ལྷན་པ་སོགས། (ལག་པས་) བཀོག (རང་ག་ལྷུང་བའི་)གོག

·    སློབ་གྲྭར། (ཕ་མས་) བཅུག (རང་ཉིད་འཇུག

·    ཡིད་ངོར། (དམ་པོར་བཟུང་བའི་) བཅགས། (རང་བབ་ཀྱི་)འཇགས།

·    སྲོལ་དང་ཁྱད་པར། (མི་ཡིས་) བཏོད། (རང་བྱུང་) དོད།

·    སེམས་སོགས། (ཐབས་ཀྱིས་) བཏུལ། (ཞི་འཇམ་དུ་གྱུར་པའི་དུལ།

·    ཁང་བ་སོགས། ( གནམ་རྡོ་ལྷུང་བས་) གཏིབས། (ཤིང་ཆ་རུལ་བས་དིབས།

·    ཤུལ་མེད་དུ།(བཏང་བའི་)ཁ་བཏགས། (ཤི་ཆད་ཀྱིས་ཚར་བའི་)ཁ་དག་ལྟ་བུའོ།།

 

 

སྡེ་པ་མི་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་ཚུལ།

 

(༡) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་གི་མིང་གཞི་ཅ་ཙ་ཤ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་ཞ་ཟ་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི།

བྱེད་མེད་ཀྱི་མིང་གཞི།

ཅ།

ཞ།

ཙ།

ཟ།

ཞ།

 

 (སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་དང་། ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་

 

·    མིག་སོགས།(འབིགས་གཙགས་ཀྱིས་)བཅར། ( ནད་བྱུང་ནས་)ཞར།

·    ཁ་མིག་སོགས། (རྩོལ་བས་) བཙུམ། (རང་ཤུགས་ཀྱིས་ ཟུམ།

·    ཕུར་བ་སོགས། (ཤེད་ཀྱིས་)བཙུགས། (ནང་དུ་ ཟུག

 

·    ཁང་བ་སོགས། (མི་ཡིས་) བཤིགས། ( རྙིང་ནས་རང་ག་) ཞིག

·    བུམ་ལྟོ་སོགས། (ཐོ་བས་གཏིབས་པའི་)བཅོམ། (ནང་དུ་ཇིབས་པའི་)ཞོམ།

 

 

 

 

(༢) མིང་གཞི་ངེས་མེད་ལས་གྲུབ་པ། 

 

(སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་དང་། ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག)

 

·    ཡི་གེ་སོགས། (བཏོན་པའི་) ཀློག (འདོན་ཐུབ་པའི་) ལྷོགས།

·    དམག་སྣ་སོ ཌ། ( བཀག་པའི་) བཟློགས། (རང་ལོག་བྱས་པའི་) ལྡོག

·    ཕྱོགས་གཅིག་ཏུ། (རྩོལ་བས་) བསྲེས། (རང་ག་) འདྲེས།

·    སེམས་ཅན། (མཚོན་གྱིས་) བསད། (རང་དབུགས་ཆད་པའི་) ཤི །

·    མེ་ཡིས། (བུད་ཤིང་) བསྲེགས། (རང་ག་) འཚིག

·    སྲོག་སོགས། (སྨན་གྱིས་) གསོ། (མ་ཤི་བའི་) འཚོ།

·    ཆ་རྐྱེན་སོགས། (འབད་པས་)བསགས། ( རང་འཛོམས་) འཚགས།

·    ཚིག་སོགས་བློར། (ནན་གྱིས་)འཛིན། (འཇགས་པའི་)ཟིན་ལྟ་བུའོ།།

 

 

 

 

 

 

༢ མིང་གཞི་གཅིག་ལ་མགོ་ཡོད་མེད་ཀྱིས་དོན་སོ་སོར་ཕྱེ་བ།

 

བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་མགོ་ཅན་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་མགོ་མེད་ལས་གྲུབ་པ།

 

བྱེད་འབྲེལ།

བྱེད་མེད།

མགོ་ཅན།

མགོ་མེད།

 

 

དཔེར་བརྗོད།

(སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་དང་། ཕྱི་མ་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག )

 

·    འདོད་དོན་སོགས། ( འབད་པས་) བསྒྲུབས། (རང་ངོས་ནས་)འགྲུབ།

·    སྡུག་བསྔལ་ལས། (གཞན་གྱིས་) སྒྲོལ། (རང་ག་) གྲོལ།

·    རང་བཞིན་སོགས། (མི་ཡིས་) བསྒྱུར། ( རང་བྱུང་)འགྱུར།

·    དུས་སོགས། (བསྲིངས་པའི་)བསྒྱངས། (འགོར་བའི་)འགྱངས།

·    ལམ་སོགས། (བཅད་པའི་) བསྒགས། (མི་ཐར་བའི་)འགགས། །

·    ལུས་སོགས། (གཞན་གྱིས་) བསྒུལ། (རང་ག་) འགུལ།

·    ཏིང་འཛིན་སོགས།(འབད་པས་)བསྒོམས། (བྱང་ནས་འབད་མི་དགོས་པའི་)གོམས།

·    གྱང་སོགས། (ལོག་ཏུ་བཅུག་པའི་) བསྒྱེལ། (རང་ལོག་ འགྱེལ།

·    སིལ་བུར། (གསེ་བའི་ བསྒྲུགས། (རང་འཐོར་)གྲུག

·    སྒྲ་སོགས། གྲག་ཏུ་བཅུག་པའི་བསྒྲགས། (རང་གྲགས་གྲགས།

·    གྲལ་སོགས། (གཤིབ་པའི་) བསྒྲིགས། (ཁྲིགས་སེ་ འགྲིགས། །

·    རིག་པ་སོགས། (གཏད་པའི་) བསྒྲིམས། (རང་བྱུང་གིས་གསལ་བའི་) གྲིམས། །

 

·    མཚུངས་པའི། (འདྲ་བར་བྱས་པའི་) བསྒྲེས། (འདྲ་བའི་) འགྲེས། །

·    གྱེན་དུ། (བསླངས་པའི་) བསྒྲེངས། (རང་ལངས་)འགྲེང༌། 

·    ཕྱོགས་གཅིག་ཏུ། (སྡུད་པའི་) བསྒྲིལ། (འདུས་པའི་) འགྲིལ།

·    ལག་རྩལ་སོགས། (བསླབས་པའི་) སྦྱངས། (གོམས་པའི་) བྱང༌།

·    བྱིས་པ། (ངུར་བཅུག་པའི་ བསྔུན། ( རང་ག་ ངུས།

·    བྲག་སོགས(ལོག་ཏུ་བཅུག་པའི་) བསྙིལ། (རང་ག་ལོག་པ་)ཉིལ།

·    བཟང་ངན་སོགས།(བསྡུར་བའི་) བསྙམས།འདྲ་བའི་ མཉམ།

·    མལ་དུ། (གཞན་གྱིས་) བསྙལ། (རང་ག་ ཉལ།

·    ཉེ་བའི། (ཉེ་བར་བྱས་པའི་) བསྙེན། (འབྲེལ་ཉེ་བའི་) ཉེན།

·    གཅིག་ཏུ། (ཐབས་ཀྱིས་)བསྡུས། (ངང་གིས་ འདུས།

·    དབྱེན་སོགས། (འགྲིགས་མཐུན་བྱས་པའི་) བསྡུམས། (རང་མཐུན་)འདུམས།

·    སྲོལ་སོགས། (མེད་པར་བཏང་བའི་)བསྣུབས། (མེད་པར་གྱུར་པའི་)ནུབ།

·    གོ་རིམ་སོགས། (དཀྲུགས་པའི་) བསྣོར། (འཁྲུགས་པའི་) ནོར།

·    ནུ་མ། (སྟེ ར་བའི་) བསྣུན། (བྱིས་པ་རང་གིས་) ནུས།།

·    མཇུག་མ་སོགས། (ནར་དུ་བཅུག་པའི་) བསྣར། (རང་བྱུང་) ནར།

·    ཆུར། (འཕངས་པའི་) སྤྱིངས། (ནུབ་པའི་)བྱིངས།

·    ཀོ་སོགས། (ཆུར་) སྦངས། (སྙི་བར་གྱུར་པའི་) བངས། །

·    མེ་སོགས། (མེ་རྫས་ཀྱིས་) སྦར། (རང་ག་) འབར།

·    ལྷན་དུ། ( སྤྱན་གྱིས་) སྦྱར། (རང་ག་) འབྱར།

·    ཕྱོགས་གཅིག་ཏུ། (འབྲེལ་དུ་བཅུག་པའི་)སྦྲེལ།( རང་ཤུགས་ཀྱིས་)འབྲེལ།

·    མི་གཙང་བས།(བཙོག་ཏུ་བཏང་བའི་) སྦགས།(བཙོག་པར་གྱུར་པའི་)འབགས།

·    ཉལ་ས་ལས། (གཞན་གྱིས་) བསླངས། (རང་ག་)ལངས།

·    ཡོན་ཏན་སོགས། (འབད་པས་སློབ། (ཤེས་པར་གྱུར་པའི་) ལོབས།

·    སྐྱོན་གྱིས(ངན་པར་བསྒྱུར་བའི་)བསླད་(རང་ངན་པར་གྱུར་པའི་)ལད།

·    མགོ་མཇུག ( གོ་ཟློག་བྱས་པའི་)བསློགས། (རང་གོ་ལྡོག་བྱུང་བའི་)ལོག་ལྟ་བུའོ།།

 

 

 

༣ མིང་གཞི་གཅིག་ལ་སྔོན་འཇུག་ཡོད་མེད་ཀྱི་སྟེང་ནས་དོན་སོ་སོར་ཕྱེ་བ།

 

བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་སྔོན་འཇུག་ཅན་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་སྔོན་འཇུག་མེད་པ་ལས་གྲུབ་པ།

 

བྱེད་འབྲེལ།

བྱེད་མེད།

སྔོན་འཇུག་ཡོད་པ།

སྔོན་འཇུག་མེད་པ།

 

དཔེར་བརྗོད།

(སྔ་མ་བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་དང་། ཕྱི་མ་བྱེད་པ་པོ་གཞན་དང་

མ་འབྲེལ་བའི་བྱ་ཚིག)

·    གོན་རྒྱུ་སོགས། (ཉི་མར་བཞག་ནས་) བསྐམས། (རང་ག སྐམ།

·    རྒྱལ་པོ་སོགས། (བསད་པའི་) དགྲོངས། (རང་ག་ཚེ་ཟད་ནས་གྲོངས།

·    ཆུ་རྙོག (དྭངས་པར་བྱས་པའི་)བགྲུངས། ( རང་བཞིན་གྱི་དྭངས་པ་)གྲུངས།

·    ཁྱབ་པར་བྱས་པའི། དགྲམ། (རང་ཁྱབ་གྲམས།

·    ལོགས་སུ། (གཞན་གྱིས་ དགར། (རང་ག གར།

·    སྣོད། (ཆུ་བླུགས་ནས་) དགང་། (སྟོང་བ་མིན་པའི་) གང་། །

·    ཚལ་བར། (གཏོར་བའི་) དགས། (རང་འཐོར་) གས།

·    ནང་ནས་ཕྱིར་ (བཏོན་པའི་དབྱུང་། ( རང་ག་བུད་པའི་)བྱུང༌། 

·    སྐྱོན་སོགས། ( གཞན་གྱིས་) བགོས། (རང་ཞུགས་) གོས།

·    ཆར་སོགས། (འབབ་ཏུ་བཅུག་པའི་ དབབ། (རང་བྱུང་གི་)བབ།

·    མེ་ཏོག་ཁ། (ཐབས་ཀྱིས་དབྱེ། (རང་གད་)བྱེ། 

·    གྲངས་སོགས། (ཉུང་ངུར་བཏང་བའི་)དབྲི། ( ཇེ་ཉུང་ངུར་སོང་བའི་)བྲི།

·    མར་སོགས། (མེ་ཡིས་) བཞུ། (དྲོས་ནས་) ཞུ། །

·    ཐོག་ཏུ། ( འཇོག་མཁན་གྱིས་བཞག (འཇོག་ཐུབ་པའི་དོན་) ཞོག

·    རྒྱུ་ནོར་སོགས། (བརླགས་པའི་ གཟད། (མེད་པར་གྱུར་པའི་)ཟད།

·    འཛེར་བུ་སོགས། (བཙུགས་པའི་) གཟུགས། (རང་ག་ནང་དུ་) ཟུག

·    ཆུད། (བརླགས་པའི་) གཟན། (གོད་པའི་) ཟོས།

·    སྐད་ཆ། (ཁ་ཡིས་)བཤད། (བཤད་ཐུབ་པའི་དོན་) ཤོད།

·    སྐྲ་སོགས། (ལག་པས་བཤིགས། (རང་རྐྱ་འཐོར་བའི་)ཤིགས།

·    དགྲ་ཡ་སོགས། ( གྲི་ཡིས་) གསོད། (གསོད་ཐུབ་པའི་) སོད།

·    སྐྱོན་སོགས། (གཞན་གྱིས་) བསལ། (རང་དག་ཏུ་སོང་བའི་སེལ།

·    ནད་སོགས། (སྨན་གྱིས་)གསོས། (རང་དྲགས་) སོས།

·    ཁ་སོགས། (ལག་པས་ བསུམ། (རང་ག་ སུམ།

·    ཆད་པ་ཁ། (བསྐངས་པའི་) བསབ། (སྐོང་ཐུབ་པའི་) སོབ།

·    རྒྱུ་སོགས། (འབད་པས་)བསོགས། (བསགས་པར་གྱུར་པའི་) སོགས་ལྟ་བུའོ།།

·     

 

 

༤ རྗེས་འཇུག་སྟེང་ནས་དོན་སོ་སོར་ཕྱེ་བ་ནི།

 

བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་ཚིག་རིགས་གཉིས་མིང་གཞི་གཅིག་ཅིང་རྗེས་འཇུག་ཐ་དད་པའམ་ཡང་འཇུག་ཡོད་མེད་ལས་ཐ་དད་དུ་གྲུབ་པའོ།།

 

 

དཔེར་བརྗོད།

·    བུ་སོགས། (སྐྱེར་བཅུག་པའི་) བསྐྱེད། (རང་བྱུང་) སྐྱེས།

·    ཤ་སོགས། (སླང་ངར་) འཚེད། (རྨོ ན་མིན་དུ་གྱུར་པའི་ཚོས།

·    ཤེས་བྱ་སོགས། (ཞེས་པས་འཛིན་པའི་)རྟོག (གོ་བ་རྙེ ད་པའི་)རྟོགས།

·    དོན་སོགས་བློར། (འབད་པས་) བཟུང་། (བརྗེད་མེད་དུ་གྱུར་པའི་)ཟིན།

·    སྒོ་སོགས། (ལག་པས་) ཕྱེ། (ཕྱེ་ཐུབ་པའི་དོན་གྱི་) ཕྱེད་ལྟ་བུའོ།།

 

 

 

 

 

 

 

 

 

 

 

 

                     བྱེད་འབྲེལ་བྱེད་མེད་ཀྱི་རེའུ་མིག 

 

སྡེ་པ་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་ཚུལ།

 

(༡) བྱེད་པ་པོ་གཞན་འབྲེལ་གྱི་ཚིག་གི་མིང་གཞི་སྡེ་བ་ལྔའི་དང་པོ་ཀ་ཅ་ཏ་པ་ཙ་དང༌། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་སྡེ་པ་ལྔའི་གཉིས་པ་ཁ་ཆ་ཐ་ཕ་ཚ་ལས་གྲུབ་པ།

 

བྱེད་འབྲེལ་མིང་གཞི།

བྱེད་མེད་མིང་གཞི།

ཁ།

ཏ།

ཐ།

པ།

ཕ།

ཙ།

ཚ། 

 

རོལ་མོ་སོགས་

བཀྲོལ།

འཁྲོལ།

འཁོར་ལོ་

བསྐོར།

འཁོར།

རིགས་པས

བཀག

ཁེགས།

གོས་ཀྱིས་

བཀབ།

ཁོབས།

ཆུ་སོགས

བསྐྱིལ།

འཁྱིིལ།

སྐེ་སོགས་

དཀྱོགས།

འཁྱོགས།

རྐང་ལག་སོགས་

བསྐུམས།

འཁུམ།

ཆུ་སོགས་

བསྐོལ།

འཁོལ། 

གདན་ས་སོགས་སུ་

བཀོད།

འཁོད།

 

 

 

ཤིང་སོགས་

བཅད།

ཆད།

རྫ་སྣོད་སོགས་

བཅག

ཆག

སེམས་དོག་པོར་

བཅུམ།

ཆུམ།

རྟ་རྒོད་སོགས་

བཅུན།

ཆུན།

 

 

 

མེ་ཏོག་སོགས་

གཏོར།

འཐོར།

ཆུ་སོགས་

གཏིགས།

འཐིག

ལུགས་སྲོལ་དང་

བསྟུན།

མཐུན།

ངོ་སོགས་

གཏུགས།

ཐུག

ཕྱི་ནས་ནང་དུ་

བསྟིམས།

འཐིམ།

ཐུམ་གྱིས་

བཏུམས།

ཐུམ།

གོན་རྒྱུ་སོགས་

གཏེད།

འཐེད།

གཏེར་སོགས་

བཏོན།

ཐོན།

ནོམ་པ་

སྟོབ།

ཐོབ།

སྤྲིན་སོགས་

གཏིབས།

འཐིབས།

དགྲ་སོགས་

བཏུལ།

ཐུལ།

སྨོན་ལམ་སོགས་

བཏབ།

ཐེབས།

ཁུར་སོགས་

བཏེགས།

ཐེག

 

 

 

བསྟན་པ་

སྤེལ།

འཕེལ།

འོད་སོགས་

སྤྲོས།

འཕྲོས།

གཞན་དུ་

སྤོ།

འཕོ།

ར་སོགས་

སྤྲོད།

འཕྲོད།

གོ་གནས་སོགས་

སྤར།

འཕར།

བྱ་སོགས་

སྤུར།

འཕུར།

སྲོལ་སོགས་

བཙུགས།

ཚུགས།

གྲལ་དུ་

བཙུད།

ཚུད།

ས་རློན་སོགས་

བཙོས།

ཚོས།

ཐལ་བ་

གཙུབ།

འཚུབ།

 

 

(༢) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་གི་མིང་གཞི་ཕ་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་བ་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི་ཕ།

བྱེད་མེད་ཀྱི་མིང་གཞི་བ། 

 

 

བརྗོད་བྱ་

བྱེད་འབྲེལ།

བྱེད་མེད།

སོ་སོར་

ཕྲལ།

བྲལ།

གྲལ་ནས་

ཕུད།

བུད།

ནང་ནས་ཕྱིར་

ཕྱུང་།

བྱུང་།

གྲངས་ཚད་

ཕྲི།

བྲི།

གོ་གནས་སོགས་

ཕབ།

བབ།

མེ་ཏོག་སོགས་

ཕྱེ།

བྱེ།

 

 

 (༣) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་སྡེ་བའི་དང་པོའི་དང་པོ་ཀ་ཅ་ཏ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་སྡེ་བའི་གསུམ་པ་ག་ཇ་ད་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི།

བྱེད་མེད་ཀྱི་མིང་གཞི།

ཅ།

ཇ།

ཏ།

ད།

 

བརྗོད་བྱ།

བྱེད་འབྲེལ།

བྱེད་མེད།

གཞན་

བསད།

ཤི།

ལམ་སོགས་

བཀག

འགག

མི་སོགས

བཀྲོངས།

གྲོངས།

སྣོད་སོགས།

བཀང་།

གང་།

མདུན་པ་སོགས།

བཀྲོལ།

གྲོལ། 

ཟུར་དུ་

བཀར།

གར།

རྡོ་སོགས་

བཀད།

གད།

བསད་པའི་དོན་གྱི་

བཀུམ།

གུམ།

འཁྱོག་པོར་

བཀུག

གུག

ལྷན་པ་སོགས་

བཀོག

གོག

སློབ་གྲྭར་

བཅུག

འཇུག

ཡིད་ངོར་

བཅགས།

འཇགས།

སྲོལ་སོགས་

བཏོད།

དོད།

སེམས་སོགས་

བཏུལ།

དུལ།

ཁང་པ་སོགས་

གཏིབས།

དིབས།

ཤུལ་མེད་དུ་

ཁ་བཏགས།

ཁ་དག

 

སྡེ་པ་མི་གཅིག་པའི་མིང་གཞི་ཐ་དད་ལས་གྲུབ་ཚུལ།

 

(༡) བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་གི་མིང་གཞི་ཅ་ཙ་ཤ་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་གི་མིང་གཞི་ཞ་ཟ་ལས་གྲུབ་པ།

 

བྱེད་འབྲེལ་གྱི་མིང་གཞི།

བྱེད་མེད་ཀྱི་མིང་གཞི།

ཅ།

ཞ།

ཙ།

ཟ།

ཞ།

 

མིག་སོགས་

བཅར།

ཞར།

ཁ་མིག་སོགས་

བཙུམ།

ཟུམ།

ཕུར་བ་སོགས་

བཙུགས།

ཟུག

ཁང་པ་སོགས་

བཤིགས།

ཞིག

བུམ་ལྟོ་སོགས་

བཅོམ།

ཞོམ།

 

 

(༢) མིང་གཞི་ངེས་མེད་ལས་གྲུབ་པ།

 

བརྗོད་བྱ་

བྱེད་འབྲེལ།

བྱེད་མེད། 

ཡི་གེ་སོགས་

ཀློག

ལྷོགས།

དམག་སྣ་སོགས་

བཟློག

ལྡོག

ཕྱོགས་གཅིག་ཏུ་

བསྲེས།

འདྲེས།

སེམས་ཅན་སོགས།

བསད།

ཤི།

མེ་ཡིས་

བསྲེག

འཚིག

སྨན་གྱི་སྲོག

གསོ།

འཚོ།

ཆ་རྐྱེན་སོགས།

བསགས།

འཚགས།

བློ་ལ་

འཛིན།

ཟིན།

 

༢ མིང་གཞི་གཅིག་ལ་མགོ་ཡོད་མེད་ཀྱིས་དོན་སོ་སོར་ཕྱེ་བ།

 

བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་མགོ་ཅན་དང་བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་མགོ་མེད་ལས་གྲུབ་པ།

 

བྱེད་འབྲེལ།

བྱེད་མེད།

མགོ་ཅན།

མགོ་མེད།

 

བརྗོད་བྱ་

བྱེད་འབྲེལ།

བྱེད་མེད། 

བྱ་བ་སོགས་

བསྒྲུབས།

གྲུབ།

སྡུག་བསྔལ་ལས་

སྒྲོལ།

གྲོལ།

རང་བཞིན་སོགས་

བསྒྱུར།

འགྱུར།

དུས་སོགས་

བསྒྱངས།

འགྱངས།

སྐེ་སོགས་

བསྒགས།

འགགས།

ལུས་སོགས་

བསྒུལ།

འགུལ།

ཏིང་འཛིན་སོགས་

བསྒོམས།

གོམས།

གྱང་སོགས་

བསྒྱེལ།

འགྱེལ།

སིལ་བུར་

བསྒྲུགས།

གྲུག

སྒྲ་སོགས་

བསྒྲགས།

གྲགས།

གྲལ་སོགས་

བསྒྲིགས།

འགྲིགས།

རིག་པ་སོགས་

བསྒྲིམས།

གྲིམས།

རིགས་

བསྒྲེས།

འགྲེས།

གྱེན་དུ་

བསྒྲེངས།

འགྲེང་།

ཕྱོགས་གཅིག་ཏུ་

བསྒྲིལ།

འགྲིལ།

ལག་རྩལ་སོགས་

སྦྱངས།

བྱང་།

བྱིས་པ་སོགས་

བསྔུན།

ངུས།

བྲག་སོགས་

བསྙིལ།

ཉིལ།

བཟང་ངན་

བསྙམས།

མཉམ།

མལ་དུ་

བསྙལ།

ཉལ།

ཉེ་བའི་

བསྙེན།

ཉེན།

གཅིག་ཏུ་

བསྡུས།

འདུས།

དབྱེན་སོགས་

བསྡུམས།

འདུམས།

སྲོལ་སོགས་

བསྣུབས།

ནུབ།

གོ་རིམ་སོགས་

བསྣོར།

ནོར།

ནུ་མ་

བསྣུན།

ནུ།

མཇུག་མ་

བསྣར།

ནར།

ཆུར་

སྤྱིངས།

བྱིངས།

ཆུ་ལ་

སྦངས།

བང་།

མེ་སོགས་

སྤར།

འབར།

ལྷན་དུ་

སྦྱར།

འབྱར།

ཕྱོགས་གཅིག་ཏུ་

སྦྲེལ།

འབྲེལ།

མི་གཙང་བས་

སྦགས།

འབགས།

ཉལ་ས་ལས་

བསླངས།

ལངས།

ཡོན་ཏན་སོགས་

སློབ།

ལོབས།

སྐྱོན་གྱིས་

བསླད།

ལད།

མགོ་མཇུག་སོགས་

བསློགས།

ལོག 

 

 

༣ མིང་གཞི་གཅིག་ལ་སྔོན་འཇུག་ཡོད་མེད་ཀྱི་སྟེང་ནས་དོན་སོ་སོར་ཕྱེ་བ།

 

བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་སྔོན་འཇུག་ཅན་དང་། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་སྔོན་འཇུག་མེད་པ་ལས་གྲུབ་པ།

 

བྱེད་འབྲེལ།

བྱེད་མེད།

སྔོན་འཇུག་ཡོད་པ།

སྔོན་འཇུག་མེད་པ།

 

བརྗོད་བྱ་

བྱེད་འབྲེལ།

བྱེད་མེད། 

གོས་སོགས་

བསྐམས།

སྐམ།

རྒྱལ་པོ་སོགས་

དགྲོངས།

གྲོངས།

ཆུ་རྙོག་རྣམས་

བགྲུངས།

གྲུངས།

ཁྱབ་པའི་

དགྲམ།

གྲམས།

ལོགས་སུ་

དགར།

གར།

སྣོད་སོགས་

དགང་།

གང་།

ཚལ་བར་

དགས།

གས།

རྒྱུ་སོགས་

བསོགས།

སོགས།

ནང་ནས་ཕྱིར་

དབྱུང་

བྱུང་།

སྐྱོན་སོགས་

བགོས།

གོས།

ཆར་སོགས་

དབབ།

བབ།

མེ་ཏོག་ཁ་

དབྱེ།

བྱེ།

གྲངས་

དབྲི།

བྲི།

མར་སོགས་

བཞུ།

ཞུ།

ཐོག་ཏུ་

བཞག

ཞོག

རྒྱུ་ནོར་སོགས་

གཟད།

ཟད།

འཛེར་བུ་སོགས་

གཟུགས།

ཟུག

བརླགས་པའི་

གཟན།

ཟོས།

སྐད་ཆ་

བཤད།

ཤོད།

སྐྲ་སོགས་

བཤིགས།

ཤིགས།

དགྲ་ཡ་སོགས་

གསོད།

སོད།

སྐྱོན་སོགས་

བསལ།

སེལ།

ནད་སོགས་

གསོས།

སོས།

ཁ་སོགས་

བསུམ།

སུམ།

ཆད་པ་ཁ་སོགས་

བསབ།

སོབ། 

 

༤ རྗེས་འཇུག་སྟེང་ནས་དོན་སོ་སོར་ཕྱེ་བ་ནི།

 

བྱེད་པ་པོ་གཞན་དང་འབྲེལ་མ་འབྲེལ་གྱི་བྱ་ཚིག་རིགས་གཉིས་མིང་གཞི་གཅིག་ཅིང་རྗེས་འཇུག་ཐ་དད་པའམ་ཡང་འཇུག་ཡོད་མེད་ལས་ཐ་དད་དུ་གྲུབ་པའོ།།

 

བརྗོད་བྱ།

བྱེད་འབྲེལ།

བྱེད་མེད།

བུ་སོགས་

སྐྱེད།

སྐྱེས།

ཤ་སོགས་

འཚེད།

ཚོས།

ཤེས་བྱ་སོགས་

རྟོག

རྟོགས།

དོན་སོགས་བློར་

བཟུང་།

ཟིན།

སྒོ་སོགས་

ཕྱེ།

ཕྱེད།