ཟིང་ཚ་བའི་བྷེང་ལོར་གནམ་ཐང་ན།།
ཡིད་འཕྲོག་པའི་བུ་མོ་མཛེས་མ་ཞིག།
ལག་མཉེན་པོ་འཕྲེད་དུ་གཡུག་དང་ལྷན།།
མིག་གཉིས་ཀ་མཆི་མས་ཁེངས་བཞིན་འདུག།།
མི་འགྲོ་འོངས་མང་བའི་བབ་ཚུགས་འདིར།།
སྨན་བུ་མོའི་མཛའ་བོ་རིང་དུ་བསྐྱོད།།
ལུས་བྲལ་བའི་གདུང་བ་མ་བཟོད་ནས།།
ང་ཁྱེད་ལ་དགའ་ཞེས་འབོད་བཞིན་འདུག།
ལོ་གཞོན་ནུའི་མཛའ་བརྩེ་ཟེར་བ་དེ།།
ཤུགས་དྲག་ལ་དཔེ་ཞིག་མེད་ཚོད་རེད།།
བུ་བུ་མོ་གཉིས་ཀ་རྒྱུགས་འོངས་ཏེ།།
མི་ཚང་མའི་དཀྱིལ་ལ་འོ་ཞིག་སྐྱེལ།།
ཤུགས་ཡོད་ཚད་བཏོན་ནས་འཐམ་བཞིན་འདུག།
ལྕེ་ཕན་ཚུན་འཁྱུད་ནས་འཇིབ་བཞིན་འདུག།
ང་ཁྱེད་ལ་དགའ་ཞེས་འབོད་ཚིག་འདི།།
ཆོས་མ་ཎི་བཞིན་དུ་བགྲང་གི་འདུག།
དུས་ད་ལྟ་གནམ་གྲུའི་སྒུག་ར་ན།།
བུ་དེ་ནི་ང་དང་མཉམ་དུ་ཡོད།།
ལྷད་མེད་པའི་བརྩེ་དུང་ངར་དྲགས་ནས།།
བསྲན་མི་ཐུབ་ཚོར་བས་མནར་བཞིན་འདུག།
ཀྱེ་དབྱིངས་སུ་བཞུགས་པའི་དཀོན་མཆོག་གིས།།
འདི་ཁྱོ་ཤུག་གཉིས་ལ་བརྩེ་བས་གཟིགས།།
སེམས་བརྩེ་བས་བཅིང་བའི་གཞོན་ནུ་གཉིས།།
ཁ་བྲལ་བའི་ལས་དབང་ཅིའི་ཕྱིར་བཟོས།།
ཆ་མི་སྙོམས་ཟང་ཟིང་འཇིག་རྟེན་འདིར།།
ལུས་མཉམ་དུ་ཡོད་རྣམས་བརྩེ་བ་མེད།།
སེམས་བརྩེ་བ་ཟབ་རྣམས་ལྷན་དུ་མེད།།
འདི་ཐམས་ཅད་སུ་ཡིས་བཟོས་ཡིན་ནམ།།
རང་བརྩེ་བ་ཡོད་པའི་མི་དེ་དང་།།
དུས་མཉམ་དུ་ཡོད་སྐབས་འཆམ་མཐུན་བྱོས།།
ཁ་འབྲལ་དགོས་དུས་ཤིག་ཡོང་སྐབས་དེར།།
སེམས་འགྱོད་པ་མེད་པ་གནང་ན་ལེགས།།
༢༠༡༨/༣/༣༡ ཉིན་བྷེང་ལོར་གནམ་ཐང་ནས།
སྔ་དྲོ་ཚོུད། ༩:༣༨
གནམ་ཐང་ཟུར་གྱི་