(ཟིན་བྲིས་དང་པོ་ཡིན། སླད་མར་རྒྱས་པར་འབྲི་འཆར།)
དྲིན་ཆེན་ཨ་ཕ་འཇིག་རྟེན་ཕྱི་མར་གཤེགས་ཏེ་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་དུ།
དྲིན་ཆེན་ཨ་ཕ་འཇིག་རྟེན་ཕྱི་མར་གཤེགས་ཏེ་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་རྗེས་དྲན་དུ།
བེ་རི་རྒྱལ་སྲས།
རང་རེའི་བོད་ཁ་བ་གངས་ཅན་ཞིང་དུ་ཡི་གེའི་སྲོལ་བྱུང་བ་ནས་བཟུང་རིག་གནས་ཀྱི་འཕེལ་རྒྱས་གང་འཚམ་ཕྱིན་པའི་བརྒྱུད་རིམ་ནང་སྤོབས་པ་བྱེད་འོས་པའི་གནས་ཚུལ་དུ་མ་ཞིག་བྱུང་ཡོད་ཅིང་།
དེ་དང་མཉམ་དུ་ཉམས་ཆག་དང་འཐུས་ཀ་མ་ཚང་བའི་གནད་དོན་མང་པོ་ཞིག་ཀྱང་ལྷག་ཡོད་པ་དེ་གཟུར་གནས་ཀྱི་གཞོན་སྐྱེས་རྣམ་པས་ཞན་ཆ་དང་ལེན་བགྱིས་ཏེ།
སྐད་ཡིག་གི་ཁ་སྐོང་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་དེང་རབས་ཀྱིས་བྱིན་པའི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཅི་ལ་མིན།
དེས་ན། འདིར་ཁོ་བོས་བོད་ཀྱི་སྐད་ཡིག་ནང་ཚིག་མཛོད་ཀྱི་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པའི་ཚོར་བ་སྔ་ས་ནས་བྱུང་མོད་ཀྱང་།
ཚིག་མཛོད་ཀྱི་ཆ་ཤས་གང་ཞིག་ཏུ་སྟོང་ཆ་ལྷག་ཡོད་མེད་ཀྱི་ཤེས་རྒྱས་ཕོངས་པ་དང་།
ཉམས་མྱོང་གིས་དབུལ་བར་བརྟེན་སེམས་ཀྱི་སྡུག་བསྔལ་སྙིང་ཁར་བསགས་ནས་བསྡད་རྒྱུ་ལས་གང་ཡང་མེད་སྟབས།
བར་སྐབས་བོད་ཀྱི་དག་ཡིག་གི་གཞུང་ལུགས་ཁག་དང་།
ཚིག་མཛོད་ཁག་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་རགས་ཙམ་བགྱིས་པའི་སྐབས་དེར།
ཚིག་མཛོད་གསར་པ་ཞིག་སྒྲིག་དགོས་ཚེ། ཆ་གང་ནས་ཁ་གསབ་དགོས་པ་དང་། ཕྱོགས་གང་ནས་ཁ་སྐོང་དགོས་པའི་འཆར་སྣང་རགས་ཙམ་ཞིག་བློ་ངོར་ཤར་སོང་།
དེ་ཡང་། དེང་རབས་ཀྱི་གཞོན་སྐྱེས་རྣམས་ལ་རང་ཅག་གི་མེས་པ་དམ་པ་ཚོས་ང་ཚོའི་ཤུལ་དུ་བཞག་པའི་དག་ཡིག་དང་ཚིག་མཛོད་རྣམས་ཀྱི་ངོ་སྤྲོད་རགས་ཙམ་ཞུས་ན་མེས་པ་དམ་པ་རྣམས་ཀྱི་བཀའ་དྲིན་སྙིང་དབུས་ནས་དྲན་འོངས་ཤིང་།
དེ་དང་མཉམ་དུ་མ་འོངས་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་གྱི་བསམ་བློ་དང་སེམས་ཤུགས་ཀྱང་རང་གིས་ངང་གིས་སྐྱེ་ངེས་ཡིན་པས།
འདིར་དག་ཡིག་དང་ཚིག་མཛོད་ཀྱི་འཕེལ་རིམ་རགས་ཙམ་གླེང་བར་འབད་དོ།།
སྤྱིར་བོད་ཀྱི་སྐད་ཡིག་ནང་། དག་ཡིག་ཅེས་པའི་མིང་ཚིག་འདི་སྔ་མོ་ནས་ཡོད་ཅིང་།
ཡི་གེ་གང་ཞིག་དག་པོར་འབྲི་ཐབས་སྟོན་པའི་ཡིག་ཆའམ་གཞུང་ཞིག་ལ་གོ་དགོས་ཤིང་།
ལོ་རྒྱུས་ཀྱི་ཐོག་དག་ཡིག་ཅེས་པའི་མིང་ཚིག་དངོས་སུ་བཀོལ་ནས་དག་ཡིག་གི་གཞུང་རྩོམ་མཁན་ཆེས་ཐོག་མ་དེ་ནི།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡིན་པའི་ཚོད་དཔག་བྱེད་ཆོག་སྟེ། ཁོང་གིས་བརྩམས་པའི་དག་ཡིག་ཉེར་མཁོ་བསྡུས་པའི་སྔོན་དུ་དག་ཡིག་ཅེས་པའི་བརྡ་ཆད་བཀོལ་མཁན་ད་བར་མ་བྱུང་བས་སོ།།
ཚིག་མཛོད་ཅེས་པ་ནི་དུས་ཕྱིས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་ལ།
དེ་ཡང་གཙོ་ཆེར་ནུབ་ཕྱོགས་ཀྱི་བཤད་སྲོལ་དང་མཐུན་པར་བཀོལ་བའི་བརྡ་ཆད་ཅིག་ཡིན་ཤས་ཆེ་སྟེ།
དེ་ཡང་། ཚིག་མཛོད་ནི། གཞུང་དེའི་ནང་གི་མིང་ཚིག་གང་ཡོད་པ་རྣམས་གོ་དཀའ་སླ་དང་།
སྒྲ་གདངས་མཚུངས་མིན་གྱི་ཁྱད་པར་མ་ཕྱེ་བར་ཀ་མད་གོ་རིམ་བཞིན་བསྒྲིགས་པའི་དག་ཡིག་གི་གཞུང་ཞིག་ལ་ཟེར་བ་ཡིན་ལ།
བོད་ཀྱི་ཚིག་མཛོད་འཕེལ་རིམ་ཁྲོད་ཀ་མད་གོ་རིམ་བཞིན་བསྒྲིགས་ནས་ཚིག་མཛོད་རྩོམ་མཁན་དང་པོ་དེ་ནི།
སོག་པོ་དགེ་བཤེས་ཆོས་གྲགས་ཡིན་ལ། ཁོང་གིས་བརྩམས་ཆོས་ནི་བརྡ་དག་མིང་ཚིག་གསལ་བ་ཞེས་པའི་གཞུང་དེ་ཡིན་པའི་ཚོད་དཔག་བྱེད་ཆོག
དེ་བཞིན་བོད་ཡིག་དང་སྐད་ཡིག་གཞན་ཤན་སྦྱར་གྱི་དག་ཡིག་གི་གཞུང་གི་འཕེལ་རིམ་ཡང་བྱུང་ཡོད་དེ།
སྐད་ཡིག་ཤན་སྦྱར་གྱི་དག་ཡིག་ཐོག་མ་ནི་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་ཡིན་ཞིང་།
དེ་ནི་དུས་རབས་བརྒྱད་པའི་ནང་བྱུང་བ་ཞིག་ཡིན་པས།
འཛམ་གླིང་ལོ་རྒྱུས་ཐོག་ཤན་སྦྱར་གྱི་དག་ཡིག་གཞུང་རྩོམ་མཁན་ཆེས་ཐོག་མ་དེ་ཡང་ཡིན་སྲིད་སྙམ་སྟེ།
གཞན་གྱི་བྱུང་རིམ་ཞིབ་པར་མ་ཤེས་པར་ཁ་ཚོན་གཅོད་པའི་སྤོབས་པས་མ་འདང་ངོ་།།
དེ་ནས་དུས་རབས་བརྒྱད་པའི་མཇུག་དང་དགུ་པའི་ནང་འགོས་ལོ་ཙཱ་བ་ཆོས་འགྲུབ་ཀྱིས་བརྩམས་པའི་རྒྱ་བོད་ཤན་སྦྱར་དེ་ཡང་ལོ་རྒྱུས་ཐོག་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་ཐོག་མ་དེ་ཡིན་ཤས་ཆེ་སྙམ་མོ།།
དེས་མཚོན་ནས་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེས་ཐོག་མ་དེ་ནི།
Sarat Chandra Das ས་ར་ཅན་དྷ་ར་དྷ་སི་ལགས་ཀྱིས་བརྩམས་པའི་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་དེ་ཡིན་ཤས་ཆེ་སྙམ་ཞིང་།
བོད་པ་རང་གིས་བརྩམས་པའི་དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ནི།
ལྷ་ས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་དེ་ཡིན་ནམ་སྙམ་སྟེ།
རྒྱས་པར་གཤམ་དུ་དག་ཡིག་དང་ཚིག་མཛོད་ཁག་གི་ཚིག་ཐོ་ལ་གཟིགས་ན་མཁྱེན་པར་འགྱུར་རོ།།
སྤྱིར་དག་ཡིགམིང་མཛོད། ཚིག་མཛོད། སོགས་ཀྱི་ཐ་སྙད་མི་འདྲ་བ་མང་པོ་ཡོད་ཅིང་།
དེ་དག་སོ་སོའི་ཁྱད་པར་ཡང་ཡོད་དེ། ཚིག་མཛོད་ཅེས་པ་ནི། Dictionary
a book that contains a list of words in alphabetical order and that explains
their meanings, or gives a word for them in another language; a similar product
for use on a computer. ཞེས་གསལ་བ་ལྟར།
ཀ་མད་གོ་རིམ་བཞིན་བསྒྲིགས་པའི་གཞུང་ཞིག་ལ་གོ་བ་དང་།
Glossary
ཞེས་པ་ནི། བརྡ་རྙིང་མཆན་འགྲེལ། གོ་དཀའ་བའི་མིང་ཚིག་ཁག་གི་མཆན་འགྲེལ་ལ་གོ་བས།
དཔེར་ན། ས་ལེགས་ཀྱི་མིང་ཚིག་གལ་གནད་ཆེ་བའི་འགྲེལ་བཤད།
རྩོམ་ཡིག་གསེར་སྦྲང་གི་མིང་ཚིག་མཆན་འགྲེལ་སོགས་འདིའི་ནང་དུ་འདུ།
དེ་བཞིན་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་མི་སྣ་གྲགས་ཅན་གྱི་མིང་མཛོད།
ཟས་རིགས་ཀྱི་མིང་མཛོད། ཡུལ་ལུང་གི་མིང་མཛོད་སོགས་མིང་མཛོད་ཀྱི་རིགས་ཀྱང་མང་དུ་ཡོད་པ་ལས།
དེང་གི་ཆར་བོད་ཀྱི་རིག་གནས་ཁྲོད་དུའང་རྗེས་ལུས་སུ་མ་ལྷག་པར་མདུན་སྐྱོད་བྱེད་བཞིན་ཡོད།
དག་ཡིག་ནི།
མིང་ཚིག་དུ་མ་ཕྱོགས་གཅིག་ཏུ་བསྡུས་པའི་གཞུང་ཞིག་སྟེ།
དེའི་ནང་སྒྲ་གདངས་འདྲ་བ་རྣམས་ཕན་ཚུན་མ་ནོར་བའི་དོན་དུ་དབྱེ་བ་འབྱེད་པའི་སྡོམ་ཚིག་བཀོད་པ་མང་ཞིང་།
ཁ་ཤས་ནི་མིང་ཚིག་གལ་ཆེ་བ་རྣམས་ལ་འགྲེལ་བཤད་བྲིས་པ་ཞིག་ཡིན།
ཚིག་མཛོད་ནི་ཀ་མད་གོ་རིམ་བཞིན་དུ་བསྒྲིགས་པའི་མིང་མཛོད་ཅིག་ལ་གོ་ཞིང་།
ཚིག་མཛོད་ཅེས་པའི་མིང་ཚིག་འདི་ཡང་དུས་འགྱུར་སྔོན་དེ་ཙམ་མ་བྱུང་བ་ལྟ་བུར་མངོན།
བོད་སྐད་ཐོག་ཀ་མད་གོ་རིམ་གྱི་ཚིག་མཛོད་ཐོག་མ་རྩོམ་མཁན་དེ་སོག་པོ་དགེ་བཤེས་ཆོས་གྲགས་ཡིན།
བོད་ཀྱི་ལོ་རྒྱུས་ཐོག་བོད་པ་རང་གིས་བྲིས་པའི་ཚིག་མཛོད་ཆེས་མ་དེ་ནི།
དག་ཡིག་གསར་བསྒྲིགས་ཡིན། དེ་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་ཡིན་ཞིང་།
དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་ཀྱི་སྒྲིག་སྟངས་ཀྱི་ཆ་ནས་ཁྱད་པར་ཕྲན་བུ་ཡོད་པ་རྣམས་ཀྱང་ཤེས་དགོས་པར་སྣང་།
དག་ཡིག་གི་འཕེལ་རིམ།
བཙན་པོའི་དུས་སྐབས།
བྱེ་བྲག་རྟོགས་བྱེད་ཆེན་མོ།
བྱེ་བྲག་རྟོགས་བྱེད་ཆེན་མོ་ཞེས་པ་དེ་ནི།
དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བསྒྲིགས་པའི་ལེགས་བོད་ཤན་སྦྱར་གྱི་མིང་མཛོད་ཅིག་ཡིན།
གཞུང་དེར་བཀའ་འགྱུར་དང་བསྟན་འགྱུར་ནང་དུ་གསལ་བའི་ནང་དོན་རིག་པའི་མིང་ཚིག་གལ་གནད་ཆེ་བ་ཁག་ཕྱོགས་བསྒྲིགས་དང་།
དེ་ཡང་ལེགས་སྦྱར་གྱི་སྐད་དོད་དེ་དང་དེ་ལ་བོད་སྐད་ནང་མིང་ཚིག་གང་ཞིག་འཐོབ་མིན་གྱི་རྣམ་གཞག་གསལ་པོར་ཕྱེ་ཡོད་དེ།
དཔེར་ན། ༄༅། །ཤཱ་སྟཱ། ཛི་ནཿ། ལོ་ཀ་ཛྱེཥྛཿ། སརྦ་ཛྙཿ། ཏཱ་ཡི། དེ་བཱ་ཏི་དེ་བཿ། མ་ཧཱཪྵིཿ། དྷརྨྨ་སྭཱ་མཱི། རྀ་ཥ་བྷཿ། ནཱ་ཡ་ཀཿ། པ་རི་ཎཱ་ཡ་ཀཿ། བི་ནཱ་ཡ་ཀཿ། ཨ་དྭ་ཡ་ ༄༅། །སྟོན་པ། རྒྱལ་པ། འཇིག་རྟེན་གྱི་གཙོ་བོ། ཐམས་ཅད་མཁྱེན་ནམ་ཀུན་མཁྱེན། སྐྱོབ་པ། ལྷ་ཡི་ཡང་ལྷ། དྲང་སྲོང་ཆེན་པོ། ཆོས་ཀྱི་རྗེ། ཁྱུ་མཆོག །འདྲེན་པ། ཡོངས་སུ་འདྲེན་པ། རྣམ་པར་འདྲེན་པ། གཉིས་སུ་མེད་་ ལྟ་བུས་མཚོན། མིང་ཚིག་གཏན་འབེབས་རང་བཞིན་གྱི་རྣམ་གཞག་གསལ་སྟོན་གནང་ཡོད།
བོད་བཙན་པོའི་དུས་སྐབས་དེར་གནས་བརྒྱད་རྩ་འགྲེལ་དང་སྒྲའི་བསྟན་བཅོས།
སྒྲ་སྦྱོར་བམ་གཉིས་སོགས་སྐད་བརྡ་དང་འབྲེལ་བའི་བསྟན་བཅོས་ཁ་ཤས་བྱུང་ཡོད་ཀྱང་།
གནས་བརྒྱད་རྩ་འགྲེལ་ནི་བརྡ་སྤྲོད་པའི་ཕྲད་རྣམ་དབྱེ་སྟོན་པའི་གཞུང་ཡིན་པ་དང་།
སྒྲ་སྦྱོར་བམ་གཉིས་ནི། ལོ་ཙཱ་བ་རྣམས་ཀྱིས་ཆོས་གཞུང་ཇི་ལྟར་སྒྱུུར་ཚུལ་སྟོན་པའི་གཞུང་ཡིན་པ་ལས།
དག་ཡིག་དང་ཚིག་མཛོད་ཀྱི་གཞུང་ཞིག་མིན། དུས་རབས་བདུན་པའི་ཐོན་མི་མཆོག་གིས་སུམ་རྟགས་མཛད་པའི་དབང་དུ་བཏང་ནའང་།
སུམ་རྟགས་ནི་ཕྲད་རྣམ་དབྱེ་དང་། ཡི་གེའི་ཕོ་མོ་མ་ནིང་གི་རྣམ་གཞན་སྟོན་པ་ཙམ་ལས་དག་ཡིག་གི་གཞུང་ཞིག་མ་ཡིན་པ་ཤེས་སླ་ཞིང་།
ཐོན་མིས་གཞུང་གཞན་བརྩམས་ཡོད་ན། དེའི་ནང་ཡོད་སྲིད་པའི་དོགས་པ་སྐྱེ་འོས་ཀྱང་།
སུམ་རྟགས་གཉིས་པོའང་ཐོན་མིས་བརྩམས་མིན་དོགས་གནས་སུ་གྱུར་པའི་སྐབས་འདིར་བསྟན་བཅོས་གཞན་དྲུག་པོའི་ནང་ཅི་ཞིག་ཡོད་མེད་དཔྱད་མི་བཟོད་པ་ཞིག་ཡིན།
དེས་ན། བོད་བཙན་པའི་དུས་སྐབས་འདིར་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ།
ཞེས་པའི་གཞུང་འདི་ལས་གཞན་དག་ཡིག་གི་གཞུང་ཞིག་ད་ཕན་རྙེད་སོན་བྱུང་མེད་སྙམ་མོ། འོན་ཀྱང་།
དུས་རབས་བརྒྱད་པ་དང་དགུ་པའི་ནང་འགོས་ལོ་ཙཱ་བ་ཆོས་འགྲུབ་ཀྱིས་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་བསྒྲིགས་ཡོད་པའི་སྐོར་ནི།
གཤམ་དུ་ཚིག་མཛོད་ཀྱི་སྐབས་བཤད་དོ།།
བོད་སིལ་བུའི་དུས་སྐབས།
v དག་ཡིག་ཉེར་མཁོ་བསྡུས་པ།
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ།(༡༠༥༩-༡༡༠༩)
རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི།
ཕྱི་ལོ་༡༠༥༩ ལོར་འཁྲུངས་ཤིང༌། དགུང་ལོ་ང་གཉིས་བཞེས་པ། རབ་བྱུང་གཉིས་པའི་ས་མོ་གླང་སྟེ། ཕྱི་ལོ་༡༡༠༩ ལོར་སྐུ་གཤེགས། འདི་ལས་ལོ་རྒྱུས་ཅུང་ཟད་རྒྱས་པ་ཉི་ཐང་སྤྲུལ་སྐུ་ངག་དབང་གཞོན་ནུས་མཛད་པའི་གསང་ཕུའི་དཀར་ཆག་ཏུ་གསལ།
རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་མཆོག་གི་བོད་ཀྱི་རིག་གནས་འཕེལ་རྒྱས་ཁྲོད་ཆེས་བླ་ན་མེད་པའི་བླ་མ་བཀའ་དྲིན་ཅན་ཞིག་ཡིན་པས།
ཁོང་གིས་བརྩམས་པའི་དག་ཡིག་ཉེར་མཁོ་བསྡུས་པ་འདི་ནི།
བོད་ཀྱི་བཙན་པོའི་དུས་རབས་ཀྱི་རྗེས་སུ་བྱུང་བའི་དག་ཡིག་གི་གཞུང་ཐོག་མ་དང་།
བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་དག་ཡིག་ཚིགས་བཅད་ནང་བྲིས་པ་ཆེས་ཐོག་མ་དེ་ཡིན་ཞེས་བརྗོད་ན་མི་འགྲིག་པ་མེད་སྙམ།
ཁོང་གིས་བརྩམས་པའི་དག་ཡིག་ཉེར་མཁོ་བསྡུས་པའི་ཉུང་ཉུང་ཞིག་ལས་མེད་ཀྱང་དེའི་ནང་བོད་ཀྱི་བརྡ་དག་གི་གཞུང་གི་སྙིང་པོ་བསྟན་ཡོད་དེ།
དེ་ཡང་། དོན་ཚན་དང་པོའི་ནང་། སྔོན་རྗེས་མིང་གསུམ་སོགས་ཀྱི་རྣམ་གཞག་བསྟན་ནས་གྲངས་ངེས་རྒྱས་པར་བསྟན་པ་ཞེས་པའི་དོན་ཚན་གཅིག་དང་།
དོན་ཚན་གཉིས་པའི་ནང་ཚིག་ཕྲད་རྣམས་ངོས་འཛིན་དང་།
ཚིག་ཕྲད་དེ་རྣམས་ཀྱི་སྒྲ་ཡི་སྦྱོར་ཚུལ་དང་།
དོན་གྱི་འཇུག་ཡུལ་སོགས་དཔེ་དང་བཅས་པ་གསལ་སྟོན་གནང་སྟེ།
ཚིག་ཕྲད་རྒྱས་པར་བཤད་པའོ།། ཞེས་དོན་ཚན་གཉིས་པའི་ནང་བསྡུས་ཡོད། འདི་ལས་འཕྲོས་ཏེ་གླེང་ན། སུམ་རྟགས་ཐོན་མིས་བརྩམས་མེད་པའི་དབང་དུ་བཏང་ན།
རྔོག་ལོའི་དག་ཡིག་འདི་ཉིད་ནི་བོད་ཀྱི་ཚིག་ཕྲད་ཀྱི་སྒྲ་སྦྱོར་གྱི་གསལ་ཁ་སྟོན་པའི་གཞུང་ཐོག་མ་དེ་ཡིན་ཞེས་བརྗོད་ཆོག་སྙམ་སྟེ་རྨོངས་འཆར་ཙམ་མོ།།
དེ་ནས་འཕུལ་ཡིག་དང་མཐའ་རྟེན་རྣམ་པར་ཕྱེ་ནས་བསྟན་པ་ཞེས་པའི་དོན་ཚན་གསུམ་པ་དང་།
དམིགས་བསལ་གྱི་སྒོ་ནས་འདྲའོ་སྙམ་པ་རྣམས་མི་འདྲ་བར་སོ་སོར་དབྱེ་བ་ཞེས་པའི་དོན་ཚན་བཞི་པའི་ནང་གཙོ་ཆེར་སྒྲ་འདྲ་བའི་མིང་ཚིག་ཁག་སོ་སོར་འབྱེད་པའི་དག་ཡིག་གི་གཞུང་དེ་ཡིན།
དེའི་ནང་། གཙོ་ཆེར་མགོ་ཅན་ཕན་ཚུན་ནོར་བ་དང་། སྔོན་འཇུག་ཕན་ཚུན་ནོར་སྲིད་པ་རྣམས་སོ་སོར་འབྱེད་པའི་རྣམ་དབྱེ་ཕྱེ་ཡོད་པས།
སྐབས་དེ་དུས་ནས་མགོ་ཅན་རྣམས་ཀྱི་ཀློག་སྟངས་ཅུང་ཙམ་ཉམས་པ་དང་།
སྔོན་འཇུག་གི་སྒྲ་ཡང་གསལ་པོར་འདོན་གྱི་མེད་པ་ཤེས་ཐུབ།
དེའི་ནང་དུ་ཡང་འཇུག་ཡོད་མེད་ཀྱི་རྣམ་དབྱེ་སྟོན་པའི་དག་ཡིག་གཅིག་ཀྱང་མི་འདུག་པས།
དེའི་སྐབས་ཡང་འཇུག་གི་སྒྲ་དག་པོར་ཀློག་གི་ཡོད་པའི་ཚོད་དཔག་བྱེད་ཆོག་སྟེ།
རྔོག་ལོ་ནས་ལོ་ཉིས་བརྒྱ་ཙམ་གྱི་རྗེས་སུའང་འགྲོ་མགོན་འཕགས་པ་ལ།
འཕགས་སི་པ། ཞེས་སྒྲ་འདོན་གྱི་ཡོད་པ་ལོ་རྒྱུས་ལས་འབྱུང་བས་སོ།། དེས་ན།
སྐད་ཡིག་ཞིབ་འཇུག་གནང་མཁན་ཞིག་ཡིན་ཚེ། དག་ཡིག་འདི་ལ་ཐུགས་སྣང་མི་གནང་བར་འཇོག་ཐབས་གཏན་ནས་མེད།
v ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
སློབ་དཔོན་བསོད་ནམས་རྩེ་མོ།(༡༡༤༢-༡༡༨༢)
སློབ་དཔོན་བསོད་ནམས་རྩེ་མོ་ནི།
ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་ཞིག་ཡིན་ཞིང་།
ཕྱི་ལོ་༡༡༤༢ ལོར་དཔལ་ལྡན་ས་སྐྱར་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང༌།
ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
དགུང་ལོ་ཞེ་གཅིག་པ། ཕྱི་ལོ་༡༡༨༢ ལོར་རྒྱ་གར་མ་ག་དྷར་སྐུ་གཤེགས། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་གཉིས་པ་ཡིན།
སློབ་མ་གྲགས་ཆེ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང༌།
ཞུ་བྱས་དངོས་གྲུབ། རྨོག་སྟོན་བཅས་ཡིན། གསུང་རྩོམ་ནི། བརྟག་གཉིས་རྣམ་བཤད་ཉི་མའི་འོད་ཟེར་དང༌།
རྒྱུད་ཀྱི་བསྡུས་དོན། འཕགས་པ་དོན་ཡོད་ཞགས་པའི་ལོ་རྒྱུས། རྗེ་ས་ཆེན་ལ་བསྟོད་པ་བཅས་པོ་ཏི་གསུམ་སྡེ་དགེ་པར་ཁང་དུ་དཔར་ཡོད་དོ།
།
ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་པའི་གཞུང་འདིར།
རྩ་བའི་ས་བཅད་གསུམ་གྱི་སྟེང་ནས་བཤད་ཡོད་ཅིང་།
དང་པོ།
ཡི་གེའི་བྱེ་བྲག་དང་དབྱེ་བསྡུ་བསྟན་པ།ས་བཅད་དང་པོའི་ནང་སྔོན་རྗེས་མིང་གསུམ་གྱི་ཡི་གེརྐྱང་འདོགས་བརྩེགས་གསུམ་གྱི་ཡི་གེ་གང་འཐོབ་ངོས་འཛིན་གནང་ཡོད་པས།
རྐྱང་འདོགས་བརྩེགས་གསུམ་གྱི་རྣམ་གཞག་གསལ་སྟོན་གནང་མཁན་ཐོག་མ་དེ་འདི་ཡིན་ཤས་ཆེ།
གཉིས་པ།
ཡི་གེའི་འབྱུང་གནས་དང་འབྱིན་ཐབས། བཀླག་ཐབས་བསྟན་པ།ས་བཅད་གཉིས་པའི་ནང་ཡི་གེ་སོ་སོའི་སྐྱེ་གནས་འབྱུང་གནས་ཀྱི་རྣམ་གཞག་དང་།
སྒྲ་དེ་རྣམས་ཇི་ལྟར་འདོན་པའི་ཚུལ་གསལ་སྟོན་གནང་ཡོད།
གསུམ་པ་རྒྱ་གར་གྱི་སྐད་དང་སྔགས་ཀྱི་བཀླག་ཐབས་བསྟན་པ།ས་བཅད་གསུམ་པའི་ནང་སྔགས་སོགས་ཀློག་ཚུལ་གྱི་རྣམ་གཞག་གསལ་སྟོན་གནང་ཡོད།
འདི་དག་ཡིག་གི་གཞུང་གཞན་དང་མཚུངས་པ་ཞིག་མིན་ཡང་།
འདིའི་ནང་རྐྱང་འདོགས་བརྩེགས་གསུམ་གྱི་རྣམ་གཞག་སྟོན་པའི་ཆ་ནས་དག་ཡིག་གི་གཞུང་དུ་བགྲངས་སོ།།
v དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།
ས་པཎ་ཀུན་དགའ་རྒྱལ་མཚན།(༡༡༨༢-༡༢༥༡)
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།
ཕྱི་ལོ་༡༡༨༢ ལོར་འཁོན་གྱི་གདུང་རྒྱུད་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་
དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ལ་སྲས་ཆེ་ཆུང་གཉིས་འཁྲུངས་པའི་ནང་ནས་ཆེ་བ་ཡིན།
ཕྱི་ལོ་༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེར་སྐུ་གཤེགས།
གསུང་རྩོམ་ལ་སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིགས་གཏེར། མཁས་འཇུགལེགས་བཤད་རིན་པོ་ཆེའི་གཏེར་སོགས་བརྡ་སྤྲོད་པའི་གཞུང་མང་དུ་བརྩམས།
དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཞེས་པའི་གཞུང་འདི་ནི།
གཙོ་བོར་སྒྲ་འདྲ་བ་རྣམས་ཕན་ཚུན་མ་ནོར་བའི་ཕྱིར་དུ་དེ་དག་སོ་སོར་འབྱེད་པའི་དག་ཡིག་གི་གཞུང་ཞིག་ཡིན་ལ།
ཉུང་ངུ་ཞིག་ལས་མེད་ཀྱང་། ཆུང་དུས་མི་མང་པོས་བློ་འཛིན་བྱེད་སྲོལ་མཆིས།
v དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ།
ས་པཎ་ཀུན་དགའ་རྒྱལ་མཚན།(༡༡༨༢-༡༢༥༡)
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།
ཕྱི་ལོ་༡༡༨༢ ལོར་འཁོན་གྱི་གདུང་རྒྱུད་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་
དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ལ་སྲས་ཆེ་ཆུང་གཉིས་འཁྲུངས་པའི་ནང་ནས་ཆེ་བ་ཡིན།
ཕྱི་ལོ་༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེར་སྐུ་གཤེགས།
གསུང་རྩོམ་ལ་སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིགས་གཏེར། མཁས་འཇུགལེགས་བཤད་རིན་པོ་ཆེའི་གཏེར་སོགས་བརྡ་སྤྲོད་པའི་གཞུང་མང་དུ་བརྩམས།
སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ་ནི་བསྡུས་པ་དེ་ལས་ཅུང་ཙམ་རྒྱས་པའི་ཁྱད་པར་ཙམ་ལས་གཞན་མ་མཆིས།
སྐབས་འདིར་ཤེས་དགོས་པ་ཞིག་ལ། སྔོན་གྱི་བརྡ་དག་གི་གཞུང་གང་གི་ནང་དུའང་ཡང་འཇུག་གི་རྣམ་གཞག་ཅིག་གཏན་ནས་མི་གསལ་བས།
ཡང་འཇུག་གི་རྣམ་རྣམ་གཞག་གསལ་བའི་གཞུང་ཆེས་ཐོག་མ་དེ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ་འདི་ཉིད་ཡིན་འོས་ཏེ།
དེའི་ནང་། །ད་ས་གཉིས་ནི་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང༌། །ས་ནི་ག་ང་བ་མར་ཐོབ། ། ཅེས་གསལ་བར་གསུངས་ཡོད།
v དག་ཡིག་ཉེར་མཁོ་བསྡུས་པ་ཡིད་བཞིན་ནོར་བུ།
ས་པཎ་ཀུན་དགའ་རྒྱལ་མཚན།(༡༡༨༢-༡༢༥༡)
ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།
ཕྱི་ལོ་༡༡༨༢ ལོར་འཁོན་གྱི་གདུང་རྒྱུད་ཡབ་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་
དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ལ་སྲས་ཆེ་ཆུང་གཉིས་འཁྲུངས་པའི་ནང་ནས་ཆེ་བ་ཡིན།
ཕྱི་ལོ་༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེར་སྐུ་གཤེགས།
གསུང་རྩོམ་ལ་སྡོམ་གསུམ་རབ་དབྱེ་དང༌། ཚད་མ་རིགས་གཏེར། མཁས་འཇུགལེགས་བཤད་རིན་པོ་ཆེའི་གཏེར་སོགས་བརྡ་སྤྲོད་པའི་གཞུང་མང་དུ་བརྩམས།
སྡེབ་སྦྱོར་ཡིད་བཞིན་ནོར་བུ་ཞེས་པའི་གཞུང་འདི་ཉིད།
རབ་བྱེད་དྲུག་གི་སྒོ་ནས་བཤད་ཡོད་ཅིང་། དེ་ཡང་། སྤྱིའི་སྡོམ་ཚིག་གསལ་བར་སྟོན་པའི་རབ་བྱེད་དང་པོ།
སྔོན་རྗེས་མིང་གསུམ་དང་རྐྱང་བརྩེགས་འདོགས་གསུམ་གྱི་རྣམ་གཞག་གསལ་བའི་གྲངས་ངེས་བསྟན་པའི་རབ་བྱེད་གཉིས་པ།
ཀ་སོགས་སུམ་ཅུའི་དག་ཡིག་ཅེས་གསལ་ཡང་། དེའི་སྐོར་བྲིས་མེད། ཚིག་ཕྲད་གསལ་བར་བྱེད་པའི་རབ་ཏུ་བྱེད་པ་བཞི་པ།
འཕུལ་ཡིག་མཐའ་རྟེན་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ལྔ་པ།
སྐབས་འདིར་ཡ་མཚན་པ་ཞིག་ལ་རབ་བྱེད་ལྔ་པའི་ལེ་ཚན་ཆ་ཚང་རྔོག་ལོ་ཆེན་པོའི་དག་ཡིག་ཉེར་མཁོ་བསྡུས་པའི་གཞུང་ཚན་ཆ་ཚང་ཆད་ལྷད་མེད་པར་བཤུས་པ་ཞིག་རེད་འདུག་ལ།
དེའི་ནང་རྔོག་ལོའི་གསུང་ལས་དྲངས་ཞེས་པའི་ཟུར་མཆན་ཙམ་ཡང་མི་འདུག་པས།
མཁས་པ་ཆེན་པོ་ས་པཎ་ལྟ་བུ་ཞིག་གིས་འདི་ལྟར་གནང་བ་དེ་ནི་ཁྱད་མཚར་ཞིག་མ་ཡིན་ནམ།
གཤམ་དུ་རྔོག་ལོ་ཆེན་པོའི་གསུང་དེ་དྲངས་ན།
ཚོགས་པས་ཚོམས་སུ་བྱོན་པ་ནི།
།ཕལ་པའི་ཆང་གིས་ཟིན་པ་(བཟི་བ་)ཡིན། །ཕུན་ཚོགས་ཕྲིན་ལས་རིམ་གྲོ་པ།
།སྐུ་ཁམས་ཁྲོས་དང་ཁྲོ་བ་དང༌། །ཕྲ་མ་འཁོན་འཛིན་ཅན་དང་ཕྲད། །ཕལ་ལ་ཕྲག་པར་ཕྱུང་བ་ཡི། །ཕྲད་པ་ཚོན་གྱིས་ཁ་བསྒྱུར་བ། །ཕྲ་མོ་ཕལ་ཆེར་ཁྲོན་པར་ལྷུང༌། །ཐུར་དུ་བབས་ཏེ་ཕྱིན་པ་ཡིས། །ཕྲན་ཚེགས་ཚོམས་(ཙམ་)ལས་མ་རྙེད་ཕམ།
།སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག །ཤོག་ཅིག་སྡོད་ཅིག་ཁ་ཅིག་ཟེར། །ཞེས་སོགས་རྣམས་ལ་འཕུལ་ཡིག་སྤང༌། །ལྷ་བཙུན་བཟའ་བཏུང་མེད་པ་དང༌། །ཆེ་བཙུན་ན་བཟའ་ཧྲུལ་བ་དང༌། །ལྷ་རྗེ་ང་རྒྱལ་ཆེ་བ་དང༌། །བྱ་རྒོད་རྡོ་རྗེ་བཅོམ་པ་རྣམས། །མེ་ཏོག་རྒྱ་མཚོར་ལྷུང་བ་འདྲ། །ཞེས་སོགས་མཐའ་རྟེན་མེད་ཕྱིར་སྤང༌། །བདུད་རྩི་ཐུགས་རྗེ་བྱང་ཆུབ་སོགས།། མཐའ་རྟེན་ཡོད་ཀྱང་ནོར་བས་སྤང༌། །ལྷ་རྫས་རྒྱ་ཆེར་དཔངས་མཐོ་སྟེ། །མྱང་འདས་ཐོབ་པའི་རྒྱུར་གྱུར་ནས། །ཕར་ཕྱིན་རྫོགས་ཏེ་ཉེར་ཞི་དང༌། །དབྱེར་མེད་སོགས་ལ་མཐའ་རྟེན་ནི། །ལྷུག་པའི་ཚེ་ན་མི་འཐོབ་ཀྱང༌། ། ཚིགས་བཅད་སྡེབ་སྦྱོར་དགོས་པའང་ཡོད། །ཏིང་ངེ་འཛིན་དང་འགྱུར་རོ་དང༌། །གཞོན་ནུ་ཆུང་ངུ་ཉུང་ངུ་སོགས། །ཕྱི་མའི་ཚིག་གི་ཤུགས་དག་གིས། །ཅུང་ཟད་ཕན་པས་ངེས་པར་སྦྱོར། །སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། །འཕུལ་ཡིག་དང་མཐའ་རྟེན་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།།
།། ཞེས་གསལ་ལོ།།
v བྱིས༌པ༌བདེ༌བླག༌ཏུ༌འཇུག༌པའི༌རྣམ༌བཤད།
ས༌སྐྱ༌པཎྜི༌ཏ༌ཀུན༌དགའ༌རྒྱལ༌མཚན།
ཆོས་སྲིད་ཟུང་འབྲེལ་དུས་སྐབས།
v བརྡ་ཡིག་བྱེ་བྲག་གསལ་བྱེད།
པཎ་ཆེན་ཤཱཀྱ་མཆོག་ལྡན།(༡༤༢༨-༡༥༠༧)
པཎ་ཆེན་ཤཱཀྱ་མཆོག་ལྡན་ནི།
གོ་ཤག་སྟག་གསུམ་ཞེས་ཡོངས་སུ་གྲགས་པའི་དཔལ་ལྡན་ས་སྐྱ་པའི་མཁས་པ་གྲགས་ཆེན་ཞིག་ཡིན།
ཁོང་ཕྱི་ལོ་༡༤༢༨ ལོར་གསང་ཕུའི་བར་ཚིགས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་སྐྱོར་མོ་ལུང་དུ་རོང་སྟོན་སྨྲ་བའི་སེང་གེ་ལས་རབ་ཏུ་བྱུང་ཞིང༌།
མཚན་ལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་གསོལ།
དགུང་ལོ་བཅུ་པར་ནཱ་ལེནྡྲར་ཕེབས་ཏེ་དགེ་ཚུལ་གྱི་སྡོམ་པ་བཞེས།
ཕྱི་ལོ་༡༥༠༧ ལོར་དགོངས་པ་གཞན་དོན་དུ་གཤེགས། ཁོང་གི་གསུང་རྩོམ་ནི། ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས།
རྣམ་རིག་ཊཱིཀ་ཆེན་གཉིས། ཕར་ཕྱིན་ཊཱིཀ་ལུང་སྙིང་སྤྱི་དོན་གསུམ། རྩ་འཇུག་ཊཱིཀ་སྟོང་ཐུན་ཆེན་མོ་གསུམ། འདུལ་བའི་བཀའ་འགྲེལ་ལས་བརྒྱ་ཊཱིཀ་དང༌། བདེ་གསང་རྣམ་བཤད་གསེར་ཐུར་ཆོས་ཚན་སོགས་རྩོམ་པའི་རྣམ་གྲངས་མང་དུ་མཛད་པ་བཅས་སོ།།
དག་ཡིག་གི་གཞུང་འདི་ནི་མི་འདྲ་བ་ཞིག་སྟེ།
གཞུང་འདིར་སྒྲ་འདྲ་བ་རྣམས་དམིགས་ཀྱིས་བསྒྲིགས་པ་ཞིག་མིན་པར་གཙོ་ཆེར་གོ་དཀའ་བའི་མིང་ཚིག་རྣམས་ལ་འགྲེལ་བཤད་ཚིགས་བཅད་ནང་བྲིས་པའི་དག་ཡིག་གི་གཞུང་ཞིག་ཡིན།
གཞུང་ཆེན་སློབ་གཉེར་བ་དང་། ཉམས་ཞིབ་པ་དག་གིས་དག་ཡིག་འདི་ཉིད་ལྟ་ཀློག་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ་སྟེ།
དཔེར་མཚོན་ཞིག་དྲངས་ན། བཀད་ས་ཞེས་པ་ཟས་ཀྱི་ནི། །གཡོས་ཁང་མིང་ཡིན་བཀོན་པ་ནི། །ཞེ་སྡང་བ་ཡི་མིང་ཡིན་ནོ། ། ཞེས་གནད་ཆེ་བའི་མིང་ཚིག་ཁག་ལ་འགྲེལ་བཤད་འོས་འཚམས་རེ་ཡོད་པས།
ལྟ་ཀློག་བྱེད་རྒྱུ་ཧ་ཅང་གལ་ཆེ།
v བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རེན་པོ་ཆེའི་ཟ་མ་ཏོག་བཀོད་པ།
ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།(༡༤༤༡-༡༥༢༧)
ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ནི།
རབ་བྱུང་བདུན་པའི་ལྕགས་མོ་བྱ་ཕྱི་ལོ་༡༤༤༡
ལོར་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བར་འགོས་ཀྱི་རིགས་སུ་ཡབ་བསམ་འགྲུབ་དཔལ་བཟང་དང༌།
ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
ཕྱི་ལོ་༡༥༢༧ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི་ཆོས་ཚན་བཞི་བཅུ་ཞེ་གཉིས་བཞུགས་སོ།
ལེགས་བཤད་རིན་པོ་ཆེའི་ཟ་མ་ཏོག་ཅེས་པའི་གཞུང་འདི་རྣམ་བཅད་བདུན་གྱི་སྒོ་ནས་བཤད་ཡོད་ཅིང།
དེ་ཡང་། རྐྱང་པའི་བརྡ་བྱེ་བྲག་ཏུ་བཤད་པའི་རྣམ་བཅད་དང་པོ།
སྔོན་འཇུག་བ་ཡིག་གི་འཇུག་པ་བྱེ་བྲག་ཏུ་བཤད་པའི་རྣམ་བཅད་གཉིས་པ།
སྔོན་འཇུག་ག་དང་ད་ཡིག་གི་འཇུག་པ་བྱེ་བྲག་ཏུ་བཤད་པའི་རྣམ་བཅད་གསུམ་པ།
སྔོན་འཇུག་འ་ཡིག་གི་འཇུག་ཚུལ་བྱེ་བྲག་ཏུ་དཔྱད་པའི་རྣམ་བཅད་བཞི་པ།
སྔོན་འཇུག་མ་ཡིག་གི་འཇུག་པ་བྱེ་བྲག་ཏུ་དཔྱད་པའི་རྣམ་བཅད་ལྔ་པ།
མགོ་ཅན་གྱི་བརྡའི་བྱེ་བྲག་ཏུ་དཔྱད་པའི་རྣམ་བཅད་དྲུག་པ།
སྔ་མའི་མིང་ཤུགས་ཀྱིས་ཕྱི་མ་ཇི་ལྟར་ཐོབ་ཚུལ་སོགས་གཅེས་པ་སྣ་ཚོགས་པ་ཐུན་མོང་དུ་དཔྱད་པའི་རྣམ་བཅད་བདུན་པ་བཅས་ཀྱི་སྒོ་ནས་བཤད་ཡོད།
v བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་།
སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས།(དུས་རབས་བཅོ་ལྔ་པ། )
སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ནི་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཏུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན།
ཞ་ལུ་ཆོས་སྐྱོང་བཟང་པོ་(༡༤༤༡ – ༡༥༢༧)བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས་མཁས་པ་ཆེན་པོར་གྱུར།
ཁོང་གི་གསུང་རྩོམ་ནི་《མངོན་བརྗོད་ཉེར་མཁོ་བསྡུས་པ་》དང། བསྒྱུར་རྩོམ་ནི་《བསྟན་འགྱུར་ལས་ཙན་དྲ་པའི་ཡི་གེའི་འགྲེལ་པ་》བཅས་བཞུགས།
སྤྱི་ཚོགས་ཚན་རིག་ཁང་མི་རིགས་བརྟག་དཔྱད་ཁང་གི་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་གནང་མཛད་ཡོད།
དག་ཡིག་ལི་ཤིའི་གུར་ཁང་ནི།
བོད་ཀྱི་བརྡ་རྙིང་ཁག་གི་འགྲེལ་བཤད་ཚིག་ལྷུག་ཏུ་བྲིས་པའི་དག་ཡིག་གི་གཞུང་ཞིག་ཡིན་ལ།
ལོ་རྒྱུས་རྙིང་པ་ཁག་དང་། གསུང་རབ་རྙིང་པ་ཁག་ལ་ཉམས་ཞིབ་གནང་མཁན་ཞིག་ཡིན་ཕྱིན་དག་ཡིག་འདི་ཉིད་མ་བལྟས་ཐབས་མེད་ཡིན།
གཞུང་འདིར་གསལ་བའི་བརྡ་རྙིང་ཁག་གི་འགྲེལ་བཤད་དཔེ་མཚོན་ཞིག་དྲངས་ན།
གཏིང་ཕྱིན་པ་ནི་དཔྱིས་ཕྱིན་པ། བྲོ་ནི་མནའ། ཆང་ཁྱུ་ནི་ཚོགས་པ༑ སྤ་ལོ་ནི་སྤོབས་པ། ཐ་རམ་ནི་ངན་པ། བརྙང་བ་ནི་འཁྲུ་བ། དབྱེ་ནི་ཐང༌། བསྙིལ་བ་ནི་དོར་བའམ་ཕྱིར་བསྐྲད་པ། ལག་པ་བསྙལ་བ་ནི་ལག་པ་བཀྲུས་པ། མཐོང་ག་ནི་བྲང༌། ཞེས་པ་ལྟ་བུ་ཤ་སྟག་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་པས།
དེང་རབས་ཉམས་ཞིབ་པ་རྣམས་ལ་ཧ་ཅང་མཁོ་བའི་དག་ཡིག་གི་གཞུང་ཞིག་ཡིན།
v བོད་ཀྱི་བརྡ་སྤྲོད་ངག་སྒྲོན་གྱི་རྩ་བ།
དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ།(༡༤༥༦-?)
དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་ནི།
རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་ཕྱི་ལོ་༡༤༥༦ལོར་བོད་ཡུལ་གཙང་གི་བཞད་མཐོང་སྨོན་རྫོང་གི་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས།
ཕྱི་ལོ་༡༥༣༨ ལོར་《བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་》དང༌།
རབ་བྱུང་དགུ་པའི་ཆུ་ཡོས་ཕྱི་ལོ་༡༥༤༣ ལོར་《ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ཤེས་》བརྩམས་སོ།
།
དག་ཡིག་ངག་སྒྲོན་ནི།
ཀ་ནས་ཨ་བར་གྱི་མིང་ཚིག་གལ་ཆེ་བ་རྣམས་རིམ་བཞིན་བསྒྲིགས་པའི་དག་ཡིག་གི་གཞུང་ཞིག་ཡིན་ལ།
མིང་ཚིག་ཕལ་མོ་ཆེ་གསུང་རབ་ལས་བཏུས་པ་ཡིན་པས།
གཞུང་ཆེན་སློབ་གཉེར་བ་རྣམས་གཟིགས་གལ་ཆེ།
v བོད་ཀྱི་བརྡའི་རྣམ་གཞག་ཉུང་ངུར་བསྡུས་པ་སྨྲ་བའི་སྒྲོན་མེ།
བྲ་ཏི་རིན་ཆེན་དོན་གྲུབ།(དུས་རབས་བཅུ་བདུན་པ།)
བྲ་ཏི་རིན་ཆེན་དོན་གྲུབ་ནི་ཕྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས།
དགུང་ལོ་གཞོན་ནུའི་དུས་ནས་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད་དེ་དགེ་བཤེས་ཀྱི་མཚན་རྟགས་བཞེས། ཁོང་གི་གསུང་རྩོམ་པོད་གཅིག་བཞུགས་སོ།
།
དག་ཡིག་སྨྲ་བའི་སྒྲོན་མེ་ནི།
ཀ་ནས་ཨའི་བར་གྱི་མིང་ཚིག་གལ་ཆེན་རྣམས་ཕྱོགས་བསྒྲིགས་བགྱིས་པའི་ཚིགས་བཅད་ཀྱི་དག་ཡིག་ཅིག་ཡིན།
v དག་ཡིག་མཁས་པ་དགའ་སྐྱེད།
དབྱངས་ཅན་རོལ་པའི་འོ་མཚོ།(?བིས་པ་མི་ཕམ་ཟླ་བ)
དབྱངས་ཅན་རོལ་པའི་འོ་མཚོར་འབོད་པ་ཞེས་པ་ཙམ་ལས་མཚན་དངོས་རྒྱས་པར་མི་གསལ་བས་མཚམས་སྦྱོར་རྒྱས་ཙམ་བྱེད་ཐབས་མ་བྱུང༌།
《དག་ཡིག་མཁས་པ་དགའ་སྐྱེད་》ནི་བོད་རབ་བྱུང་བཅུ་གཉིས་པའི་མོས་ལྡན་ཞེས་པ་ས་མོ་ཡོས་ལོ་སྟེ།
ཕྱི་ལོ་༡༦༩༩ བོད་ཟླ་༢ པའི་ཚེས་༢༢ ཉིན་མཛད་པ་ཞིག་ཡིན་ལ། ཁོང་རང་ཉིད་ཀྱིས་རང་འགྲེལ་ཞིག་བརྩམས་པའི་རྩ་འགྲེལ་གཉིས་ཀ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༡
ལོའི་ཟླ་༦ པར་དཔར་ཐེངས་དང་པོ་པར་དུ་བཏབ།
དག་ཡིག་མཁས་པ་དགའ་སྐྱེད་འདི་ནི།
ད་ནི་འཕུལ་དང་མཐའ་རྟེན་མགོ །མེད་ལ་སྦྱོར་དང་ཡོད་ལ་སྤོང༌། །གདམ་ང་ཅན་ལ་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད།། ཅེས་གསལ་བ་ལྟར། དོན་ཚན་མི་འདྲ་བ་ཁ་ཤས་ཀྱི་སྒོ་ནས་འཕུལ་ཚིག་ཕན་ཚུན་ནོར་སྲིད་པ།
གདམ་ག་ཅན། མཐའ་རྟེན་ཡོད་མེད་ཀྱི་ཁྱད་པར་འབྱེད་པའི་དག་ཡིག་གི་གཞུང་གལ་ཆེན་ཞིག་ཡིན།
v དག་ཡིག་ཚིག་གསལ་སྒྲོན་མེ།
ཅོ་ནེ་གྲགས་པ་བཤད་སྒྲུབ།(༡༦༧༥-༡༧༤༩)
ཅོ་ནེ་གྲགས་པ་བཤད་སྒྲུབ་ནི།
མདོ་སྨད་ཅོ་ནེ་དཔོན་གྱི་མངའ་འོག་ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ་རབ་སོ་ཞེས་པར་ཡབ་གཟུངས་འབུམ་སྐྱབས་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་
བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་༡༦༧༥ ལོར་འཁྲུངས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་༡༧༤༩
ལོར་སྐུ་མྱ་ངན་ལས་འདས་པ་བཅས་སོ། །
དག་ཡིག་ཚིག་གསལ་སྒྲོན་མེད་འདི་ཉིད།
ལེའུ་བཞིའི་སྟེང་ནས་བཤད་ཡོད་ཅིང་། དེ་ཡང་། ཡི་གེའི་དབྱེ་བ་སྤྱིར་བསྟན་པའི་ལེའུ་དང་པོ།
ཡི་གེའི་སྦྱོར་བ་རྒྱས་པར་བཤད་པའི་ལེའུ་གཉིས་པ།
རྣམ་དབྱེ་ཚིག་ཕྲད་བཤད་པའི་ལེའུ་གསུམ་པ།
ཡི་གེའི་དག་ཆ་སོགས་འཁྲུལ་སེལ་བཤད་པའི་ལེའུ་བཞི་པ་བཅས་ཀྱི་སྒོ་ནས་བཤད་ཡོད། དཔེ་མཚོན་ཞིག་དྲངས་ན།
ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་ཆོམ་རྐུན་དང༌། །ཆོ་ག་སོགས་ལ་ས་མཐའ་ནོར། ། ལྟ་བུས་མཚོན་རྒྱུན་ལྡན་ཡིག་ནོར་འབྱུང་ཉེན་ཆེ་བའི་རིགས་ཀྱི་འཁྲུལ་སེལ་ཀེ་ཏ་ཀའི་ནོར་བུ་ཞིག་རེད་འདུག་སྙམ།
v དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།
ཅོ་ནེ་གྲགས་པ་བཤད་སྒྲུབ།(༡༦༧༥-༡༧༤༩)
ཅོ་ནེ་གྲགས་པ་བཤད་སྒྲུབ་ནི།
མདོ་སྨད་ཅོ་ནེ་དཔོན་གྱི་མངའ་འོག་ཐུའུ་ཇུའི་ཡུལ་གྱི་བྱེ་བྲག་གཡོ་སའམ་རབ་སོ་ཞེས་པར་ཡབ་གཟུངས་འབུམ་སྐྱབས་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་
བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་༡༦༧༥ ལོར་འཁྲུངས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་༡༧༤༩
ལོར་སྐུ་མྱ་ངན་ལས་འདས་པ་བཅས་སོ། །
དག་ཡིག་བློ་གསར་གཞོན་ནུ་དགའ་སྐྱེད་ཅེས་པ་འདི་ནི།
གཙོ་ཆེར་སྒྲ་འདྲ་བ་རྣམས་ཕན་ཚུན་མ་ནོར་བའི་དོན་དུ་སོ་སོར་འབྱེད་པའི་ཚིགས་བཅད་ཀྱི་དག་ཡིག་ཅིག་ཡིན།
v དག་ཡིག་མཁས་པའི་འབྱུང་གནས་ལས་བརྡ་གསར་རྙིང་གི་སྐོར།
ལྕང་སྐྱ་རོལ་པའི་རྡོ་རྗེ།(༡༧༢༠-༡༧༨༦)
ལྕང་སྐྱ་རོལ་པའི་རྡོ་རྗེའམ་ཡེ་ཤེས་བསྟན་པའི་སྒྲོན་མེ་མཆོག་ནི།
ཕྱི་ལོ་༡༧༡༧ ལོར་སྐུ་བལྟམས། ཕྱི་ལོ་༡༧༨༦ ལོར་གཤེགས། གསུང་རྩོམ་ལ་ཡང༌།
འདིར་བཀོད་པའི་དག་ཡིག་མཁས་པའི་འབྱུང་གནས་དང༌།
གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།
བྱང་ཆུབ་ལམ་གྱི་སྒྲོན་མའི་ས་བཅད། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཤད་པ་ཐེག་ཆེན་འཇུག་སྒོ།
གསང་འདུས་བསྙེན་ཡིག་དངོས་གྲུབ་བདུད་རྩིའི་བུམ་བཟང༌།
༸རྒྱལ་དབང་ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་སོགས་ཚད་ལྡན་གྱི་བསྟན་བཅོས་གླེགས་བམ་ཆེ་བ་པོད་དགུར་ལོངས་པའི་ཕྱག་རྗེས་བསམ་མི་ཁྱབ་པ་མཛད་དོ།།
དག་ཡིག་མཁས་པའི་འབྱུང་གནས་འདི་ནི།
དག་ཡིག་ལི་ཤིའི་གུར་ཁང་དང་འདྲ་བར་བརྡ་རྙིང་གི་ཐ་སྙད་རྣམས་ལ་འགྲེལ་བཤད་སྟབས་བདེ་རེ་ཚིག་ལྷུག་ཏུ་བྲིས་པའི་དག་ཡིག་གི་གཞུང་གལ་ཆེན་ཞིག་ཡིན།
དཔེ་མཚོན་ཞིག་དྲངས་ན། གཟོན་པ་ནི་མི་ཉན་པ། འཆབ་པ་ནི་གསང་བའམ་སྦེད་པ། བཅབས་པ་ནི་སྦས་པ། འཛན་དཀའ་ནི་སྦྱོར་དཀའ། འཁུ་བ་ནི་ཞེ་སྡང་བའམ་ལོག་པ༑ བཅིལ་བ་ནི་བཅོམ་པ། གྱ་ཙོམ་པ་ནི་མ་བརྟགས་པ། རྣ་བླགས་ནི་རྣ་གཏད། ཐ་ཆད་ནི་ངན་པ། ཆ་བ་ནི་སྐེག་པ། གཟན་པ་ནི་གསན་པ། སྩེལ་བ་ནི་སེལ་བ། འཕྱེ་བ་ནི་འགྲོ་བ། སྨྲེང་ཚིག་ནི་གསང་ཚིགལྟ་བུས་མཚོན་ནོ།།
v ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ།
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། (༡༧༤༠ – ༡༨༢༧)
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི།
མདོ་སྨད་ཕྱག་རྡོ་ཐང་གི་ཨ་ཀྱཱ་སྡེ་ཞེས་བྱ་བའི་ཡབ་ལོ་ལོ་དང་ཡུམ་འབའ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་ཕྱི་ལོ་༡༧༤༠
ལོར་སྐུ་འཁྲུངས། ཕྱི་ལོ་༡༨༢༧ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཁོང་གི་བཀའ་རྩོམ་ནི།
མཁས་པ་དང་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པདྨ་དཀར་པོའི་ཆུན་པོའི་འགྲེལ་པ་ཉི་མའི་འོད་ཟེར།
ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་རྒྱན།
འདུལ་བའི་སྡོམ་ཚིག་གནད་བསྡུས་ནོར་བུའི་ཕྲེང་བ།
སྙན་ངག་གི་བསྟན་བཅོས་མུ་ཏིག་ཕྲེང་བ། སྡེབ་སྦྱོར་རིན་འབྱུང་གི་གནད་དོན་གསལ་བའི་མེ་ལོང༌།
རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག་སོགས་ཆོས་ཚན་ལྔ་བཅུ་ཐམ་པ་པོད་འབྲིང་གཉིས་ལྷག་བཞུགས་པ་བཅས་སོ།
།
ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་ཞེས་པ་འདི་ནི།
ཚིག་ཕྲད་ཀྱི་རྣམ་གཞག་སྟོན་པའི་གཞུང་ཞིག་ལས་དག་ཡིག་གི་གཞུང་ཞིག་མིན་མོད་ཀྱང་།
དག་ཡིག་གི་གཞུང་ཕྱོགས་བསྒྲིགས་ཁ་ཤས་སུ་འདི་བགྲང་དོན་ཅི་ཡིན་མ་ཤེས་སོ།།
v ས་སྐྱ་ལེགས་བཤད་ཀྱི་བརྡ་དོན་འགའ་ཞིག
ཨ༌ཀྱཱ༌ཡོངས༌འཛིན༌བློ༌བཟང༌དོན༌གྲུབ།
རྒྱ་ཡེ་བཀྲ་བྷོ། ཕྱོགས་སྒྲིག་པ། ལེགས་བཤད་ཟླ་བའི་སྣང་བ། བོད། མི་རིགས་དཔེ་སྐྲུན་ཁང༌། 2006
v ཤིང་གི་བསྟན་བཅོས་ཀྱི་བརྡ་དོན་འགའ་ཞིག
ཨ༌ཀྱཱ༌ཡོངས༌འཛིན༌བློ༌བཟང༌དོན༌གྲུབ། རྒྱ་ཡེ་བཀྲ་བྷོ།
ཕྱོགས་སྒྲིག་པ། ལེགས་བཤད་ཟླ་བའི་སྣང་བ། བོད། མི་རིགས་དཔེ་སྐྲུན་ཁང༌། 2006
v ཆུའི་བསྟན་བཅོས་ཀྱི་བརྡ་དོན་འགའ་ཞིག
ཨ༌ཀྱཱ༌ཡོངས༌འཛིན༌བློ༌བཟང༌དོན༌གྲུབ། རྒྱ་ཡེ་བཀྲ་བྷོ།
ཕྱོགས་སྒྲིག་པ། ལེགས་བཤད་ཟླ་བའི་སྣང་བ། བོད། མི་རིགས་དཔེ་སྐྲུན་ཁང༌། 2006
v དག་ཡིག་གཅེས་བཏུས་འཁྲུལ་སྤོང་ལེགས་བཤད་སྐྱ་རེངས་གསར་པ།
ཨ་ལག་ཤ་ངག་དབང་བསྟན་དར།(༡༧༥༩-?)
ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ་ཁོང་ནི་སོག་པོའི་ཡུལ་ཨ་ལག་ཤ་ཞེས་པའི་ས་ཆར་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་༡༧༥༩
ལོར་འཁྲུངས། པོ་ཏི་གཉིས་སུ་བསྡུས་ཏེ་སྐུ་འབུམ་བྱམས་པ་གླིང་དུ་པར་དུ་བརྐོས་ཡོད་འདུག
དག་ཡིག་འཁྲུལ་སྤོང་སྐྱ་རེངས་གསར་པ་ནི།
སྔོན་གྱི་གཞན་དང་མི་འདྲ་བའི་དག་ཡིག་དམིགས་བསལ་བ་ཞིག་སྟེ།
དེ་ཡང་ལེའུ་བཅུའི་ཐོག་ནས་བཤད་ཡོད། མགོ་ཅན་ལ་འཁྲུལ་བ་སྤོང་བའི་ལེའུ་དང་པོ།
འདོགས་ཅན་གྱི་འཁྲུལ་བ་སྤོང་བའི་ལེའུ་གཉིས་པ།
འཕུལ་ཅན་གྱི་འཁྲུལ་བ་སྤོང་བའི་ལེའུ་གསུམ་པ།
འཕུལ་ཡིག་ཕན་ཚུན་ལ་འཁྲུལ་བ་སྤོང་བའི་ལེའུ་བཞི་པ།
ས་མཐའ་ཡོད་མེད་ལ་འཁྲུལ་བ་སྤོང་བའི་ལེའུ་ལྔ་པ།
ས་མཐའི་ཡང་འཇུག་ལ་འཁྲུལ་བ་སྤོང་བའི་ལེའུ་དྲུག་པ།
དུས་གསུམ་གྱི་ཡང་འཇུག་ལ་འཁྲུལ་བ་སྤོང་བའི་ལེའུ་བདུན་པ།
གདམ་ང་ཅན་གྱི་རིགས་ལ་འཁྲུལ་བ་སྤོང་བའི་ལེའུ་བརྒྱད་པ།
མིང་གཅིག་དོན་དུ་མར་འཇུག་པར་དཔྱོད་པའི་ལེའུ་དགུ་པ།
མིང་དུ་མ་དོན་གཅིག་ལ་འཇུག་པ་དཔྱོད་པའི་ལེའུ་བཅུ་པ་བཅས་ཀྱི་སྒོ་ནས་བཤད་ཡོད། དག་ཡིག་གི་གཞུང་འདི་ནི་སློབ་གཉེར་སུས་ཀྱང་ལྟ་ཀློག་དང་སྦྱོང་བརྩོན་བྱེད་འོས་པའི་དག་ཡིག་ཅིག་ཡིན།
v ཆོས་ཀྱི་རྣམ་གྲངས།
དཀོན༌མཆོག༌འཇིགས༌མེད༌དབང༌པོ།
v བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང་།
དངུལ་ཆུ་ངག་དབང་རྡོ་རྗེ།(༡༧༢༠-༡༠༣)
དངུལ་ཆུ་ངག་དབང་རྡོ་རྗེ་ནི་ཕྱི་ལོ་༡༧༢༠
ལོར་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་སྐུ་འཁྲུངས།
ཕྱི་ལོ་༡༨༠༢ ལོར་དགུང་ལོ་བརྒྱད་ཅུ་གྱ་བཞི་པར་དགོངས་པ་གཞན་དོན་དུ་གཤེགས་སོ།
། ཁོང་གི་གསུང་རྩོམ་ནི་《འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ་》དང།
བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད།》《བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང་》བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོ་ཏི་གཅིག་བཞུགས་སོ།
།
v མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་དག་ཡིག་དང་བརྡ་གསར་རྙིང་།
རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།(༡༧༨༥-?)
ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་མ་ཕམ་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་༡༧༨༥
ལོར་མདོ་སྨད་རེབ་ཀོང་གསེར་མོ་ལྗོངས་སུ་སྐུ་བལྟམས་ནས་རིག་གནས་ཐོག་ཕྱག་རྗེས་རླབས་པོ་ཆེ་བཞག
v བོད་ཀྱི་བརྡ་ལ་བརྟེན་ནས་གསུང་རབ་ལ་འཇུག་པའི་སྒོ་ཤེས་བྱ་རབ་གསལ།
དཔའ་རིས་འཇིགས་མེད་དམ་ཆོས།(དུས་རབས་༡༨)
དཔའ་རིས་འཇིགས་མེད་དམ་ཆོས་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་དུ་སྐུ་འཁྲུངས་ཏེ། རིན་ཐང་བྲལ་བའི་གསུང་རྩོམ་མང་པོ་ཞིག་མི་ཡུལ་དུ་སྐྱེས་སུ་བཞག་གནང་ཡོད།
v བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད།
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ།(༡༨༠༩-༡༨༨༧)
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི། གཙང་གཡས་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འདབས་སྔོན་དུས་འཇད་ཅེས་པ་དང་རྗེས་སུ་བཞད་ཅེས་པའི་ཡུལ་དུ།
ཡབ་དྷརྨ་བྷ་དྲའི་གཅུང་བཀྲ་ཤིས་དང་ཡུམ་ཚེ་རིང་སྲིད་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཕྱི་ལོ་༡༨༠༩
ལོར་སྐུ་འཁྲུངས། ཕྱི་ལོ་༡༨༨༧ ལོར་སྐུ་གཤེགས། བཀའ་རྩོམ་ཡང་གསང་སྔགས་སྒྲུབ་ཐབས་སྐོར་དང༌།
ལེགས་བཤད་ལྗོན་དབང༌། དཀའ་གནད་གསལ་བའི་མེ་ལོང་སོགས་ཐུན་མོང་གི་རིག་གནས་སྙན་ངག་སུམ་རྟགས་སྐོར་སོགས་པོ་ཏི་གསུམ་ལྷག་མཛད་པ་བཅས་སོ།
།
v དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག
དགེ་འདུན་ཤེས་རབ།
རབ་འབྱམས་པ་དགེ་འདུན་ཤེས་རབ་ནི་མདོ་སྨད་སྦྲ་ནག་རྐང་ཚའི་ཡུལ་དུ་སྐུ་འཁྲུངས་ཀྱང་།
འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད་སྟབས་འགོད་ཐབས་མ་བྱུང།
v བརྡ་དག་རིན་ཆེན་གཏེར་ཁྱིམ།
སྦྲ་སར་ཀུན་བཟང་རྒྱལ་མཚན།
v སྒྲ་སྡེབ་སྣང་གསལ་སྒྲོན་མེ།
ཞུ་ཡས་མི་ཉི་མ་གྲགས་པ། ༡༨༥༣
v འཇུ་མི་ཕམ་པའི་ས་མཐའི་རྣམ་དབྱེ།
འཇུ་མི་ཕམ་པ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།(༡༨༤༦-༡༩༡༢)
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི།
ཁམས་སྡེ་དགེའི་ཉེ་འདབས་སུ་ཡ་ཆུ་དིང་ཆུང་གི་ས་ཆར་ཡབ་མགོན་པོ་དར་རྒྱས་དང༌།
ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ།
ཕྱི་ལོ་༡༨༤༦ ལོར་སྐུ་བལྟམས། ཕྱི་ལོ་༡༩༡༢ ལོར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
ཁོང་གི་བཀའ་རྩོམ་ནི། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས་》དང༌།
《དུས་འཁོར་འགྲེལ་ཆེན།》《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ།》《སྨན་ཕྲེང་བརྒྱ་རྩ།》《ཕྱི་རྒྱུད་རྩ་ཆུའི་འགྲེལ་པ།》《ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་》སོགས་ཐུན་མོང་གི་རིག་གནས་དང༌།
མདོ་རྒྱུད་བསྟན་བཅོས་སོགས་པོ་ཏི་སུམ་ཅུ་ལྷག་ཙམ་སྡེ་དགེའི་པར་ཁང་དུ་བཞུགས་ཡོད་དོ།
།
v སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།
དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ། (༡༨༩༠ – ༡༩༥༩)
དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་སྟག་ཕྱི་ལོ་༡༨༩༠
ལོར་མདོ་སྨད་རེབ་གོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས།
རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་ཕྱི་ལོ་༡༩༥༩
ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི། 《རྩོད་ཡིག་གསང་འཛིན་མཚོན་ཆའི་འཁོར་ལོ་》དང༌།
《སྙན་ངག་གི་གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད།》《སྒྲ་རིག་ནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།》《སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ།》《ཚུལ་གསུམ་ཁྱབ་སྒོ་ཁུག་མ་》སོགས་བཞུགས་སོ།
།
v བོད་ཀྱི་བརྡ་དག་ཀུན་བཏུས་ལས་གང་འདོད་བཀླགས་པས་གྲུབ་པ།
འབི་ལུང་བླ་མ་ངག་དབང་ཡོན་ཏན།
རྗེ་བཙུན་ངག་དབང་ཡོན་ཏན་གྱི་འཁྲུངས་ཡུལ་ནི།
དབུས་གཙང་རུ་བཞིར་གྲགས་པ་ལས་གཙང་གི་ས་ཆ་ཤངས་རྣམ་གླིང་རྫོང་གི་སྡེར་གཏོགས་པའི་ཤངས་ཕྱོགས་ཡུལ་དུ་རྟ་ནག་ཞི་བཟང་ཞེས་པའི་དུད་ཚང་ཞིག་ཏུ་དུས་རབས་བཅུ་དགུ་པའི་ནང་སྐུ་བལྟམས།
ཕྱི་ལོ་༡༩༤༧ ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའོ།
།
དུས་འགྱུར་རྗེས་ནས་ད་བར།
v བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོའི་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ཤེས་བྱའི་སྒོ་འབྱེད།
བདུད་འཇོམས་སྤྲུལ་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།(༡༩༠༤-༡༩༨༥)
ཕྱི་ལོ་༡༩༠༤
དབང་ཐང་འབྲུགབོད་ཟླ་དྲུག་པ་རེས་གཟའ་ཉི་མ།
ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ་སིན་དྷུའི་རྒྱ་མཚོར་རང་བྱུང་པདྨའི་སྡོང་པོར་རང་བྱོན་དུས་ཆེན་ཚེས་བཅུའི་ཉིན་འོད་ཟེར་བརྒྱད་པའི་ཟེར་འཕྲེང་ཐོག་མར་གནས་དེར་འགྱེད་པའི་སྐབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་བལྟམས།
གསུང་རྩོམ་ནི། ས་ཕོ་རྟ་ལོར་མཛད་པའི་《གངས་ཅན་བོད་ཆེན་པོའི་རྒྱལ་རབས་བསྡུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་》དང་།
དཔལ་ལྡན་མི་དབང་བཀའ་བློན་བཤད་སྒྲ་བས་བསྐུལ་མ་མཛད་པ་ལྟར་དགུང་ལོ་ཉེར་དགུ་སྟེ།
ཆུ་ཕོ་སྤྲེལ་ལོར་《བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོའི་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ཤེས་བྱའི་སྒོ་འབྱེད་》དང།
《དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན་》ཞེས་བྱ་བ་མཛད་པ་སོགས་རྒྱ་ཆེ་བའི་མཛད་པ་འཕྲིན་ལས་བསྐྱངས་ཀྱང་འདིར་རགས་བསྡུས་ཙམ་མོ།
། ཕྱི་ལོ་༡༩༨༥ ལོར་དགོངས་པ་གཞན་དོན་དུ་གཤེགས།
v དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན།
བདུད་འཇོམས་སྤྲུལ་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།(༡༩༠༤-༡༩༨༥)
v བོད་ཀྱི་བརྡ་དག་རིག་པའི་གནས་ལ་འཇུག་པའི་སྒོ།
ཚེ་ཏན་ཞབས་དྲུང་དབྱངས་ལྡན་རིག་པའི་འདོད་འཇོ།(༡༩༡༠-༡༩༨༥)
ཚེ་ཏན་ཞབས་དྲུང་ནི།
མདོ་སྨད་མཚོ་སྔོན་གྱི་རྨ་ཆུ་འགྲམ་དུ་གནས་པའི་ཞུན་ཧྭ་རྫོང་གི་རྒྱ་ནག་མཁར་མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི།
ཕྱི་ལོ་༡༩༡༠ ལོར་ཡབ་གཙང་ཙེའམ་བློ་བཟང་བཀྲ་ཤིས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས།
ཕྱི་ལོ་༡༩༨༥ ལོའི་ཟླ་༦ པའི་ཚེས་༣༠ ཉིན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
གསུང་འབུམ་པོད་བཅུ་གསུམ་དུ་བསྡུས་ནས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས།
v དག་ཡིག་གསལ་བའི་སྒྲོན་མེ།
རྩོམ་པ་པོ་མི་གསལ།
v བརྡ་གསར་རྙིང་གི་རྣམ་གཞག་ལེགས་པར་སྟོན་པ་གསར་བུའི་ཉེར་མཁོ།
རྗེ་དྲུང་ལྷུན་གྲུབ་བློ་ལྡན།
v སློབ་ཆུང་དག་ཡིག
བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ཁང་ནས་རྩོམ་སྒྲིག་བྱས།
v བོད་ཀྱི་བརྡ་དག་བྱིས་པའི་ལམ་མཁན།
བསྟན་འཛིན་རྣམ་རྒྱལ།(༡༩༣༣-༢༠༠༥)
ཞྭ་ནག་མཛོད་པ་བསྟན་འཛིན་རྣམ་རྒྱལ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་རྒྱུད་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཕྱི་ལོ་༡༩༣༣
བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཡི་ལོར་རྒུ་རུམ་ཁ་སྟོད་གྲོང་ཚོ།
སྣ་མཁར་ཤར་དུ་ཁང་གསར་ཞེས་པ་དཔལ་རྒྱལ་དབང་ྋཀརྨ་པ་སྐུ་ཕྲེང་བཅུ་བཞི་པའི་ཡབ་གཞིས་ཀྱི་སྐུ་རྒྱུད་དུ་འཁྲུངས།
ཕྱི་ལོ་༢༠༠༥ ལོའི་ཟླ་༦ པའི་ཚེས་༨ ཉིན་གྱི་དགོང་དྲོ་བལ་ཡུལ་དུ་སྐུ་ཞི་ལྷོད་ངང་དགོངས་པ་རྫོགས།
v དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།
དཔའ་རིས་སངས་རྒྱས། ད་ལྟ་བཞུགས་པ།
v བྱིས་པ་དག་ཡིག
རྩོམ་སྒྲིག་པ་མི་གསལ།
v ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས།
མགོན་པོ་དབང་རྒྱལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
v མདོ་རྒྱུད་བསྟན་བཅོས་ཀུན་ལས་བཏུས་པའི་ཆོས་ཀྱི་རྣམ་གྲངས་མུ་ཐི་ལའི་འཕྲེང་བ་བློ་གསལ་མགུལ་རྒྱན།
ཆོས་དཔལ་སྐལ་བཟང་འཕྲིན་ལས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༣
v གསེར་གྱི་སྦྲང་བུའི་མིང་ཚིག་མཆན་འགྲེལ་ནོར་བུའི་དོ་ཤལ།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
v དམ༌པའི༌ཆོས༌འདུལ༌བའི༌སྡེ༌སྣོད༌རྣམས༌ལས༌ཉེ༌བར༌མཁོ༌བ༌འགའ༌ཞིག༌དང༌མིང༌དོན༌བརྡ༌བཀྲོལ༌བཅས༌བཀོད༌པ༌འདུལ༌གཞུང༌རྒྱ༌མཚོར༌འཇུག༌པའི༌གྲུ༌གཟིངས།
རོང༌ཐ༌བློ༌བཟང༌དམ༌ཆོས༌རྒྱ༌མཚོ། རྗེ་བཙུན་བློ་བཟང་དམ་ཆོས་རྒྱ་མཚོའི་གསུང་འབུམ།
v བོད་གངས་ཅན་གྱི་གཙུག་ལག་གསལ་བར་བྱེད་པའི་མིང་དང་བརྡའི་བསྟན་བཅོས་ཐོན་མིའི་དགོངས་རྒྱན།
ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས།། བོད། མི་རིགས་དཔེ་སྐྲུན་ཁང༌། 2007
v དག་ཡིག་ཐོན་མིའི་དགོངས་རྒྱན་གྱི་ལྷན་ཐབས་མཛེས་པའི་རྒྱན།
ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོསབོད། མི་རིགས་དཔེ་སྐྲུན་ཁང༌། 2007
v སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།
ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ།
1284-1339 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2007
v བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ།
ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།
ཕྱོགས་སྒྲིག་པ། གསང་ཆེན་སྔ་འགྱུར་རྙིང་མ་པའི་གསུང་རབ་ཕྱོགས་བསྒྲིགས་དྲི་མེད་ལེགས་བཤད་ཀུན་འདུས་ནོར་བུའི་བང་མཛོད། [སྔ་འགྱུར་རྙིང་མ་པའི་གསུང་རབ།] བོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། 2007
v བོད༌ཡུལ༌གྱི༌བརྡའི༌སྐད༌ལས༌གྱུར༌པ༌རྣམས༌གཏན༌ལ༌ཕབ༌པ༌ལེགས༌པར༌སྦྱར༌བའི༌སྒྲ༌བསྒྱུར༌བསྟན༌བཅོས༌ལེ༌ཚན༌སུམ༌ཅུ༌པ།
དེའུ༌དམར༌དགེ༌བཤེས༌བསྟན༌འཛིན༌ཕུན༌ཚོགས། བཀྲིས༌ལྗོངས། གསུང༌རབ༌ཉམས༌གསོ༌རྒྱུན༌འཕེལ༌ཁང། 1973
v བོད༌གངས༌ཅན༌པའི༌གསོ༌པའི༌དཔལ༌ལྡན༌རྒྱུད༌བཞི༌སོགས༌ཀྱི༌བརྡ༌དང༌དཀའ༌གནད༌འགའ༌ཞིག༌བཀྲོལ༌བ༌སྔོན༌བྱོན༌མཁས༌པའི༌གསུང༌རྒྱུན༌གཡུ༌ཐོག༌དགོངས༌རྒྱན།
དབང༌འདུས། (པར༌ཐེངས༌དང༌པོ།) པོ༌ཅིང། མི༌རིགས༌དཔེ༌སྐྲུན༌ཁང་། 1982
v དག༌ཡིག༌ཐོན༌མིའི༌དགོངས༌རྒྱན།
ཚེ༌ཏན༌ཞབས༌དྲུང༌འཇིགས༌མེད༌རིགས༌པའི༌བློ༌གྲོས།
&བློ༌བཟང༌དང༌བྱམས༌ཆོས། ལྡི༌ལི༌གསར༌པ། བྱམས༌པ༌ཆོས༌རྒྱལ། 1969
v མཚན༌ཉིད༌རིག༌པའི༌མིང༌ཚིག༌འགྲེལ༌པ།
ཆོས༌འཛོམས།
སྒྱུར༌བ༌པོ། (པར༌ཐེངས༌དང༌པོ།) ལྷ༌ས། བོད༌ལྗོངས༌མི༌དམངས༌དཔེ༌སྐྲུན༌ཁང། 1082
v ཡི༌གེའི༌བརྗོད༌བྱར༌ཉེ༌བར༌མཁོ༌བའི༌ཚིག༌བསྡུས༌ཀུན༌གསལ༌མེ༌ལོང།
བློ༌བཟང༌ཐུབ༌བསྟན། 1993
v གསེར༌གྱི༌སྦྲམ༌བུའི༌མིང༌ཚིག༌མཆན༌འགྲེལ༌ནོར༌བུའི༌དོ༌ཤལ།
བླ༌བྲང༌སྒྲོལ༌མ༌སྐྱབས། ཕྱོགས༌སྒྲིག༌པ། བོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1997
v མདོ་རྒྱུད་བསྟན་བཅོས་ཀུན་ལས་བཏུས་པའི་ཆོས་ཀྱི་རྣམ་གྲངས་མུ་ཐི་ལའི་འཕྲེང་བ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།
ཆོས་དཔལ་སྐལ་བཟང་འཕྲིན་ལས། བོད། ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང།
v ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས།
མགོན་པོ་དབང་རྒྱལ། ཕྱོགས་སྒྲིག་པ། བོད། སི༌ཁྲོན༌མི༌རིགས༌དཔེ༌སྐྲུན༌ཁང། 2008
v སློབ་ཆུང་གི་བོད་ཀྱི་སྐད་ཡིག་བསླབ་གཞིའི་མིང་ཚིག་འགྲེལ་བཤད།
གཡང་འབུམ་དོན་གྲུབ། བོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2002
v དམའ་འབྲིང་གི་བོད་ཀྱི་སྐད་ཡིག་བསླབ་གཞིའི་མིང་ཚིག་འགྲེལ་བཤད།
པད་མ་རྡོ་རྗེ། བོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2002
v མཐོ་འབྲིང་གི་བོད་ཀྱི་སྐད་ཡིག་བསླབ་གཞིའི་མིང་ཚིག་འགྲེལ་བཤད།
ཚེ་བརྟན་རྒྱལ། བོད།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2002
v གསོ་རིག་རྒྱུད་བཞིའི་དཀའ་ཚིག་ཀུན་གྱི་འགྲེལ་པ་བློ་གསར་མགུལ་རྒྱན།
བཀྲ་ཤིས། བོད།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
v བོད་ཨིན་མཆན་འགྲེལ་གྱི་ཚན་རིག་བརྡ་ཆད།
རྒྱ་གར།
བོད་ཀྱི༌དཔེ༌མཛོད༌ཁང། 2012
v དག་གསར།
ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ཁང་། ཐཱའི༌ཝན།
ཚིག་མཛོད་ཁག་གི་འཕེལ་རིམ།
1) བརྡ་དག་མིང་ཚིག་གསལ་བ།སོག་པོ་དགེ་བཤེས་ཆོས་གྲགས།(པར༌ཐེངས༌དང༌པོ།) པེ༌ཅིང།. མི༌རིགས༌དཔེ༌སྐྲུན༌ཁང་།,
1957.--
2) དག་ཡིག་གསར་བསྒྲིགས།
དག་ཡིག་གསར་བསྒྲིགས་ཀྱི་པར་གྲངས་འབུམ་བདུན་ལས་བརྒལ་ཞིང་།
བོད་དུ་ཚོང་རྒྱུགས་ཆེ་བའི་དཔེ་དེབ་ཨང་དང་པོ་རུ་གྱུར་ཡོད།
དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་མཛད་མཁན་ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི་སྤྱི་ལོ1921ལོར་བོད་ཨ་མདོ་མཚོ་སྔོན་དཔའ་ལུང་རྫོང་བཱ་ཡན་མཚེའུ་མགུར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ10བར་མདོ་སྨད་དྷཱིཿཚ་དགོན་པར་རབ་ཏུ་བྱུང་སྟེ་དགོན་དེའི་ཆོས་སྒོར་ཞུགས།
དེ་ནས་རིམ་བཞིན་ཡི་གེ་སྦྱོར་ཀློག་དང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས་བརྩོན་རྒྱ་ཆེར་མཛད།
ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་ཡུན་རིང་མཛད་ཅིང་དགུང་ལོ30བར་དྷཱིཿཚ་དགོན་པའི་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས། སྤྱི་ལོ1953ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་གདན་ཞུས་ལྟར་ཕེབས་ཏེ་ལས་ཁུངས་དེར་ཕྱག་ལས་གནང་།
སྤྱི་ལོ1957ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་མི་རིགས་སློབ་གསོ་སྡེ་ཁག་གི་འགོ་གཙོ་གཞོན་པའི་འགན་བཞེས།སྤྱི་ལོ1962ལོར།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ནས་འགོ་གཙོ་གཞོན་པའི་འགན་བཞེས་ཤིང་།
བོད་ཡིག་རྩོམ་སྒྱུར་ཁང་གི་གཙོ་བདག་གི་འགན་ཡང་ཁུར།
སྤྱི་ལོ1973ལོ་ནས་བཟུང་སྟེ་དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་གི་མགོ་བརྩམས་ཏེ་ལོ་ངོ6རིང་ལ་འབད་བརྩོན་ནན་ཏན་བྱས་མཐར་སྤྱི་ལོ1979ལོའི་ལོ་སྟོད་དུ་དཔར་དུ་བསྐྲུན། གཞན་ད་དུང་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྐོར་ཐེངས་དང་པོ་རྩོམ་སྒྲིག་ལོ་ཙཱ་གནང་པ་དང་།
༼ཝང་རའོ་ཧྥེ་བཙོན་ཁང་དུ་ཡོད་པ་༽ཞེས་པ་བོད་དུ་བསྒྱུར།
༼མི་རོ་རྩེ་སྒྲུང་༽ འཚོལ་སྡུད་ལེགས་སྒྲིག་གནང་བ་དང་། ༼མའོ་ཙེ་ཏུང་གི་གསུང་བཏུས་༽ཆེན་མོ་པར་སྐྲུན་གྱི་ཞུས་ཆེན་པ་མཛད་པ་སོགས་བོད་ཀྱི་རིག་གནས་ཉག་ཕྲ་བའི་སྐབས་སུ་བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། དགོང་ལོ59བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས། (དྲ་བ་ལས་བཤུས།)
3) བོད་རྒྱ་ཚིག་མཛོད་ཆེན་མོ།
བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པ་བོད་ཡིག་དང་རྒྱ་ཡིག་གཉིས་གཞིར་བཞག
བོད་ཀྱི་རིག་པའི་གནས་རྣམས་འདུས་པའི་སྣ་འཛོམས་ཀྱི་རང་བཞིན་ལྡན་པའི་བོད་རྒྱའི་རྩ་འགྲེལ་གཉིས་ལྡན་གྱི་ཚིག་མཛོད་ཅིག་དང་།
རིག་གནས་ཀྱི་ཡོན་ཚད་འབྲིང་རིམ་ཡན་ཆད་ཀྱི་ཀློག་པ་པོ་རྣམས་ཀྱིས་བོད་ཡིག་གི་དཔེ་ཆ་ལྟ་བར་བཀོལ་བའི་སླད་དུ་བསྒྲིགས་པ་ཞིག་རེད།
ཚིག་མཛོད་འདིར་ཐ་སྙད་ལྔ་ཁྲི་སུམ་སྟོང་ལྷག་ཙམ་བསྡུས་ཡོད། མཇུག་གི་ཟུར་བཀོལ་དུ།
བྱ་ཚིག་གི་དུས་གསུམ་སྐུལ་ཚིག་བཅས་ཀྱི་རེའུ་མིག་དང་། ལོ་ཁམས་དྲུག་ཅུའི་རེའུ་མིག
བོད་ཀྱི་ལོ་རྒྱུས་འདས་པའི་ལོ་ཚིགས་༼སྤྱི་ལོ༦༡༧ ནས༡༩༤༩ བར༽དང་སྦྱར་ཏེ་བསྒྲིགས་པའི་རེའུ་མིག
པར་རིས༣༠༠ མ་ལོངས་ཙམ་བཅས་བཀོད་ཡོད།
ཐོག་མར་དེབ་སྟོད་སྨད་བར་གསུམ་དུ་ཕྱེ་ནས་དེབ་ཚད་༡༦ ཅན་དེ་སྤྱི་ལོ༡༩༨༥
ལོར་པེ་ཅིན་དུ་མི་རིག་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་སོ། །(དྲ་བ་ལས་བཤུས།)
4) དུང་དཀར་ཚིག་མཛོད་ཆེན་མོ།
དུང་དཀར་གྱི་ལམ་བུ་ནི་དུང་དཀར་ཚིག་མཛོད་ཆེན་མོ་རྩིས་འཁོར་ནང་ནང་འཇུག་བྱེད་རྒྱུ་དང་།
དུར་དཀར་ཚིག་མཛོད་ཆེན་མོའི་མིང་ཚིག་ཁྲི་ཁྲག་རྣམས་ཝེ་ཁེ་རིག་མཛོད་ནང་ཚིག་ཚན་གསར་བཟོ་བྱེད་རྒྱུའི་ལས་གཞི་ཆེན་པོ་ཞིག་རེད།
མིག་སྔར་ཚིག་མཛོད་ཡོངས་རྩིས་འཁོར་ནང་ནང་འཇུག་བྱས་ཟིན་པ་དང་།
ཞུ་དག་ཀྱང་ཐེངས་གཅིག་གཏོང་ཚར་ལ་ཉེ།
དང་ཐོག་གི་དུང་དཀར་ལམ་བུའི་ཚོགས་མི་ཁ་ཤས་ཞིག་གིས་མིང་ཚིག་མང་པོ་ཞིག་ཝེ་ཁེ་ནང་ཚིག་ཚན་བཟོས་ཟིན།
འོན་ཀྱང་ད་དུང་ཚིག་མཛོད་ནི་རྒྱ་མཚོ་ལྟ་བུ་ཞིག་ཡིན་པས་ད་དུང་མིང་ཚིག་མང་ཆེ་བ་ཝེ་ཁེ་ནང་ཚིག་ཚན་བཟོ་རྒྱུས་ལྷག་ཡོད།
ཡིན་ཡང་ང་ཚོས་མུ་མཐུད་འབད་པ་བྱེད་ཀྱི་ཡིན།(དྲ་བ་ལས་བཤུས།)
5) བོད་ཡིག་ཚིག་གཏེར་རྒྱ་མཚོ།
ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། པོད་སྟོད་བར་སྨད་གསུམ། ད་བར་གྱི་བོད་ཡིག་ཚིག་མཛོད་ལས་མིང་ཚིག་མང་ཤོས་དེ་ཡིན་ཞིང་།
ད་ལྟ་བསྐྱར་སྒྲིག་འགྲོ་བཞིན་པའི་སྒང་ལ་རེད་ཟེར།
6) བོན་གྱི་ཤེས་རིག་ཚིག་མཛོད།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
7) མདོ་ཀུན་ལས་བཏུས་པའི་ནང་དོན་རིག་པའི་ཚིག་མཛོད་མུ་ཏིག་ཕྲེང་བ།
རྩོམ་པ་པོ། ཕུར་བུ་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།
8) ཧི་མ་ལ་ཡའི་ཚིག་མཛོད།
9) སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
10) བྱ་ཚིག་ཚིག་མཛོད།
མི་རིགས་དཔེ་སྐྲུན་ཁང་།
11) བོད་ཀྱི་ཉེར་མཁོའི་ཟས་རིགས་ཚིག་མཛོད།
12) བརྡ་དཀྲོལ་གསེར་གྱི་མེ་ལོང་།
བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས།
མི་རིགས་དཔེ་སྐྲུན་ཁང་།
13) གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ།
14) བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།
15) བོད་ཡིག་བརྡ་རྙིང་ཚིག་མཛོད།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
16) དཔེ་ཆོས་རྣ་བའི་བདུད་རྩི།
དཔའ་རིས་སངས་རྒྱས།
17) བརྡ་རྙིང་ཚིག་མཛོད་གསར་བསྒྲིགས།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
18) དཔེ་ཆོས་ཚིག་མཛོད།
དཔའ་རིས་སངས་རྒྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
19) བོད་ཀྱི་གསོ་རིག་ཚིག་མཛོད་རབ་གསལ་མེ་ལོང་།
མི་རིགས་དཔེ་སྐྲུན་ཁང་།
20) བོད་ཀྱི་ཟློས་སྒྲའི་ཚིག་མཛོད།
མགོན་པོ་དབང་རྒྱལ།
21) བྱ་ཚིག་ཀུན་གསལ་མེ་ལོང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
22) དག་ཡིག་ཐོན་མིའི་དགོངས་རྒྱན།
ཚེ་ཏན་ཞབས་དྲུང་།
23) ཨ་མདོའི་ཁ་སྐད་ཚིག་མཛོད།
བོད་རྒྱ་དབྱིན་གསུམ་ཤན་སྦྱར། ༢༠༠༦ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
24) བྱ་ཚིག་ཀུན་གསལ་མེ་ལོང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཧྲི་ཞའོ་ལིས། སྐལ་བཟང་ལྷ་མོས་བསྒྲིགས། ༢༠༠༢
25) ཚིག་མཛོད་བརྡ་དག་ཀུན་གསལ་མེ་ལོང་།
བསོད་ནམས་རྒྱལ་མཚན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༠
26) གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ།
བདུད་འདུལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
27) བོད་ཡིག་གི་གྲངས་རིག་ཚིག་མཛོད།
བོད་རྒྱན་ཤན་སྦྱར།
རྒྱལ་ཚང་སྙིང་པོ་རྒྱལ། མཚོ་སྔོན་ཞིང་ཆེན་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐུན།
༡༩༩༩
28) ཚིག༌མཛོད༌བརྡ༌དག༌ཀུན༌གསལ༌མེ༌ལོང།
བསོད༌ནམས༌རྒྱལ༌མཚན། (པར༌ཐེངས༌དང༌པོ།) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1980
29) བོད༌རྒྱ༌སྐར༌རྩིས༌རིག༌པའི༌ཚིག༌མཛོད།
བསམ༌གྲུབ༌རྒྱ༌མཚོ། བོད། སི༌ཁྲོན༌མི༌རིགས༌དཔེ༌སྐྲུན༌ཁང། 1985
30)ཡུལ༌གངས༌ཅན༌པའ༌སྐད༌ཀྱི༌བརྡ༌ལས༌བརྩམས༌པའི༌མིང༌ཚིག༌གི༌གཟུགས༌སྣང༌འབུམ༌ཕྲག༌འཆར༌བའི༌ངོ༌མཚར༌འཕྲུལ༌གྱི༌མེ༌ལོང།
བྲག༌གཡབ༌བློ༌ལྡན༌ཤེས༌རབ། རྡ༌ས། བོད་ཀྱི༌དཔེ༌མཛོད༌ཁང།
31) སྨན༌མིང༌ཚིག༌མཛོད༌བློ༌གསར༌སྒོ༌འབྱེད༌ལྡེ༌མིགཚེ༌རིང༌ནོར༌བུ།
ཕྱོགས༌སྒྲིག༌པ། རྡ༌ས། བོད༌གཞུང༌སྨན༌རྩིས༌ཁང། 1998
32) དོན༌གཅིག༌མིང༌གི༌མངོན༌པར༌བརྗོད༌པའི༌ཚིག༌གི༌མཛོད།
བུ༌ཆུང། བོད༌ལྗོངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1997
33) བོད༌ལུགས༌སྨན༌རྩིས༌ཀྱི༌ཚིག༌མཛོད༌བོད༌དབྱིན༌ཤན༌སྦྱར།
ཚེ༌རིང༌ཐག༌གཅོད། &ཚེ༌རིང༌སྒྲོལ། ཕྱོགས༌སྒྲིག༌པ། དྲུང༌འཚོ༌དཔེ༌སྐྲུན༌ཁང། 1999
34) བོད༌སྨན༌ཀུན༌འདུས༌མིང༌མཛོད།
མགར༌རྩེ༌སྐལ༌བཟང༌བཀྲ༌ཤིས། &བསོད༌ནམས༌ཚེ༌རིང། རྩོམ༌སྒྲིག༌འགན༌འཁུར༌བ། མཚོ༌སྔོན། མཚོ༌སྔོན༌མི༌རིགས༌དཔེ༌སྐྲུན༌ཁང། 1999
35) བོད་ཡིག་གི་གྲངས་རིག་ཚིག་མཛོད།
རྒྱལ་ཚང་སྙིང་པོ་རྒྱལ། བོད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1999
36) བོད་ཡིག་བརྡ་རྙིང་ཚིག་མཛོད།
རྣམ་རྒྱལ་ཚེ་རིང་། པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2001
37) གངས་ཅན་པའི་ཟློས་སྒྲའི་ཚིག་ཚོགས་རྣམ་པར་བརྒྱན་པ་དབྱིག་གི་མཛོད།
མགོན༌པོ༌དབང༌རྒྱལ། ཕྱོགས༌སྒྲིག༌པ།
བོད། མི་རིགས་དཔེ་སྐྲུན་ཁང༌། 2004
38) ཞེ་སའི་ཚིག་མཛོད་རབ་གསལ་མེ་ལོང༌།
བསོད་ནམས་རྡོ་རྗེ། བློ་བསྟན། &དཔལ་ལྡན། བོད། མི་རིགས་དཔེ་སྐྲུན་ཁང༌། 2005
39) སྒྲ་འདྲའི་དོན་འབྱེད་བློ་གསར་འདྲེན་བྱེད།
སྤྲེ་ཞག་སྤེན་དོན། བོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 2005
40) ཆོས་བསྡུས་པའི་ཚིག་མཛོད།
ཇི་ཏ་སེན་ནེ་གིཕྱོགས་སྒྲིག་པ།
ཝཱ༌ཎ༌དབུས༌བོད༌ཀྱི༌ཆེས༌མཐོའི༌གཙུག༌ལག༌སློབ༌གཉེར༌ཁང། 2006
41) ཨ་མདོའི་ཁ་སྐད་ཚིག་མཛོད།
ཀེན་ཞན་ཙུང་། ལི་ཅུན་ཡིང༌། &ལྷུན་གྲུབ་རྡོ་རྗེ། བོད།
ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང།
42) བརྡ་རྙིང་ཚིག་མཛོད་གསར་བསྒྲིགས།
བོད།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 2011
43) གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ།
ཀརྨ་བདུད་འདུལ་དབང་ཕྱུག ༡༩༦༢ གཙོ་སྒྲིག་པ། བོད། སི་ཁྲོན་དཔེ་སྐྲུན་ཚོགས་པ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 2009
45) གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད།
ཀོ་ཤུལ་གྲགས་པ་འབྱུང་གནས།
46) སྒོམ་སྡེ་ཚིག་མཛོད། སྔོན་མའི་པར་མ།
སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།
47) སྡོམ་སྡེ་ཚིག་མཛོད་ཆེན་མོ། པོད་བཞི།
སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ།
48) འདུལ་བའི་ཚིག་མཛོད།
འབྲས་བློ་གླིང་ཉག་རེ་དགེ་བཤེས།
49) བོད་ཀྱི་ཚིག་མཛོད་ཆེན་མོ། སྟོད་སྨད་གཉིས།
ངམ་རིང་བློ་བཟང་བསྟན་དར། ཤེས་རིག་ལས་ཁུངས།
50) བོད་བརྡའི་མིང་ཚིག
བྲག་གཡབ་བློ་ལྡན་ཤེས་རབ། ༡༩༨༩ བོད་ཀྱི་དཔེ་མཛོད།
51) ཡུལ་གངས་ཅན་པའི་ཐོག་མའི་ཤེས་བྱ་མིང་གི་བརྡ་དག་ཀ་ཕྲེང་གློག་གི་སྒྲོན་མེ།
ལུང་རྟོགས་ཉི་མ། 1980
སྐད་ཡིག་ཤན་སྦྱར་གྱི་ཚིག་མཛོད་འཕེལ་རིམ།
1)
བོད༌རྒྱ༌ནང༌དོན༌རིག༌པའི༌ཚིག༌མཛོད།
དབྱངས༌ཅན༌ལྷ༌མོ། དཔེ༌སྒྲིག༌འགན༌འཛིན། སི༌ཁྲོན། སི༌ཁྲོན༌མི༌རིགས༌དཔེ༌སྐྲུན༌ཁང། 1993
2)
སོག༌བོད༌ལེགས༌སྦྱར༌སྐད༌ཡིག༌གསུམ༌འདུས།
ལྡི༌ལི༌གསར༌པ། ངག༌དབང༌སྟོབས༌རྒྱལ། 1987
3)
རྒྱ་བོད་ཤན་སྦྱར་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད།
མ་ཤེས་རབ།
མཁའ་འགྲོ་སྐྱབས།
ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང། 2000
4)
ཆོས་ཚིག་བོད་དབྱིན་ཤན་སྦྱར།[Tibetan
English Religious word Dictionary]
ཚེ༌རིང༌དོན༌གྲུབ། སྒྱུར་སྒྲིག་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 2004
5)
རྒྱ་བོད་དབྱིན་གསུམ་ཤན་སྦྱར་རྒྱུན་སྤྱོད་ཐ་སྙད།
ལྡི༌ལི༌གསར༌པ། ངག༌དབང༌སྟོབས༌རྒྱལ། 1990
6)
ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།
ཀརྨ་སྨོན་ལམ།
སྤྱི་ཁྱབ་རྩོམ་སྒྲིག་པ། དྷ་ས། ཤེས༌རིག༌པར༌ཁང། 2008
7)
བོད༌དབྱིན༌ཚིག༌མཛོད།
དཔལ༌ལྡན༌བཀྲ༌ཤིས། གཙོ༌སྒྲིག༌པ། ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང། 1999
8)
རྒྱ་བོད་ཤན་སྦྱར་ཚིག་མཛོད།
རྒྱ་བོད་ཤན་སྦྱར་ཚིག་མཛོད་རྩོམ་སྒྲིག་མཉམ་སྒྲུབ་ཚོ་ཆུང༌། 2002
9)
Sanskrit-Tibetan-English
vocabulary
Alexander Csoma De Koros [being edition and
translation of the Mahavyutpatti]
Budapest AkademiaiKiado 1984
10)
སམ༌བོད༌རྒྱ༌གསུམ༌ཤན༌སྦྱར༌གྱི༌ཚིག༌མཛོད།
རྣམ༌རྒྱལ༌ཚེ༌རིང། པེ༌ཅིང། མི༌རིགས༌དཔེ༌སྐྲུན༌ཁང་། 1991
11)
བོད་དབྱིན་ཤན་སྦྱར་གྱི་ཕལ་སྐད་སྦྱོང་དེབ།
མིག་དབང༌། &བསོད་མཚོ། བོད། མི་རིགས་དཔེ་སྐྲུན་ཁང༌།
12)
བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད།
ཟླ་བ་བློ་གྲོས། རྩོམ་སྒྲིག་པ་གཙོ་བོ། ཀན༌སུའུ༌མི༌དམངས་མཛེས་རྩལ་དཔེ༌སྐྲུན༌ཁང་། 2000
13)
ལོཀེཤཅནྡྲར། བོད་དང་ལེགས་སྦྱར་ཀྱི་མཛོད།
ལྡི༌ལི༌གསར༌པ། International Acadamy of Indian culture 1959
14)
སྐད༌གཉིས༌ཤན༌སྦྱར༌རབ༌གསལ༌ནོར༌བུའི༌མེ༌ལོང།
འཇུ༌མི༌ཕམ༌རྣམ༌རྒྱལ༌རྒྱ༌མཚོ།
1846-1912 ལ༌དྭགས།
བཀྲི༌ཤིས༌སྒང༌པ། 1979
15)
Lokesh
Chandra Tibetan Sanskrit Dictionary[བོད་དང་ལེགས་སྦྱར་གྱི་ཚིག་མཛོད།]
རྡི༌ལི།
Int Academy Of Indian
Culture 1982
16)
རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྫས་འགྱུར་རིག་པའི་ཐ་སྙད་ཕྱོགས་བསྒྲིགས།
མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རང་བྱུང་ཚན་རིག་ཁག་བོད་ཡིག་སློབ་དེབ་སྒྲིག་སྒྱུར་ཚོ་ཆུང་། བོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།
17)
འགོས་ཆོས་གྲུབ་ཀྱི་ཚིག་མཛོད།
18)
བྱེ་བྲག་རྟོགས་བྱེད་ཆེན་མོ།
19)
བོད་དབྱིན་རྒྱ་གསུམ་གྱི་ཚིག་མཛོད།
20)
དབྱིན་བོད་ཚིག་མཛོད་སྣང་བ་གསར་པ།
གདོང་ཐོག་བསྟན་པའི་རྒྱལ་མཚན།
21)
དབྱིན་བོད་ཚིག་མཛོད་གསར་པ།
ཀརྨ་སྨོན་ལམ། ཤེས་རིག་ལས་ཁུངས།
22)
ནོར་བུ་ཆོས་འཕེལ་གྱི་དབྱིན་བོད་ཚིག་མཛོད།
23)
A
Tibetan English Dictionary
By Sarat
Chandra Dass
24)
བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ།པོད། ༡༦
J.S.
Negi ཝཱ་ཎ་མཐོ་སློབ།
25)
ནང་དོན་རིག་པའི་མིང་ཚིག་བོད་དབྱིན་ཤན་སྦྱར།
ཚེ་དཔག་རིག་འཛིན།
26)
Basic
Buddhist terms and concepts
Paul
G. Hackett, snow lion publication
27)
Modern
Tibetan Dictionary
28)
Rangjung Yeshe
Dictionary རང་བྱུང་ཡེ་ཤེས་ཚིག་མཛོད།
29)
The
New Tibetan English Dictionary of Modern Tibetan
By
Melvyn C. Goldstein, University of California
30)
དབྱིན་བོད་རྒྱ་ཤན་སྦྱར་ཚིག་མཛོད།
ཡེ་ཤེས་ལྷ་མོ་འཚོ། གཙོ་སྒྲིག་པ། བོད། ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང། 2005
31)
བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།
བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ། [Tibetan Chinese-English Information
Technology Dictionary] བོད།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2006
32)
དབྱིན་ཇིའི་རྨང་གཞིའི་ཚིག་དུམ།
སྒྲོལ་མ་སྐྱིད། བོད། ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང། 2009
33)
རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད།
ཚུལ་ཁྲིམས་བློ་གྲོས། བོད། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང༌། 2008
34)
རྒྱ་བོད་དབྱིན་སྐད་ཀྱི་རྫས་འགྱུར་རིག་པའི་ཚིག་མཛོད།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
35)
Tibetan
Sanskrit_Dictionary
བོད་དང་ལེགས་སྦྱར་གྱི་ཚིག་མཛོད་། གུ་རུ་ཝེ་རྭ་དང་ལོ་ཀྴེ་ཅནྡྲ། ལྡི་ལི། International
Academy of Indian Culture ནས། 1959
36)
བོད་དང་ཧིན་སྐད་གཉིས་ཤན་སྦྱར་གྱི་ཚིག་བརྡའི་མཛོད།
རྭ་ཧུ་ལ་སྰཾ་ཀྲི་ཏྱྰ་ཡ་ནནིའུ་ལྡི་ལི། སྰ་ཧི་ཏྱ་ཨ་ཀྰ་ཌ་མི། 1972
37)
བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད།
38)
རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད།
39)
སྐད་གསུམ་ཚིག་མཛོད་གསར་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
40)
རྒྱ་བོད་ཁྲིམས་ལུགས་ཚིག་མཛོད།
41)
བོད་རྒྱ་དབྱིན་གསུམ་གྱི་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ།
མགོན་པོ་རབ་བརྟན་གྱིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
42)
སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང་ལས་རྒྱ་བོད་གཉིས་ཟུར་དུ་བཏོན་པ།
43)
བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
44)
ནང་དོན་རིག་པའི་རྩ་བའི་མིང་ཚིགབོད་ལེགས་ཧིན་དབྱིན་ཤན་སྦྱར།
Dr.
Sanjib Kumar Das
45)
Tibetan
Sanskrit Dictionary
By Lokesh Chandra
46)
བོད་རྒྱ་ཚད་མ་རིག་པའི་ཚིག་མཛོད།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
47)
བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད། Tibetan Chinese English information
Technology Dictionary
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧
48)
བོད་བལ་ནང་པའི་ཚིག་མཛོད།
སེང་གེ་ཤར་པ། ༢༠༡༢
49)
བོད་ཀྱི་རྒྱུན་སྤྱོད་ལག་བརྡའི་ཚིག་མཛོད། Standard Tibetan Sign Language Dictionary
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡
50)
རྣལ་འབྱོར་སྤྱོད་པའི་ས་ལས་བཏུས་པའི་ཐ་སྙད་བོད་རྒྱ་ཤན་སྦྱར།
ཧུང་ཤན་མིང་དང་གོ་ཀྲི་གཉིས་ཀྱིས་བསྒྲིགས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
51)
རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད། A handbook of Chinese Tibetan and
English words,
Ngawang Topgyal,
New Delhi 1090
52)
རྒྱ་བོད་ཤན་སྦྱར་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠
53)
རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད།
ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྒྱུར་སྒྲིག་བྱས།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༣
54)
མངོན་བརྗོད་ཚིག་མཛོད།
བུ་ཆུང་། ༡༩༩༧ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
55)
རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད།
ཡོན་ཏན་རྒྱ་མཚོ་དང་གུ་རུ་འཚོས་སྒྲིག་སྒྱུར་བྱས།
མི་རིགས་དཔེ་སྐྲུན་ཁང་།
56)
བོད་སོག་རྒྱ་གསུམ་ཤན་སྦྱར་ཚིག་མཛོད།
སོག་པོ་བསྟན་པ་དར་རྒྱས། འབྲས་སྤུངས་སྒོ་མང་།
57)
བོད་དང་ཧིན་སྐད་གཉིས་ཤན་སྦྱར་གྱི་ཚིག་བརྡའི་མཛོད།
ར་ཧུལ་ལ་སམ་ཀྲི་ཏྱན། ༡༩༧༢ ལྡི་ལི།
58)
རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས།
བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་སོགས།
རྩོམ་སྒྲིག་པ། བོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 2012
59)
བོད་རྒྱ་དབྱིན་ཤན་སྦྱར་ཐ་སྙད་གསར་པའི་ཚིག་མཛོད།
བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པབོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2015
60)
རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད།
ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་། བོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2013
61)
གནའ་བོའི་ཞང་བོད་ཚིག་མཛོད།
དགེ་བཤེས་བློ་གྲོས་རབ་གསལ། གཙོ་སྒྲིག་པ། ཀན༌སུའུ༌མི༌རིགས༌དཔེ༌སྐྲུན༌ཁང། 2010
མདོར་ན། ད་བར་གྱི་ཚིག་མཛོད་ཀྱི་འཕེལ་རིམ་འདི་ཙམ་ལགས་ཤིང་།
ཚིག་མཛོད་ནི་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གྲ་རྒྱས་སུ་འགྲོ་བཞིན་པའི་མཚམས་འདིར། ང་ཚོས་ནུས་ཤུགས་ཅི་ཡོད་ཀྱིས་ད་དུང་ཚགས་ཚུད་དང་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོ་ཚང་མའི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་ཡིན་པས།
དེང་རབས་གཞོན་སྐྱེས་རྣམ་པས་འདིའི་ཐད་ཐུགས་སྣང་དང་འབྲེལ་རང་འགན་ཁུར་ལེན་གྱིས་འབད་འབུངས་བགྱིད་རྒྱུ་ནི་ཁོ་བོའི་རེ་བ་ཡིན།
འདིར་དག་ཡིག་དང་ཚིག་མཛོད་ཁག་གི་འཕེལ་རིམ་ཙམ་གླེང་ནས།
ཚིག་མཛོད་ནང་གང་ཞིག་མ་ཚང་བ་དང་། ཡར་རྒྱས་ཇི་ལྟར་གཏོང་ཕྱོགས་ཀྱི་དཔྱད་རྩོམ་གཞན་ཞིག་འབྲི་བར་འདོད་པས།
དེར་གཟིགས་པར་ཞུ།
ཁ་བ་དཀར་པོའི་སྐད་ཡིག་རིག་གནས་སླད།།
ཁ་ཞེ་མེད་པར་བརྩོན་པའི་མཇུག་འབྲས་སུ།།
ཁ་བ་ཅན་པའི་ཤུལ་བཞག་ཁྱད་ནོར་རྣམས།།
ཁ་ཐོར་མེད་པར་ཁྱོད་དྲུང་བཅོལ་ཡོད་དོ།།
བེ་རི་དཔལ་ལྡན་རྣམ་རྒྱལ་ལམ་བེ་རི་རྒྱལ་སྲས་སུ་འབོད་པ་དེས།
༢༠༡༧ ཟླ་བ་ ༡༢ ཚེས་ ༨ ནས ༡༡ བར་བར་གསེང་ཡོད་ཚད་སྤྱད་ནས་
ཚེས་ ༡༡ ཉིན་མཇུག་རྫོགས་པར་བྲིས།