ཆོས་གྲོགས་ཤིག་གི་ཡབ་ཆེན་ཕྱི་མར་གཤེགས་པར་ཐུགས་གསོའི་འཚམས་འཕྲིན་དུ་ཕུལ་བ།
ཆུ་མོའི་རླབས་ཀྱིས་བྲབས་པའི་གྲམ་སྟོང་ན།།
འཇག་རྩའི་ཤུགས་གླུ་འབྱིན་པའི་གྲུ་ཁ་ནས།།
གདུང་བས་འཚིར་བའི་དངན་པ་རིང་མོ་འདི།།
གང་གིས་མྱོང་ན་དེ་ཡིས་ཐུགས་རྗེས་སྐྱོངས།།
འཇག་རྩའི་ཤུགས་གླུ་འབྱིན་པའི་གྲུ་ཁ་ནས།།
གདུང་བས་འཚིར་བའི་དངན་པ་རིང་མོ་འདི།།
གང་གིས་མྱོང་ན་དེ་ཡིས་ཐུགས་རྗེས་སྐྱོངས།།
ཡོད་ན་ལྷ་ལ་འབུལ་རྒྱུ་མི་དྲན་བར།།
མེད་ན་ཁྱེད་ནས་སློང་བའི་གཤིས་ཀ་འདིས།།
སེམས་ཀྱི་རྐང་ལ་ཙག་ཤད་རབ་རྒྱུག་པས།།
དེ་རིང་ཞུ་འབོད་འདི་ཉིད་ཁྱེད་ལ་མིན།།
མེད་ན་ཁྱེད་ནས་སློང་བའི་གཤིས་ཀ་འདིས།།
སེམས་ཀྱི་རྐང་ལ་ཙག་ཤད་རབ་རྒྱུག་པས།།
དེ་རིང་ཞུ་འབོད་འདི་ཉིད་ཁྱེད་ལ་མིན།།
ཁ་ཆག་སྣ་རལ་བྱུང་ན་ཁྱེད་ཉིད་དྲན།།
ལྟོ་འགྲང་ཉི་མས་དྲོ་དུས་ཁྱེད་ཉིད་བརྗེད།།
རུས་རྐང་མེད་པའི་མི་བུ་བདག་ཅག་ལ།།
ཐུགས་རྗེའི་སྤྱན་རས་ནམ་ཡང་གཡོིལ་བར་མཛོད།།
ལྟོ་འགྲང་ཉི་མས་དྲོ་དུས་ཁྱེད་ཉིད་བརྗེད།།
རུས་རྐང་མེད་པའི་མི་བུ་བདག་ཅག་ལ།།
ཐུགས་རྗེའི་སྤྱན་རས་ནམ་ཡང་གཡོིལ་བར་མཛོད།།
འོན་ཀྱང་ཁྱེད་ཞབས་རིང་ནས་བསྙེགས་པ་ལས།།
ལས་འབྲས་ཚུལ་ལ་ཅུང་ཟད་ཡིད་ཆེས་པས།།
རྐྱེན་ངན་བར་ཆད་མངས་པོས་རུ་འཛིངས་ཀྱང་།།
ཁྱེད་ལ་ཕྱོགས་པའི་སྙིམ་པ་འགྲོལ་མི་འགྱུར།།
ལས་འབྲས་ཚུལ་ལ་ཅུང་ཟད་ཡིད་ཆེས་པས།།
རྐྱེན་ངན་བར་ཆད་མངས་པོས་རུ་འཛིངས་ཀྱང་།།
ཁྱེད་ལ་ཕྱོགས་པའི་སྙིམ་པ་འགྲོལ་མི་འགྱུར།།
སྟོན་མཇུག་ལོ་མ་སེར་པོ་མགོ་རུ་ལྷུང་།།
སྐྱེ་འཆིའི་སྐྱོ་གར་རིང་མོ་མིག་སྔར་ཤར།།
མི་རྟག་འཁོར་བའི་མཐུན་དཔེ་འདི་ཡིས་ཀྱང་།།
ཐེར་ཟུག་ལྟ་བ་མ་བཟློག་ཡིད་རེ་སྐྱེ།།
སྐྱེ་འཆིའི་སྐྱོ་གར་རིང་མོ་མིག་སྔར་ཤར།།
མི་རྟག་འཁོར་བའི་མཐུན་དཔེ་འདི་ཡིས་ཀྱང་།།
ཐེར་ཟུག་ལྟ་བ་མ་བཟློག་ཡིད་རེ་སྐྱེ།།
སྐྱེས་པའི་མཐའ་མར་ཤི་བ་ཆོས་ཉིད་དེ།།
ཤི་བ་མེད་ན་སྐྱེ་བ་ག་ལ་ཡོད།།
རྟེན་ནས་འབྱུང་བའི་རིགས་པའི་ཟུར་ཞིག་ནས།།
གདུང་བའི་མཆི་མ་རྩད་ནས་སྐམ་པར་མཛོད།།
ཤི་བ་མེད་ན་སྐྱེ་བ་ག་ལ་ཡོད།།
རྟེན་ནས་འབྱུང་བའི་རིགས་པའི་ཟུར་ཞིག་ནས།།
གདུང་བའི་མཆི་མ་རྩད་ནས་སྐམ་པར་མཛོད།།
དེ་ལྟར་ན་ཡང་ཡབ་ཆེན་དམ་པ་གང་།།
གང་དུ་བགྲོད་པའི་རང་དབང་ཡོད་མིན་ན།།
བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་པས།།**
བར་དོའི་འཕྲང་ལམ་ཡུད་ཀྱིས་བགྲོད་པར་ཤོག།
གང་དུ་བགྲོད་པའི་རང་དབང་ཡོད་མིན་ན།།
བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་པས།།**
བར་དོའི་འཕྲང་ལམ་ཡུད་ཀྱིས་བགྲོད་པར་ཤོག།
བུ་བཟང་སྐྱེད་པའི་ཨ་ཕ་རླབས་ཆེན་གང་།།
བར་དོའི་འཕྲང་ལམ་ཁྲོད་ནས་ཕྱིར་བལྟས་མཛོད།།
ཚུལ་ཁྲིམས་གོས་ཀྱིས་བཀླུབས་པའི་དགེ་སློང་ཞིག།
བསྔོ་སྨོན་རྒྱ་མཚོ་ཁྱེད་ལ་གཤོམ་བཞིན་གདའ།།
བར་དོའི་འཕྲང་ལམ་ཁྲོད་ནས་ཕྱིར་བལྟས་མཛོད།།
ཚུལ་ཁྲིམས་གོས་ཀྱིས་བཀླུབས་པའི་དགེ་སློང་ཞིག།
བསྔོ་སྨོན་རྒྱ་མཚོ་ཁྱེད་ལ་གཤོམ་བཞིན་གདའ།།
༢༠༡༧ ཟླ་བ་ ༡༡ ཚེས་ ༣༠ ཉིན། སྔ་དྲོ། ཚོུད། ༡༡ སྐར་མ། ༣༥ ཐོག་སྦྱར།