Thursday, April 6, 2017

རྒྱལ་སྲས་ཞི་བ་ལྷ།



མཚན། ཞི་བའི་གོ་ཆ། ཞི་བ་ལྷ། ཤན་ཏི་དྷེཝ། འདུ་ཤེས་གསུམ་པ། བྷུ་སུ་ཀུ བློ་གྲོས་མི་ཟད་པ། རྒྱལ་སྲས་ཞི་བ་ལྷ།
ས་གནས། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་བཟང་། (ད་ལྟ། ་་་་་)
དུས་རབས། བདུན་པ་དང་བརྒྱད་པ།
ཡབ། དགེ་བའི་གོ་ཆ།
ཡུམ། རྡོ་རྗེ་རྣམ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག

མཛད་པ།
རྒྱལ་སྲིད་སྤངས་ནས་ན་ལེནྡྲར་ཕེབས།
མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་བས་ཞི་བ་ལྷ་གསོལ།
བཟའ་བཏུང་དང་ཉལ་རྒྱུ། དེ་བཞིན་གཤང་གཅི་འདོར་བ་ལས་གཞན་གང་ཡང་མི་བྱེད་པ་ལྟ་བུའི་མཛད་པ་བསྟན་པས་མཚན་འདོགས་ལ་འདུ་ཤེས་གསུམ་པ་ཐོགས།
དེ་ལ་བརྟེན་ནས་དགོན་པ་ལས་དབྱུང་གྲབས་བྱས།
དེར་དགེ་སློང་གི་ཚོགས་ལ་སྤྱོད་འཇུག་གསུངས།
ཤེས་རབ་ལེའུའི་མཚམས་ནས་ནམ་མཁར་གཤེགས།

སྤྱོད་འཇུག
སྤྱོད་འཇུག་ལ་ཤོ་ལོ་ཀའི་གྲངས་ཀ་མི་མཐུན།
ཁ་ཆེ་བས་ཤོ་ལོ་ཀ་༧༠༠ ཡོད་ཟེར།
ཡུལ་དབུས་པས་ཤོ་ལོ་ཀ་༡༠༠༠ ཡོད་ཟེར།
སྤྱོད་འཇུག་ལ་ལེའུ་བཅུ་ཡོད།


རྫུ་འཕྲུལ།
རྒྱལ་སྲས་ཞི་བ་ལྷ་རྫུ་འཕྲུལ་དང་མངོན་ཤེས་ལ་ཐོགས་པ་མེད་པས། དེའི་ཐོག་ནས་འགྲོ་བ་སེམས་ཅན་མང་པོ་ཞིག་བཏུལ།