<<ཧི་མ་ལ་ཡའི་ཕར་ཚུར་>>བཀླགས་ཐོ།
བེ་རི་རྒྱལ་སྲས།
དུས་རབས་བརྒྱ་ཕྲག་ཉི་ཤུ་པའི་སྨད་ཙམ་ནས་ཨ་མདོ་དགེ་འདུན་ཆོས་འཕེལ་ལ་གདོང་འཇོག་གི་ཚད་གཞི་
ལོ་རེ་ནས་ལོ་རེ་མཐོ་རུ་སོང་ཞིང་། གདེང་འཇོག་གནང་མཁན་གྱི་ཁྲོད་ནས་ཁོང་གི་སྙན་ངག ལྟ་གྲུབ། ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་མི་འདྲ་བ་མང་པོ་ཞིག་ནས་ཡོད་ཀྱང་། ཁོ་བོས་བལྟས་ན། དགེ་འདུན་ཆོས་འཕེལ་ལ་གདེང་འཇོག་ཆེན་པོ་དེ་འདྲ་གནང་དོན་ནི། ཁོང་གི་ནང་པའི་ལྟ་གྲུབ་ཀྱི་ཤེས་ཚད་མིན་ལ། སྙན་ངག་གི་རྩལ་ཡང་མིན། དེ་བཞིན་ལོ་རྒྱུས་དང་སྐད་ཡིག་གི་ཤེས་ཚད་ཀྱང་དེ་བས་མིན། ཁོང་ལ་གདེང་འཇོག་འདི་ལྟར་ཐོབ་དོན་ནི། <<རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་>>འདི་ཡིན།

དེས་ན། <<གཏམ་རྒྱུད་གསེར་ཐང་>>འདིའི་ནང་དགེ་ཆོས་མཆོག་ལྷ་ས་ནས་རྒྱ་གར་དང་སིང་གྷ་ལ་སོགས་ཀྱི་རྒྱལ་ཁམས་བསྐོར་བ་བརྒྱུད་ས་གནས་ཁག་དང་། དགོན་སྡེ་ཁག མི་སྣ་ཆེ་ཁག དེ་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཐུང་ངུ་རེ་བྲིས་གནང་ཡོད་པས། དཔེ་དེབ་དེ་ལ་ལྟ་བ་ནི་ལེའུ་དུ་མ་ཡོད་པའི་མུ་འབྲེལ་གློག་བརྙན་ཞིག་ལ་བལྟ་བ་གཅིག་མཚུངས་སུ་སྣང་། དེས་ན། <<གསེར་ཐང་>>འདི་ཉིད་མཁས་དབང་ཐུབ་བསྟན་སྦྱིན་པས་ཨིན་ཡིག་ཏུའང་བསྒྱུར་གནང་མཛད་ཡོད། དཔེ་དེབ་དེ་ཉིད་གཅིག་པུར་བལྟས་ན་གནད་དོན་ཁ་ཤས་ཀྱི་དོན་རྟོགས་མ་རྟོགས་ཅི་རིགས་ཤིག་ཡོང་བས། ཉེ་བའི་ཆར་བོད་ནས་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསེར་ཐང་ལེའུ་དང་པོ་འཁྲིད་པའི་སྒྲ་བཤུས། <<ཧི་མ་ལ་ཡའི་ཕར་ཚུར།>> ཞེས་པ་དེ་ཞིབ་ཏུ་བཀླགས་པས་དེ་སྔོན་<<གསེར་ཐང་>>བཀླགས་སྐབས་མ་རྟོགས་པའི་དོན་གནད་མང་པོ་ཞིག་རྟོགས་བྱུང་།
ལེའུ་དང་པོ་འདི་དོན་ཚན་བཅུ་གསུམ་ལ་ཕྱེ་ནས་བཤད་འདུག་ཅིང་། དོན་ཚན་དང་པོའི་ནང་དགེ་ཆོས་མཆོག་ཆུང་དུས་ནས་རྒྱ་གར་དུ་ཕེབས་འདོད་ཀྱི་སྐོར་གསལ་ཞིང། དེ་ནི་དགེ་ཆོས་ཁོང་གི་གཤིས་ཀ་དང་ཤིན་ཏུ་འཚམ་པོ་
འདུག་པས། རྒྱ་གར་དེ་གནས་རྩ་ཆེན་པོ་ཡིན་པ་ཙམ་མིན་པར་ས་གནས་གསར་པ་ཞིག་འགྲོ་འདོད་པའི་སྙན་ངག་པའི་
གཤིས་ལྡན་པ་མཚོན་ཏེ། དགེ་ཆོས་ཀྱི་རྒྱ་གར་ནས་ཨ་རི་ལ་འགྲོ་རྒྱུའི་ཆེད་མཐོང་ཆེན་ཞུས་ཀྱང་མ་རག་པར་མ་གཏོགས་ཨ་རི་སོགས་ནུབ་ཕྱོགས་སུའང་ཕེབས་ཡོད་ངེས་རེད།

དོན་ཚན་གཉིས་པའི་ནང་། ལྷ་ས་ནས་ཐོན་ཏེ་འཕན་ཡུལ་དུ་འབྱོར་ཞིང་། དེ་ནས་བཀའ་གདམས་པའི་དགེ་
བཤེས་པོ་ཏོ་བ་དང་། བློ་སྦྱོང་ཚིག་བརྒྱད་མ་རྩོམ་པ་པོ་དགེ་བཤེས་གླང་རི་ཐང་པ་སོགས་ཀྱི་རྣམ་ཐར་གསུངས་སྐབས་
བཀའ་གདམས་པའི་དགེ་བཤེས་ལ་དམིགས་བསལ་གྱི་དད་པ་སྐྱེ་འོང་། དེ་ནས་བླ་ཆེན་པོའི་དངོས་སློབ་ཀླུ་མེས་ཀྱི་
མཁན་བུ་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་རྒྱལ་ལྷ་ཁང་སོགས་སུ་ཕེབས་ཤིང་། དེ་དང་འབྲེལ་ནས་བསྟན་པ་སྔ་དར་དང་ཕྱི་དར་གྱི་དབྱེ་མཚམས་ལ། སྔ་དར་ལ་རྩོད་པ་མེད་ཀྱང་། ཕྱི་དར་གྱི་མཚམས་དེ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་རྩི་སྲོལ་དང་། སྨྲི་ཏི་ནས་རྩི་སྲོལ་གཉིས་ཀྱི་བྱུང་བར་བཤད།

དེ་ནས་པ་ཚབ་ཉི་མ་གྲགས་པའི་གདན་སར་ཕེབས་པ་དང་། པ་ཚབ་ཉི་མ་གྲགས་པ་ནི་དབུ་མ་འཇུག་པ་བོད་
ཡིག་ཏུ་སྒྱུར་མཁན་དེ་ཡིན་ཞིང་། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་དང་དུས་མཉམ་ཙམ་དང་། བསྟན་པ་ཕྱི་དར་གྱི་སྐབས་བོད་དུ་ལོ་ཙཱ་བ་བརྒྱ་དང་ང་བདུན་བྱོན་པའི་ཁྲོད་ནས་གཅིག་ཡིན་པ་དང་། པ་ཚབ་ཉི་མ་གྲགས་པ་དང་ཁོང་གི་བུ་བཞི་སོགས་ནི་བོད་དུ་དབུ་མའི་འཆད་ཉན་ལ་ཤིན་ཏུ་ནང་བཀའ་དྲིན་ཆེའོ།། ཏོག་ཙམ་ཡ་མཚན་པ་ཞིག་ནི་རྒྱལ་ལྷ་ཁང་དེ་ནི་བསྟན་པ་ཕྱི་དར་གྱི་ཐོག་མའི་གཙུག་ལག་ཁང་དེ་ཡིན་ཡང་། དེའི་ནང་རྒྱ་དཔེ་གང་ཡང་རྙེད་མེད་པ་དེ་རེད།

དེ་ནས་ར་སྒྲེང་དུ་ཕེབས་པ་དང་། ར་སྒྲེང་ནི་ཇོ་བོ་རྗེའི་དངོས་སློབ་འབྲོམ་སྟོན་པ་རྒྱལ་བའི་དབྱུང་གནས་ཀྱིས་ཕྱག་བཏབ་པ་ཞིག་དང་། དེའི་ནང་རྒྱ་དཔེ་མང་པོ་བཞུགས་ཀྱང་། དཔེ་མཛོད་དོ་དམ་པ་དེས། པཎ་ཊི་ཏ་ར་ཧུལ་ཕི་གླིང་པའི་མི་ཞིག་རེད་སྙམ་ནས་ཐོག་མར་མཇལ་དུ་མ་བཅུག་པར་སྣང་། དེ་ནི་བོད་པ་ཚོས་ནུབ་ཕྱོགས་པའི་མི་ལ་དོགས་ཟོན་བྱས་དྲགས་པས་ཡིན།
དོན་ཚན་བཞི་པའི་ནང་། ལྷ་ས་ནས་རྒྱ་གར་དུ་ཕེབས་པའི་ལམ་བར། རྒྱལ་རྩེ་ནས་བྱང་ངོས་རྐང་འགྲོས་ཉིན་
གཅིག་ཙམ་གྱི་སར་རི་ཕུག་ཅིག་ན་སྤོས་ཁང་ཚོགས་པ་བྱ་བའི་དགོན་ཆུང་ཞིག་འདུག་པར་མཇལ། འདི་ཁ་ཆེ་པཎ་ཆེན་བསོད་སྙོམས་པ་ཆེན་པོའི་དུས་ཀྱི་ཚོགས་པ་བཞིའི་ཡ་གྱལ་ཆོས་ལུང་ཚོགས་པ་བྱ་བ་དེ་ཡིན་གསུངས་ནས། ཁ་ཆེ་པཎ་ཆཻན་ནི་ཀ་ཤི་མིར་གྱི་མཁས་པ་ཞིག་ཡིན་ཞིང་། ཀ་ཤི་མིར་དུ་ཁ་ཆེའི་རྒྱལ་པོས་བཙན་འཛུལ་སྐབས་ཁོང་དང་མཁས་པ་ཁ་ཤས་ཤིག་བོད་དུ་ཉེན་གཡོལ་ཕེབས་ཤིང་། དེ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ལ་ལྷག་པར་བཀའ་དྲིན་ཆེན་པོ་
གནང་ཡོད།

དོན་ཚན་ལྔ་པའི་ནང་། ཞ་ལུ་རི་ཕུག་ཏུ་ཕེབས་པ་དང་། ཞ་ལུ་དགོན་པ་ལི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་པ་དང་། དེ་དང་འདབས་འབྲེལ་དུ་རི་ཕུག་ནི་ཇོ་བོ་རྗེས་བྱིན་གྱིས་བརླབས་པའི་གནས་སུ་བུ་སྟོན་རིན་
གྲུབ་པས་རྒྱ་བསྐྱེད་གནང་བ་ཞིག་ཡིན། བུ་སྟོན་རིན་ཆེན་གྲུབ་ནི་བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ཁྲོད་འགྲན་ཟླ་མེད་པའི་མཁས་པ་ཞིག་ཡིན། དེ་ནས་རྒྱ་དཔེ་མང་དུ་མཇལ་ཞིང་། ད་དུང་ཞར་བྱུང་དུ། བོད་པ་ཚོས་བླུན་དད་ལ་ཟུར་ཟ་དང་ལམ་སྟོན་ཡང་གནང་ཡོད་དེ། བོད་པ་ཚོས་རྒྱ་དཔེ་དེ་དག་རྩ་ཆེན་པོར་བརྩིས་ནས་ཟུར་ནས་ཟས་པ་དང་། ཁ་ཤས་བཀོག་ནས་མཆོད་རྟེན་དུ་བཞག་པ་སོགས་བྱས་ཏེ་རྒྱ་དཔེ་མང་པོ་ཞིག་མི་ཚང་བར་བཟོས་པ་དེ་ནི་བླུན་དད་ཅིག་རེད་ཅེས་གསུངས་ཡོད།

དེ་ནས་སྟེངས་པ་ལོ་ཙཱ་བ་སྤུན་གཉིས་ཀྱི་ལོ་རྒྱུས་སྐྱུར་མོ་དེས་ངོ་མ་སེམས་འགུལ་ཐེབས་ཤིང་། དེ་དང་འབྲེལ་ནས། དུས་རབས་བརྒྱད་པ་ནས་བཟུང་བོད་ནས་ལོ་ཙཱ་བ་མང་དག་ཅིག་བྱོན་ཅིང་། ཁ་ཤས་རྒྱ་གར་རང་དུའང་གྲགས་ཆེ་བ་འགའ་ཡང་བྱུང་ན་ཡང་། དེ་དག་ལ་གདེང་འཇོག་དེ་ཙམ་མི་གནང་། རྒྱ་ནག་ནས་ལོ་ཙཱ་བ་ཁ་ཤས་རྒྱ་གར་དུ་ཕེབས་པའི་ཁྲོད་ནས་ལོ་ཙཱ་བ་ཤོན་ཙང་ལ་དམིགས་བསལ་གྱི་ལོ་རྒྱུས་དང་། ན་ལེནྚ་རུ་དྲན་རྟེན་རྡོ་རིང་སོགས་ཀྱང་བཞེངས་
ཡོད། བོད་པས་ལོ་ཙཱ་བ་དེ་འདྲ་ཞིག་རྗེས་དྲན་རྡོ་རིང་བཞེངས་དགོས་ན་རྡོ་རིང་བརྒྱ་ཕྲག་གཅིག་ཙམ་ཞིག་མ་བཞེངས་ཀ་མེད་དུ་སྣང་།

དོན་ཚན་དྲུག་པའི་ནང་ས་སྐྱ་གདན་ས་ངོར་དུ་ཕེབས་པ་དང་། ས་སྐྱ་ལ་ཚལ་པ་དང་། ངོར་པ། ས་སྐྱ་བཅས་
གསུམ་དུ་སྣང་ཞིང་། ངོར་གྱི་གདན་ས་དེ་རུ་ཀུན་མཁྱེན་གོ་རམས་པའི་ལུགས་འཛིན་པའི་གྲྭ་པ་ཁ་ཤས་དང་འཕྲད་ཚུལ་ལས་འཕྲོས་ནས་ཡ་མཚན་པ་ཞིག་ནི། དགེ་ཆོས་དང་གྲྭ་པ་དེ་ཚོའི་བར་རྩོད་པ་འདྲ་བྱུང་སྟེ། རྗེ་ཙོང་ཁ་པའི་ལྟ་བ་ནོར་ཡོད་ན། རྒྱལ་བ་རིན་པོ་ཆེ་ཆོས་ཅན། ལམ་ནོར་བ་ལ་ཞུགས་པར་ཐལ། རྗེ་ཙོང་ཁ་པའི་རྗེས་སུ་འབྲངས་པའི་ཕྱིར་ཞེས་པའི་ཐལ་བ་འཕངས་ཚུལ་དེ་ནི་དགེ་ཆོས་ཀྱི་རིགས་པ་ལ་མི་འཚམ་པ་ཞིག་ཏུ་མཐོང་། གང་ཟག་རྒྱུ་མཚན་དུ་དྲངས་
ནས་ཕར་རོལ་པོ་ལ་ཞེད་སྣང་སློང་བ་དེ་ནི་རིགས་པ་སྨྲ་བའི་སྤྱོད་ཚུལ་ཞིག་མིན་པར་འདྲ་སྟེ། རྒྱལ་བ་༡༣་པ་མཆོག་ངོར་པ་རྣམས་ལ་དྲིན་ཆེ་བས། རྒྱལ་བ་ལམ་ནོར་དུ་ཞུགས་ཞེས་ཁ་ནས་ཟེར་མི་ཕོད་པ་ཙམ་ལས་དོན་དུ་གནོད་བྱེད་གང་
ཡང་ཕྱིན་མེད་པས་མཚམས་འདིར་དགེ་ཆོས་ཀྱི་རིགས་པ་གད་མོ་ཞིག་མ་ཤོར་ཀ་མེད་བྱུང་།

དེ་ནས་བཅོམ་ལྡན་རིག་པའི་རལ་གྲི་དང་། དབུས་པ་བློ་གསལ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ནས་བོད་དུ་
བཀའ་བསྟན་དཀར་ཆག་སྒྲིག་ཚུལ་སོགས་ཀྱི་ལོ་རྒྱུས་རིན་ཐང་བྲལ་བ་ཁ་ཤས་གསུངས་འདུག ད་དུང་ཡ་མཚན་པ་
ཞིག་ནི། བཅོམ་ལྡན་རིག་པའི་རལ་གྲི་ཡི་སློབ་མ་བཙུན་པ་འཇམ་དབྱངས་ཀྱི་དགེ་རྒན་ལ་མཚན་མོར་ཞེད་སྣང་བསྐུལ་ནས་དགེ་རྒན་ཐུགས་ཁྲོས་པའི་ལོ་རྒྱུས་དེ་ནི་ཉན་ན་རྒོད་བྲོ་བ་དང་། བསམ་ན་འཛུམ་ཤོར་བ་ཞིག་ཏུ་སྣང་།

དོན་ཚན་བདུན་པའི་ནང་། ཤབ་གཞུང་བརྒྱུད་ནས་ཕེབས་པ་དང་། ཤབ་གཞུང་ནནི་ཇོ་བོ་སྨྲི་ཏི་མཆོག་ལུག་རྫི་གནང་སའི་ས་ཆ་དེ་ཡིན་ཞིང་། དེ་དང་འབྲེལ་ནས་སྨྲི་ཏིའི་ལོ་རྒྱུས་སྐྱུར་མོ་དེ་དག་ལ་ཉན་ན་མི་ཚེའི་སྐྱིད་གསུམ་སྡུག་གསུམ་གྱི་རང་བཞིན་གསལ་བར་མཐོང་ཐུབ།
དོན་ཚན་བརྒྱད་པའི་ནང་། ས་སྐྱ་དགོན་པའི་ནང་ཕེབས་པ་དང་འབྲེལ། ས་སྐྱ་དགོན་པའི་བྱུང་བ་མདོར་
བསྡུས་དང་། དེ་ནས་རྒྱ་དཔེ་མང་པོ་ཞིག་མཇལ་ཐུབ་པའི་ལོ་རྒྱུས་གསལ་ཡོད།

དོན་ཚན་དགུ་པའི་ནང་། སྣར་ཐང་དུ་ཕེབས་པ་དང་། དེ་ནས་བོད་དཔེ་དཀོན་པོ་འགའ་མཐོང་བ་དང་། རིག་
གཞུང་རྙིང་པའི་རྒྱ་ཆ་རྣམས་ཇི་ཙམ་གྱིས་དགའ་ཞེན་གནང་ཚུལ་མཐོང་ཡོང་།

དོན་ཚན་བཅུ་པའི་ནང་། ལ་སྟོད་རྒྱལ་གྱི་ཤྲི་ལ་རུ་ཕེབས་པ་དང་། དེ་དང་འབྲེལ་ནས་བོད་ཀྱི་གྲུབ་ཐོབ་རྣམས་ཀྱི་སྤྱིའི་ལོ་རྒྱུས་དང་། སྔོན་གྱི་བཤད་སྲོལ་བཞིན། སྟོན་པས་གསུངས་པའི་ཆོས་རྣམས། པཎ་ཊི་ཏས་བཤད། ལོ་ཙཱ་བས་
བསྒྱུར། གྲུབ་ཐོབ་རྣམས་ཀྱིས་སྒོམ་ཞེས་བརྗོད་པ་ལྟར། བོད་གངས་ཅན་ལྗོངས་སུའང་གྲུབ་ཐོབ་མང་དུ་བྱུང་བ་རྣམས་ཀྱི་སྤྱི་བཤད་ཅིག་གནང་ཡོད།

དོན་ཚན་བཅུ་གཅིག་པའི་ནང་། བལ་ཡུལ་དུ་འབྱོར་དང་། དེ་དུས་བལ་ཡུལ་ནི་ཧིན་དྷུའི་ཆོས་ལུགས་སུ་
བསྒྱུར་ཟིན་པ་དང་། དེ་ནས་བལ་རྒྱལ་གྱི་དབུ་བླ་དང་འཕྲད་ཅིང་། དབུ་བླ་དེ་ནི་གནའ་དེང་རིག་པའི་གནས་ཀུན་ལ་
བྱང་ཆུབ་པ་ཞིག་དང་། དགེ་ཆོས་དང་བགྲོ་གླེང་མང་དུ་གནང་མཐར། རྒོད་བྲོ་བ་ནི། དབུ་བླ་དེས། པཎ་ཊི་ཏའི་གཡོག་པོ་མི་ཕལ་བ་འདི་ལྟ་བུས་ཁ་ན་ཡང་། རྣམ་འགྲེལ་འདུག་པས་མཁས་པ་དངོས་མ་ཞིག་མཇལ་ན་ཅི་འདྲ་བ་ཞུག་ཡིན། ཞེས་དབུ་བླ་དེས་དགེ་ཆོས་ནི་པཎཊི་ཏའི་གཡོག་པོ་ཡིན་ཤག་བྱས་འདུག

དོན་ཚན་བཅུ་གཉིས་པ་དང་བཅུ་གསུམ་པའི་ནང་དགེ་ཆོས་མཆོག་རྒྱ་གར་དུ་འབྱོར་འདུག་ཅིང་། དེ་ཡང་ཐོག་མར་གང་གའི་ཆུ་བཏུངས་འདུག གང་ག་ནི་ཆུ་ཤིན་ཏུ་རྫོར་པོ་ཞིག་མིན་ནམ། དེ་ཇི་ལྟར་བཏུང་ཐུབ་བམ་སྙམ།
མདོར་ན། དཔེ་དེབ་འདི་ནི། སྣ་འཛོམས་ཚོང་ཁང་ངམ། ཁྲོམ་ར་ཆེན་པོ་ཞིག་དང་འདྲ་བར་གནའ་དང་དེེང་། རྒྱ་དང་བོད། ལོ་རྒྱུས་དང་རྣམ་ཐར། ས་གནས་དང་གནམ་གཤིས། ལམ་དང་ལུགས་སྲོལ། ཐ་ན་ཡུལ་ལུང་སོ་སོའི་ཟས་
གོས་ཡན་ཆད་ནས་ཞིབ་མོར་བྲིས་ཡོད་པའི་དཔེ་དེབ་ཅིག་ཡིན་པས་འདི་ཀློག་ན་རང་ཉིད་ཀྱི་མཐོང་རྒྱ་ཡང་ཆེ་རུ་འགྲོ་ངེས་རེད་འདུག་སྙམ།

ད་དུང་། མཇུག་ཞུ་འདོད་པ་ནི། དོན་དངོས་ཐོག་དགེ་ཆོས་ས་གནས་གང་སར་ཕེབས་པ་ལས་ང་ཚོ་འགྲོ་བ་མང་ཞིང་། ང་ཚོ་ལ་ཉམས་མྱོང་མང་བ་བསགས་དགོས་མོད། ཡིན་ཡང་། ང་ཚོ་ནི་རང་ཉིད་གང་དུ་བསྡད་སའི་ས་གནས་ཀྱི་ལོ་རྒྱུས་ལྟ་ཞོག རང་ཉིད་སྡོད་ས་ནས་མེ་འཁོར་བབ་ཚུགས་བར་གྱི་ཀི་ལོ་མི་ཊར་ཇི་ཙམ་ཡོད་མེད་ཀྱང་མི་ཤེས་པ་དང་། ཤེས་འདོད་ཀྱང་མི་བྱེད་པ་འདི་དག་དགེ་ཆོས་ཀྱིས་རིག་སོང་ན་དགེ་ཆོས་ཅི་འདྲ་ཐུགས་སེམས་མི་ཕམ་མམ། དེ་ནས།
ང་ཚོས་ས་གནས་གང་དུ་བསྐྱོད་ཀྱང་། དེར་རང་པར་ཁ་ཤས་རེ་བཏབ་དེ་ཙམ་གྱིས་འདོད་པ་མི་འཚིམ་པར་དེ་དང་
འབྲེལ་བའི་ཡུལ་སྐོར་གྱི་རྩོམ་ཡིག་ཐུང་ངུ་རེ་འབྲི་ཐབས་བྱེད་པའི་དུས་ཚོད་ལ་སླེབས་མི་འདུག་གམ།

༢༠༡༦། ཟླ་བ། ༡༠། ཚེས། ༢༠ ཉིན་སྐར་མ་༥༠
ནང་ཤར་མར་བྲིས།