Wednesday, November 18, 2015

ཁ་རྩང་དང་དེ་རིང་།

                           ----བེ་རི་རྒྱལ་སྲས།

ཁ་རྩང་ཁོ་བོ་མཆོད་རྟེན་དྲུང་དུ་སོང་།།

འདབ་ཆཌ་ཚོཌ་ཀྱིས་གྲེ་འགྱུར་སྙིང་ལ་འཇེབས།།

ལྗོན་ཤིང་ཕྲེང་བས་དགའ་བའི་མགྲོན་དུ་སྤྱོན།།

སྔོ་ལྗང་སྤང་གི་མཛེས་སྡུག་སྙིང་ལ་སིམ།།

ཉི་གཞོན་འཛུམ་པའི་ཟེགས་མ་མགོ་ལ་འཐོར།།

བསིལ་རླུང་འཇམ་པོས་བ་སྤུ་གྱེན་དུ་བསླངས།།

ལུས་སེམས་དགའ་བའི་འཛུམ་ཆུང་བཞིན་ལ་སྤར།།





དེ་རིང་སླར་ཡང་མཆོད་རྟེན་འགྲམ་དུ་སླེབས།།

འདབ་ཆཌ་ངུ་བའི་ཐན་སྐད་རྣ་བ་གཙེར།།

སྡོང་རྒན་ཁྲོས་པའི་ཡལ་འདབ་མགོ་ལ་བརྡེགས།།

ཐལ་བས་གཡོགས་པའི་ས་ཐང་མིག་ལ་གཟན།།

ཉི་མ་གཏུམ་པོའི་ཚ་ཟེར་ཐོད་ནས་བསྟིམས།།

ལྷགས་རླུང་རྩུབ་མོ་རུས་པའི་རྐང་ལ་ཟུག།

ཀུན་ལ་ཁྲོས་པའི་མ་མཆུ་སོ་ཡིས་བཏབ།།



༢༠༡༥/༡༡/༡༩ ཉིན། སྔ་དྲོ། ཚོུད། ༡༡:༢༠ ལས་ཁུངས།