སྙིང་ཁམས་རལ་བའི་སྐད་ཆ།
བེ་རི་རྒྱལ་སྲས།
ལར་ཞེན་སྙིང་ཁར་སྦྲུམ་པའི་ན་ཟུག་གིས།།
ཤ་རུས་ཚལ་བར་གཤགས་པའི་ཆོ་ངེ་སྒྲོག།།
ང་རོ་བྲག་ཅར་འཐིམ་པའི་སྐྱོ་གདུང་གིས།།
ཡོད་ཚད་དབུགས་རིང་ཞིག་གི་གྲོགས་སུ་གྱུར།།
གློ་སྙིང་ནུབ་ཀྱིས་ཟས་པའི་ཁོར་ཡུག་ན།།
ཤ་རུས་ཁྲག་ཀྱང་གཞན་གྱི་ཁ་ཟས་ཙམ།།
ཁ་བའི་ལས་དབང་ཞིག་གི་ཀྱོག་མཚམས་ནས།།
རེ་བའི་མིག་ཟུང་འདི་ཡང་ཟུམ་ལ་ཁད།།
ཤ་རུས་ཁྲག་ཀྱང་གཞན་གྱི་ཁ་ཟས་ཙམ།།
ཁ་བའི་ལས་དབང་ཞིག་གི་ཀྱོག་མཚམས་ནས།།
རེ་བའི་མིག་ཟུང་འདི་ཡང་ཟུམ་ལ་ཁད།།
ཐམས་ཅད་སྔུར་པ་སྒྲོག་པའི་མལ་ས་ནས།།
རྡོག་སྒྲ་ཞིག་གིས་བག་ཁུམ་ཚལ་བར་དབྲལ།།
ཡོད་ཚད་འུར་གྱིས་ལང་བའི་ལྟད་མོ་འདི།།
སྨྱུ་གུ་དམར་པོའི་སྒུལ་ཤུགས་ཅི་ལ་མིན།།
རྡོག་སྒྲ་ཞིག་གིས་བག་ཁུམ་ཚལ་བར་དབྲལ།།
ཡོད་ཚད་འུར་གྱིས་ལང་བའི་ལྟད་མོ་འདི།།
སྨྱུ་གུ་དམར་པོའི་སྒུལ་ཤུགས་ཅི་ལ་མིན།།
སྒྱུ་རྩལ་བག་མར་བསུས་པའི་འཕྲེང་ཞེན་གྱིས།།
ལྷན་སྐྱེས་རིག་པའི་བུ་ལ་གཅེས་སྐྱོང་མཛོད།།
ངེས་དོན་མཁས་པའི་གོ་འཕང་འཛིན་པ་ལ།།
ད་ལྟ་ཉིད་ནས་སྟ་གོན་མཛོད་ཅིག་བུ།།
ལྷན་སྐྱེས་རིག་པའི་བུ་ལ་གཅེས་སྐྱོང་མཛོད།།
ངེས་དོན་མཁས་པའི་གོ་འཕང་འཛིན་པ་ལ།།
ད་ལྟ་ཉིད་ནས་སྟ་གོན་མཛོད་ཅིག་བུ།།