Thursday, May 15, 2014

དུས་གསུམ་བྱེ་བྲག་པའི་རྣམ་གཞག་དང་དཔེར་བརྗོད་གཅེས་བཏུས།



དུས་གསུམ་བྱེ་བྲག་པ།

ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་གསུང་ལས།
བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ།།
བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང།།
སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི།།
རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང།།
འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ།།

དཀའ་གནད་གསལ་བའི་མེ་ལོང་ལས།
འདས་ལ་བས་འཕུལ་ཡང་འཇུག་ཡོད།།
ད་ལྟ་བ་ལ་གཉིས་ཀ་མེད།།
མ་འོངས་འཕུལ་ཡོད་ཡང་འཇུག་མེད།།
སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།།
སྐབས་འགར་འདས་དང་སྐུལ་ཚིག་ལ།།
ས་རྐྱང་སྦྱར་བས་འཐུས་པའང་ཡོད།།
                                       
ཅེས་པ་དང་དོན་འདྲ།
འདིའི་ནང་སྔོན་འཇུག་ལྔའི་ནང་ནས་བ་ཡིག་བྱེ་བྲག་ཏུ་བཀར་ནས་བཤད་པས་དུས་གསུམ་བྱེ་བྲག་པ་ཟེར།

འདས་པ།   Past
བ་སྔོན་འཇུགད་དང་ས་ཡང་འཇུག
ད་ལྟ་བ།     Present
སྔོན་འཇུག་མེད།ཡང་འཇུག་ཀྱང་མེད།
མ་འོངས་པ། Future
སྔོན་འཇུག་ཡོད།ཡང་འཇུག་མེད།
སྐུལ་ཚིག
སྔོན་འཇུག་མེད།ཡང་འཇུག་ཡོད།



བརྗོད་བྱ།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག

དཔེ་ཆ་སོགས།
བཀླག
ཀློག
བཀླགས།
ཀློགས།
གོས་ཀྱིས།
བཀླུབ།
ཀླུབ།
བཀླུབས།
ཀླུབས།
ནོར་ལ། 
བརྐམ།
རྐམ།
བརྐམས།
རྐོམས་ཤིག[1]
གཞན་ནོར།
བརྐུ།
རྐུ།
བརྐུས།
རྐུས།
ས་སོགས།
བརྐོ།
རྐོ།
བརྐོས།
རྐོས།
རྐང་ལག་སོགས།
བརྐྱང།
རྐྱོང།
བརྐྱངས།
རྐྱོངས།
ཐུགས་དམ་སོགས།
བསྐང།
སྐོང།
བསྐངས།
སྐོངས།
གོས་སོགས།
བསྐམ།
སྐེམ།
བསྐམས།
སྐོམས།[2]
སྣུམ་སོགས།
བསྐུ།
སྐུད།
བསྐུས།
སྐུས།
ཅ་ལག་སོགས།
བསྐུང།
སྐུང།
བསྐུངས།
སྐུངས།
རྐང་ལག་སོགས།
བསྐུམ།
སྐུམ།
བསྐུམས།
སྐུམས།
ཡི་གེ་སོགས།
བསྐུར།
སྐུར།
བསྐུར།
སྐུར།
གཞན་ལ།
བསྐུལ།
སྐུལ།
བསྐུལ།
སྐུལ།
ལས་བྱེད་སོགས།
བསྐོ།
སྐོ།
བསྐོས།
སྐོས།
ཞྭ་གོས་སོགས།
བསྐོན།
སྐོན།
བསྐོན།
སྐོན།
འཁོར་ལོ་སོགས།
བསྐོར།
སྐོར།
བསྐོར།
སྐོར།
ཆུ་སོགས།
བསྐོལ།
སྐོལ།
བསྐོལ།
སྐོལ།
སྤོས་པའི་དོན་གྱི།
བསྐྱ།
སྐྱས།
བསྐྱས།
སྐྱོས།
ཕྲུ་གུ་སོགས།
བསྐྱང།
སྐྱོང།
བསྐྱངས།
སྐྱོངས།
སྲོག་སོགས།
བསྐྱབ།
སྐྱོབ།
བསྐྱབས།
སྐྱོབས།
ཆུས་གཡོ་འགུལ་བྱེད་པ།
བསྐྱམ།
སྐྱོམ།
བསྐྱམས།
སྐྱོམས།
ཚིག་དོན་སོགས།
བསྐྱར།
སྐྱོར།
བསྐྱར།
སྐྱོར།
ཅ་ལག་སོགས།
བསྐྱལ།
སྐྱེལ།
བསྐྱལ།
སྐྱོལ།
དངུལ་སོགས།
བསྐྱི།
སྐྱི།
བསྐྱིས།
སྐྱིས།
ཆུ་སོགས་རྫིང་དུ།
བསྐྱིལ།
སྐྱིལ།
བསྐྱིལ།
སྐྱིལ།
ཟས་ངན་སོགས།
བསྐྱུག
སྐྱུག
བསྐྱུགས།
སྐྱུགས།
ཁེངས་པ་སོགས།
བསྐྱུང།
སྐྱུང།
བསྐྱུངས།
སྐྱུངས།
རྟ་ཁ་སོགས།
བསྐྱོག
སྐྱོགས།
བསྐྱོགས།
སྐྱོགས།
རླུང་གིས།
བསྐྱོད།
སྐྱོད།
བསྐྱོད།

རྟ་སོགས་ལ།
བསྐྱོན།
སྐྱོན།
བསྐྱོན།
སྐྱོན།
ཟུར་ནས།
བསྐྱོར།
སྐྱོར།
བསྐྱོར།
སྐྱོར།
མཐའ་ལ།
བསྐྲད།
སྐྲོད།
བསྐྲད།
སྐྲོད།
ཟས་སློང་བའི་དོན་གྱི།
བསྐྲུ།
སྐྲུ།
བསྐྲུས།
སྐྲུས།
པར་དུ།
བསྐྲུན།
སྐྲུན།
བསྐྲུན།
སྐྲུན།
ཆུ་བོ་སོགས།
བརྒལ།
རྒལ།
བརྒལ།
རྒལ།
དགྲ་ལ།
བརྒལ།
རྒོལ།
བརྒལ།
རྒོལ།
གྲོད་པ།
བརྒྱག
རྒྱགས།
བརྒྱགས།

མདའ་རྡོ་སོགས།
བརྒྱག།
རྒྱག
བརྒྱབ།
རྒྱོབ།
ཀོ་བ་སོགས།
བརྒྱང།
རྒྱོང།
བརྒྱངས།
རྒྱོངས།
རྒྱན་གྱིས།
བརྒྱན།
རྒྱན།
བརྒྱན།
རྒྱན།
ཕྲེང་བ་སོགས།
བརྒྱུ།
རྒྱུད།
བརྒྱུས།
རྒྱུས།
རྟ་སོགས།
བརྒྱུག
རྒྱུག།
བརྒྱགས།
རྒྱུགས།
སྐེ་སོགས།
བསྒག།
སྒག།
བསྒགས
སྒོགས།
མནའ་སོགས།
བསྒར།
སྒར།
བསྒར།
སྒོར།
བུ་རམ་སོགས།
བསྒར།
སྒར།
བསྒར།
སྒོར།
ལམ་སོགས་སུ།
བསྒུག།
སྒུག།
བསྒུགས།
  སྒུགས།
མགོ་སོགས།
བསྒུར།
སྒུར།
བསྒུར།
སྒུར།
རྡོ་སོགས།
བསྒུལ།
སྒུལ།
བསྒུལ།
སྒུལ།
བཀའ་སོགས།
བསྒོ།
སྒོ།
བསྒོས།
སྒོས།
ཟན་སོགས།
བསྒོང།
སྒོང།
བསྒོངས།
སྒོངས།
བསམ་གཏན་སོགས།
བསྒོམ།
སྒོམ།
བསྒོམས།
སྒོམས།
སྐད་སོགས།
བསྒྱུར།
སྒྱུར།
བསྒྱུར།
སྒྱུར།
ཤིང་སྡོང་སོགས།
བསྒྱེལ།
སྒྱེལ།
བསྒྱེལ།
སྒྱེལ།
གསར་འགྱུར་སོགས།
བསྒྲག།
སྒྲོག
བསྒྲགས།
སྒྲོགས།
བསད་པའི་དོན་གྱི།
བསྒྲལ།
སྒྲོལ།
བསྒྲལ།
སྒྲོལ།
གྲལ་སོགས།
བསྒྲིག།
སྒྲིག།
བསྒྲིགས།
སྒྲིགས།
ཕན་ཚུན་འགྲན་པའི།
བསྒྲིན།
སྒྲིན།
བསྒྲིན།
སྒྲིན།
རྨོངས་པས།
བསྒྲིབ།
སྒྲིབ།
བསྒྲིབས།
སྒྲིབས།
བློ་སོགས།
བསྒྲིམ།
སྒྲིམ།
བསྒྲིམས།
སྒྲིམས།
ཐི་གུ་སོགས།
བསྒྲིལ།
སྒྲིལ།
བསྒྲིལ།
སྒྲིལ།
རྡོ་ཤིང་སོགས།
བསྒྲུག།
སྒྲུག
བསྒྲུགས།
སྒྲུགས།
དཔེ་སོགས་དང།
བསྒྲུན།
སྒྲུན།
བསྒྲུན།
སྒྲུན།
ལས་དོན་སོགས།
བསྒྲུབ།
སྒྲུབ།
བསྒྲུབས།
སྒྲུབས།
རིགས།
བསྒྲེ།
སྒྲེ།
བསྒྲེས།
སྒྲེས།
རྒྱལ་མཚན།
བསྒྲེང་།
སྒྲེང།
བསྒྲེངས།
སྒྲེངས།
བུད་མེད།
བསྒྲོད།
སྒྲོད།
བསྒྲོད།
སྒྲོད།
མཇལ་དར་སོགས།
བསྒྲོན།
སྒྲོན།
བསྒྲོན།
སྒྲོན།
ཟས་ནོར་གྱིས།
བརྔན།
རྔན།
བརྔན།
རྔོན།
རྒྱུ་དངོས་ལ།
བརྔམ།
རྔམ།
བརྔམས།

དབུགས་སོགས།
བརྔུབ།
རྔུབ།
བརྔུབས།
རྔུབས།
ནས་སྲན་སོགས།
བརྔོ།
རྔོ།
བརྔོས།
རྔོས།
སྒྱུ་ཐབས་ཀྱིས།
བརྔོད།
རྔོད།
བརྔོད།
རྔོད།
རི་དྭགས་སོགས།
བརྔོན།
རྔོན།
བརྔོན།
རྔོན།
ཅ་ལག་སོགས།
བརྗེ།
བརྗེ།
བརྗེས།
རྗེས།
བསྟོད་པའི་དོན་གྱི།
བརྗེད།
རྗེད།
བརྗེད།
རྗེད།
བཤད་བའི་དོན་གྱི།
བརྗོད།
རྗོད།
བརྗོད།
རྗོད།
གཏམ་སོགས།
བསྙད།
སྙོད།
བསྙད།
སྙོད།
ཅ་ལག་སོགས།
བསྙབ།
སྙོབ།
བསྙབས།
སྙོབས།
ཁོད་སོགས།
བསྙམ།
སྙོམ།
བསྙམས།
སྙོམས།
ཆང་སོགས།
བསྙལ།
སྙོལ།
བསྙལ།
སྙོལ།
ལྷུང་བཟེད་སོགས།
བསྙིག།
སྙིག།
བསྙིགས།
སྙིགས།
བྲག་རི་སོགས།
བསྙིལ།
སྙིལ།
བསྙིལ།
སྙིལ།
ཚོས་བྱུག་པའི།
བསྙུག
སྙུག
།བསྙུགས།
སྙུགས།
ཉུང་དུ་བཏང་བའི།
བསྙུང་།
སྙུང།
བསྙུངས།
སྙུངས།
ན་བའི་ཞེ་ཚིག།
བསྙུན།
སྙུན།
བསྙུན།

ལུས་རྒྱབ་ཏུ།
བསྙེ།
སྙེ།
བསྙེས།
སྙེས།
གནས་སུ།
བསྙེག།
སྙེག།
བསྙེགས།
སྙེགས།
སྐྲག་པའི་དོན་གྱི།
བསྙེངས།
སྙེང།
བསྙེངས།
སྙེངས།
ང་རྒྱལ་བྱས་པའི་དོན་གྱི།
བསྙེམ།
སྙེམ།
བསྙེམས།

ཁྲོ་གཉེར་བསྡུས་པའི།
བསྙེར།
སྙེར།
བསྙེར།

བརྗེད་པའི་ཞེ་ཚིག་ཏུ།
བསྙེལ།
སྙེལ།
བསྙེལ།

ཆུ་སོགས།
བསྙོག།
སྙོག
བསྙོགས།
སྙོགས།
བྱིན་པའམ་གསོ་བའི།
བསྙོད།
སྙོད།
བསྙོད།
སྙོད།
ཡིན་མིན་སོགས།
བསྙོན།
སྙོན།
བསྙོན།
སྙོན།
བསྙིལ་བའི་དོན་གྱི།
བསྙོར།
སྙོར།
བསྙོར།
སྙོར།
ཕུལ་བའི་དོན།
བསྟབ།
སྟོབ།
བསྟབས།
སྟོབས།
ལེགས་ཉེས་སོགས།
བརྟག
རྟོག
།བརྟགས།
རྟོགས།
གཞན་ལ་ཡིད།
བརྟན།
རྟོན།
བརྟན།
རྟོན།
བྱ་བའི་འཕྲོ་སོགས།
བརྟུལ།
རྟུལ།
བརྟུལ།
རྟུལ།
གཞན་ལ།
བརྟེན།
རྟེན།
བརྟེན།
རྟེན།
རྟ་དྲེལ་སོགས་ཐག་པས།
བརྟོད།
རྟོད།
བརྟོད།
རྟོད།
གནས་སུ།
བརྟོལ།
རྟོལ།
བརྟོལ།

རྣག་ཁྲག་སོགས།
བརྟོལ།
རྟོལ།
བརྟོལ།
རྟོལ།
ལྟད་མོ་སོགས།
བལྟ།
ལྟ།
བལྟས།
ལྟོས།
གོས་སོགས།
བལྟབ།
ལྟེབ།
བལྟབས།
ལྟེབས།
ཁྱེད་ཀྱིས།
བསྟང།
སྟང།
བསྟངས།
སྟོངས།
རྟ་ལ་སྒ་བརྒྱབ་པའི།
བསྟད།
སྟོད།
བསྟད།
སྟོད།
ལམ་སོགས།
བསྟན།
སྟོན།
བསྟན།
སྟོན།
གྲལ་དང་ཕྲེང་སོགས།
བསྟར།
སྟར།
བསྟར།
སྟོར།
གནས་སུ།
བསྟི།
སྟི།
བསྟིས།
སྟིས།
འཕྱ་སྨོད་བྱེད་པའི།
བསྟིང།
སྟིང།
བསྟིངས།
སྟིངས།
ཐིམ་དུ་བཅུག་པའི་དོན།
བསྟིམ།
སྟིམ།
བསྟིམས།
སྟིམས།
ཐུང་དུ་བཏང་བའི།
བསྟུང།
སྟུང།
བསྟུངས།
སྟུངས།
རྒྱུན་མཐུད་པའི་དོན།
བསྟུད།
སྟུད།
བསྟུད།
སྟུད།
མཐུན་པར་བྱས་པའི།
བསྟུན།
སྟུན།
བསྟུན།
སྟུན།
ཁང་པ་སོགས།
རྡིབ།
རྡིབ།
རྡིབས།

ཐལ་མོ་སོགས།
བརྡབ།
རྡེབ།
བརྡབས།
རྡོབས།
གྲི་སོགས།
བརྡར།
རྡར།
བརྡར།
རྡོར།
འབྲུ་སོགས་ཐང་མར།
བརྡལ།
རྡལ།
བརྡལ།
རྡོལ།
རྔ་སོགས།
བརྡུང།
རྡུང།
བརྡུངས།
རྡུངས།
གྲི་སོགས།
བརྡེག
རྡེག།
བརྡེགས།
རྡེགས།
སྐྱོ་མ་སོགས།
བལྡག།
ལྡག།
བལྡགས།
ལྡོགས།
ཟས་སོགས་སོ་ཡིས།
བལྡད།
ལྡད།
བལྡད།
ལྡོད།
བསྐྱར་བལྡབ་བཤད་པའི།
བལྡབ།
ལྡེབ།
བལྡབས།
ལྡོབས།
གདན་སོགས་ལ།
བསྡད།
སྡོད།
བསྡད།
སྡོད།
ཐག་པས།
བསྡམ།
སྡོམ།
བསྡམས།
སྡོམས།
སྡིགས་མོས།
བསྡིག།
སྡིག།
བསྡིགས།
སྡིགས།
དགྲ་བོ་སོགས་དབང་དུ།
བསྡུ།
སྡུད།
བསྡུས།
སྡུས།
འཁོན་པ།
བསྡུམ།
སྡུམ།
བསྡུམས།
སྡུམས།
དངོས་པོ་ཕན་ཚུན།
བསྡུར།
སྡུར།
བསྡུར།
སྡུར།
མཉམ་དུ།
བསྡེབ།
སྡེབ།
བསྡེབས།
སྡེབས།
དགྲ་སོགས་དང།
བསྡོ།
སྡོ།
བསྡོས།
སྡོས།
ཐག་པ་སོགས།
བསྡོག
སྡོག
བསྡོགས།
སྡོགས།
མཉམ་དུ།
བསྡོང།
སྡོང།
བསྡོངས།
སྡོངས།
གྲངས་སོགས་ཁྱོན།
བསྡོམ།
སྡོམ།
བསྡོམས།
སྡོམས།
ཡིད་ལ།
བརྣག
རྣོག།
བརྣགས།
རྣོགས།
སྦས་པའི་དོན་གྱི།
བརྣོག།
རྣོག།
བརྣོགས།
རྣོགས།
མགོ་ལུས་སོགས།
བསྣད།
བསྣད།
བསྣད།

གྲངས་སོགས།
བསྣན།
སྣོན།
བསྣན།
སྣོན།
ཕྱག་ཏུ།
བསྣམ།
སྣོམ།
བསྣམས།
སྣོམས།
ཐག་པ་སོགས།
བསྣར།
སྣར།
བསྣར།
སྣོརད།
མཚོན་སོགས།
བསྣུན།
སྣུན།
བསྣུན།
སྣུན།
སྲོལ་ངན་སོགས།
བསྣུབ།
སྣུབ།
བསྣུབས།
སྣུབས།
དུས་ཚོད་སོགས།
བསྣུར།
སྣུར།
བསྣུར།
སྣུར།
ནེམ་པར།
བསྣེམ།
སྣེམ།
བསྣེམས།
སྣེམས།
ཟན་སོགས།
བསྣོ།
སྣོ།
བསྣོས།
སྣོས།
གོང་འོག་སོགས།
བསྣག།
སྣོག།
བསྣོགས།
སྣོགས།
གོ་རིམ་སོགས།
བསྣོར།
སྣོར།
བསྣོར།
སྣོར།
ཕན་ཚུན།
བསྣོལ།
སྣོལ།
བསྣོལ།
སྣོལ།
ཁ་མཆུ་སོགས།
བརྩད།
རྩོད།
བརྩད།
རྩོད།
བསྟན་བཅོས་སོགས།
བརྩམ།
རྩོམ།
བརྩམས།
རྩོམས།
གྲངས་སོགས།
བརྩི།
རྩི།
བརྩིས།
རྩིས།
རྡོ་སོགས།བརྩིགས།
བརྩིག།
རྩིག
བརྩིགས།
རྩིགས།
གོས་སོགས།
བརྩིང།
རྩིང།
བརྩིངས།
རྩིངས།
རྩེད་མོ་སོགས།
བརྩེ།
རྩེ།
བརྩེས།
རྩེས།
སྟེང་དུ།
བརྩེག
རྩེག
བརྩེགས།
རྩེགས།
གནང་བའི་དོན་གྱི།
བསྩལ།
སྩོལ།
སྩལ།[3]
སྩོལ།
ཕོ་ཉ་སོགས།
བརྫང།
རྫོང།
བརྫངས།
རྫོངས།
ས་སོགས།
བརྫད།
རྫོད།
བརྫད།
རྫོད།
སྣོད་ཀྱི་ནང་དུ།
བརྫབ།
རྫོབ།
བརྫབས།
རྫོབས།
རྐང་པ་སོགས་ཀྱིས།
བརྫི།
རྫི།
བརྫིས།
རྫིས།
སྤྲུལ་པའི་དོན་གྱི།
བརྫུ།
རྫུ།
བརྫུས།
རྫུས།
ཕུ་དུང་སོགས།
བརྫེ།
རྫེ།
བརྫེས།
རྫེས།
རུས་པ་སོགས།
བརྫོག
རྫོག
བརྫོགས།
རྫོགས།
ལ་སོགས།
བཟླ།
ཟློ།
བཟླས།

སྔགས་སོགས།
བཟླ།
ཟློ།
བཟླས།
ཟློས།
གཏམ་སོགས་རྣ་བར།
བཟླུག།
ཟླུག།
བཟླུགས།
ཟླུགས།
གཅིག་ཏུ།
བཟླུམ།
ཟླུམ།
བཟླུམས།
ཟླུམས།
རྐྱེན་ངན་སོགས།
བཟློག
ཟློག
བཟློག།
ཟློག
རྩ་མེད་དུ་བཏང་བའི་དོན།
བརླག།
རློག།
བརླགས།
རློགས།
རློན་པ་བཟོས་པའི་དོན།
བརླན།
རློན།
བརླན།
རློན།
བྱིན་གྱིས།
བརླབ།
རློབ།
བརླབས།
རློབས།
ཁོག་པ་སོགས།
བརླམ།
རློམ།
བརླམས།
རློམས།
ཡོ་བ་དྲང་པོ་བཟོས་བའི།
བསྲང།
སྲོང།
བསྲངས།
སྲོངས།
བཟོད་པའི་དོན།
བསྲན།
སྲན།
བསྲན།
སྲོན།
ཉེས་པ་དང་དྲི་མ་སོགས།
བསྲབ།
སྲབ།
བསྲབས།
སྲོབས།
རྒྱུ་ནོར་སོགས།
བསྲི།
སྲི།
བསྲིས།
སྲིས།
རིང་དུ་བཏང་བའི་དོན།
བསྲིང།
སྲིང།
བསྲིངས།
སྲིངས།
སྡོམ་པ་སོགས།
བསྲུང།
སྲུང།
བསྲུངས།
སྲུངས།
ཞོ་དང་ཇ་སོགས།
བསྲུབ།
སྲུབ།
བསྲུབས།
སྲུབས།
དངོས་རྫས་སོགས་མཉམ།
བསྲེ།
སྲེ།
བསྲེས།
སྲེས།
ཤོག་བུ་སོགས་མེ་ལ།
བསྲེག
སྲེག
བསྲེགས།
སྲེགས།
རྒྱུན་རིང་ཉར་བའི།
བསྲེལ།
སྲེལ།
བསྲེལ།
སྲེལ།
ལག་པ་སོགས་མེ་ལ།
བསྲོ།
སྲོ།
བསྲོས།
སྲོས།
གོས་སོགས་ཀྱི་ནང།
བསློག
སློག
བསློགས།
སློགས།
གཡོ་སྒྱུའི་སྒོ་ནས།
བསླུ།
སླུ།
བསླུས།
སླུས།
ལག་ཤེས་སོགས།
བསླབ།
སློབ།
བསླབས།
སློབས།
ལྷད་བཅུག་པའི།
བསླད།
སློད།
བསླད།
སློད།
ཕྱོགས་སུ།
བསླན།
སློན།
བསླན།
སློན།
གྱེན་དུ་དང་ཟས་སོགས།
བསླང།
སློང།
བསླངས།
སློངས།
སྐྲ་སོགས།
བསླ།
སླ།
བསླས།
སློས།

དུས་གསུམ་བྱེ་བྲག་པ་ཡིན་ན་མགོ་ཅན་ཡོད་པས་ཁྱབ་བམ་ཞེ་ན་མི་ཁྱབ་སྟེ།
དཔེར་ན།

ཁ་ལག་སོགས།
བཟའ་རྒྱུ།
ཟ་བཞིན་པ།
བཟས།
ཟོ་ཞིག
དེབ་སོགས།
བཀླག་རྒྱུ།
ཀློག་བཞིན་པ།
བཀླགས་ཟིན་པ།
ཀློགས་ཤིག
སྣུམ་ལ།
བསྲེག་རྒྱུ།
སྲེག་བཞིན་པ།
བསྲེགས་ཟིན་པ།
སྲེགས་ཤིག

སོགས་ལ་མགོ་ཅན་མེད་པ་ཡིན། ཡིན་ཡང་བྱེ་བྲག་པའི་ལས་ཚིག་ཕལ་མོ་ཆེ་ལ་མགོ་ཅན་ཡོད་པ་ཤེས་དགོས


[1] རྐམ་ཞེས་པའི་བྱ་ཚིག་འདི་བྱེད་མེད་ལས་ཚིག་ཡིན་ཡང་། འདི་ལ་སྐུལ་ཚིག་ཐོབ་པ་ཡིན། འདི་བྱེད་འབྲེལ་ཡིན་མིན་ལ་དོགས་གཞི་ཡོད།
[2] འདི་ལ་ཡང་འཇུག་ངེས་པར་དུ་འབྲི་དགོས། མཁས་པ་ཁ་ཤས་ཀྱིས་བྲིས་མི་འདུག
[3] འདི་ཡི་འདས་པ་ལ་བསྩལད་ཅེས་བྲིས་པ་སྔོན་གྱི་ཡིག་རྙིང་ནང་ཟུར་ཙམ་ཡང་མེད་ཀྱང་། དེང་གི་དག་ཡིག་གསར་བསྒྲིགས་ ༦༣༡སོགས་སུ་བསྩལད་ཅེས་བྲིས་པའང་སྣང་ཞིང་། བྱེ་བྲག་པའི་སྤྱི་སྒྲིག་སྲོལ་ལྟར་ན་བསྩལད་ཅེས་འབྲི་དགོས་ཀྱང་། སྔོན་གྱི་དཔེ་རྙིང་གང་གི་ནང་མེད་པས། དེ་དག་ལའང་མ་བསྟུན་ཀ་མེད་ཅིག་ཀྱང་ཡིན་པས་མཁས་པ་དག་གིས་དཔྱད་པར་འཚལ་ལོ།།