Friday, June 21, 2013

བྷུན་ཏར་ལས་བྱེད་རྣམས། ཡང་ན། བྷུན་ཏར་ཕོ་སར་ཚོ།


བྱམས་དང་བརྩེ་བས་སློབ་ཚོགས་རིང་ནས་བསྐྱངས།།
པ་ལོ་ལྡན་ཡང་རབ་བྱུང་ལས་ཀྱང་བཙུན།།
ཐུབ་ཚོད་འཇོན་ཚོད་ཤེས་བྱའི་ནོར་བུའི་ཚོགས།།
བསྟན་མཛད་འབུམ་རམས་ཁྱེད་བཞིན་སྲིད་ན་དཀོན།།

བསྟན་འདོད་མེད་པའི་ཤེས་ཡོན་བརྒྱ་ཕྲག་ཅིག
འཛིན་ཅིང་རྟག་ཏུ་ཉམ་ཆུང་ཟོལ་འཆང་བའི།།
བླང་བྱའི་གནས་རྣམས་དམ་གྱིས་འཛིན་པ་དང་།།
འདོར་མ་ཕོད་པའི་ཕོ་སར་ཁྱེད་ཉིད་ཙམ།།


མཁྱེན་པའི་ཡོན་ཏན་རབ་ཏུ་རྒྱས་ཤིང་རྒྱས།།
རབ་ཏུ་འཇམ་པའི་དབུ་སྐྲ་འཕྲེད་དུ་འཕྱང་།།
མཁྱེན་རབ་ཅེས་སུ་གང་སར་གྲགས་གྱུར་པའི།།
རབ་ལེགས་ཕོ་བཞོན་དར་མ་ཁྱེད་ལས་སུ།།

བསྟན་དོན་དགོངས་ནས་རབ་བྱུང་མ་བསྒྲུབས་ཀྱང་།།
འཛིན་མའི་ཁྱོན་འདིར་སྐུ་ཟླ་མཛེས་མ་དང་།།
རྡོ་བོ་ཇི་བཞིན་བརྟན་པའི་བརྩེ་དུང་གིས།།
རྗེ་མོ་ཡིན་ཡང་ཐུགས་སེམས་འགུལ་ལམ་སྙམ།།

རྡོ་བོ་ཇི་བཞིན་ལྟ་བ་མི་མཁྲེགས་ཤིང་།།
རྗེ་བོ་ལྟ་བུར་དབང་ཡང་མི་བཙན་པའི།།
རྡོ་བོ་ལས་ཀྱང་བརྟན་པའི་ཕོ་གཞོན་འདི།།
རྗེ་མོ་ཡིན་ཡང་མག་པར་བསུ་འོས་སྙམ།།

དཔལ་ལྡན་ཚངས་སྲས་དགྱེས་པའི་བློ་གྲོས་དང་།།
ལྡན་པའི་ཁ་བ་དཀར་པོའི་བུ་རྒྱུད་ཅིག།
རྣམ་དཔྱོད་རབ་རིབ་ཅིག་གིས་ཕྱོགས་ཀུན་ལས།།
རྒྱལ་བའི་བ་དན་འཆང་བ་ང་ཡིན་སྙམ།།