རང་ལུས་མེར་སྲེག་དང་བོད་ཀྱི་གཞོན་སྐྱེས།
རང་ལུས་མེར་སྲེག་དང་བོད་ཀྱི་གཞོན་སྐྱེས།
ང་
ཚོའི་ཕ་ཡུལ་དུ་ཉིན་རེ་ནས་ཉིན་རེར་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་ནས་ཇེ་མང་
དུ་འགྲོ་བཞིན་པ་དང་།
བོད་ནང་གི་གནས་སྟངས་ནི་ཛ་དྲག་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་ང་ལྟ་བུ་ཞིག་གིས་བྱེད་ཐུབ་པ་ནི་གནས་ཚུལ་རྣམས་ཕྱི་རྒྱལ་ངོ་ཤེས་རྣམས་ལ་འགྲེལ་
བརྗོད་དང་བོད་དོན་དྲིལ་བསྒྲགས་ཙམ་ལས།
གཞན་པའི་བོད་དོན་གྱི་ལས་འགུལ་གང་ཡང་བྱེད་མ་ཐུབ་པར་ལུས་པ་ནི་ངོ་ཚ་དགོས་པ་
ཞིག་རེད།
བོད་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་མང་དུ་བྱུང་བའི་མཚམས་སུ་རྒྱལ་
སྤྱིའི་ནང་མེར་སྲེག་གཏོང་དོན་དང་འབྲེལ་བའི་བོད་དོན་གྱི་ཐད་དོ་སྣང་དང་སེམས་
ཁུར་གནང་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པར་སྣང་།
མེར་སྲེག་གཏོང་དོན་གང་ཡིན་ཐད་ཕྱི་རྒྱལ་གྱི་མཁས་པ་རྣམས་ལ་བསམ་ཚུལ་འདྲ་མིན་
འབྱུང་བཞིན་པ་དང་། བསམ་ཚུལ་མང་ཆེ་བ་ཞིག་ནི་གཅིག་མཚུངས་སུ་སྣང་ཞིང་།
དེ་ཡང་དཔེར་ན་ཧྥི་རན་སིའི་རྩོམ་པ་པོ་དང་གསར་འགོད་པ་ Claude
Arpiཀི་ལཱུཋ་ཨར་པིས་China needs the Dalai Lama
(1)“རྒྱ་ནག་ལ་ཏཱ་ལའི་བླ་མ་དགོས་ངེས་རེད།”ཅེས་པའི་རྩོམ་ཡིག་དེའི་ནང་གི་YOUTH
AND SELF-IMMOLATIONS གཞོན་སྐྱེས་དང་རང་ལུས་མེར་སྲེག་ཅེས་པའི་ལེ་ཚན་ནང་།
རང་ལུས་མེར་སྲེག་གཏོང་བ་དེ་ཡ་མཚན་པོ་ཞིག་འདུག
རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བ་ནི་གཞོན་སྐྱེས་རྐྱང་པ་རེད་འདུག་ལ།
དེ་རྣམས་ཕྱི་ལོ་༡༩༥༩ སྐབས་སྐྱེས་པ་རེད་མི་འདུག་ལ། ༡༩༨༨ དང་༡༩༨༩
ལོའི་སྐབས་ཀྱང་རེད་མི་འདུགའདི་ནི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་ལས་འགུལ་གྱི་
རྣམ་པ་གསར་པ་ཞིག་རེད་འདུག་ཅེས་གསུངས་པ་དང་།
ཡང་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་ཞིག་གིས།
བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་བཙན་གནོན་ལ་མི་བཟོད་པ་དང་དེའི་
རྐྱེན་གྱིས་སྤྱི་ཚོགས་ནང་བརྡབ་གསིག་བཟོ་འདོད་ཀྱང་མེད་པར་རང་ཉིད་ཀྱི་དཀའ་ངལ་
རྣམས་ཕྱི་རུ་འདོན་ཆེད་རང་ལུས་མེ་རུ་བསྒྲོན་པ་རེད།”ཅེས་གསུངས་པ་སོགས་ཀྱིས་
མཚོན་ཕྱི་རྒྱལ་གྱི་མཁས་པ་དང་གྲགས་ཅན་མི་སྣ་ཚང་མས་བོད་ནང་གི་རང་ལུས་མེར་
སྲེག་གི་ལས་འགུལ་ལ་སེམས་འཚབ་དང་འབྲེལ་བསྟོད་བསྔགས་ཤུགས་ཆེར་གནང་གི་ཡོད།

རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་རང་ཉིད་གང་དུ་ཡོད་སའི་སྤྱི་ཚོགས་
དེའི་བཙན་གནོན་དང་དབང་ཤུགས་ལ་ངོ་རྒོལ་མཚོན་བྱེད་དུ་བྱས་པ་ཞིག་ཡིན་པ་དང་།དེ་
ཡང་བོད་ཀྱི་བང་ཆེན་འདོན་ཐེངས་སྔོན་མའི་ནང་མཁས་དབང་ཚེ་རིང་ཤཱཀྱ་དང་ཆུང་ཚེ་
རིང་གིས་གསུངས་པ་བཞིན་བོད་ཀྱི་ལོ་རྒྱུས་ཐོག་ཐེངས་ཁ་ཤས་ཤིག་བྱུང་སྣང་ཞིང།
དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་གཅིག་བྱུང་བ་སྟེ།
ཉང་ཆོས་འབྱུང་དུ།(2)
དྲང་སྲོང་བཟོད་པས་ལུས་ལ་མར་མེ་སྤར་ནས་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་
སྒོ་ནས་ཚོགས་བསགས་པ་གལ་ཆེ་བྱས་པས། བཙན་པོ་ན་རེ།
ལུས་ལ་མེ་སྤར་བའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས་
སོ།། ཞེས་གསལ་བ་དང་།
དུས་ཕྱིས་སུའང་ར་མོ་ཆེའི་ནང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་སླེབས་ཡོད་པ་
སོགས་བོད་ཀྱི་སྔོན་མའི་ལོ་རྒྱུས་ནང་དུའང་རང་ལུས་མེར་སྲེག་གི་གནས་ཚུལ་ཉུང་
ཤས་ཤིག་དོན་ཡོད།
རང་ལུས་མེར་སྲེག་གཏོང་མཁན་ནི་ཆོས་ཀྱི་དོན་དུ་ཡིན་པ་ལས་ཆོས་མིན་གྱི་བྱ་བ་
དམག་འཐབ་ལ་སོགས་པའི་ཆེད་དུ་ཡེ་ནས་མིན་པ་དང་།
བོད་ཙམ་མིན་པར་རྒྱལ་ཁབ་གཞན་གྱི་ནང་དུའང་དེ་འབྲེལ་གྱི་རང་ལུས་སྲེག་གཏོང་མཁན་
གྱི་གྲྭ་པ་དང་བཙུན་མ་མང་དུ་བྱུང་ཡོད་དེ། ༡༩༤༨
ལོར་ཧར་བྷིན་(Harbin)གྱི་གྲོང་ཁྱེར་དུ་གྲྭ་པ་ཞིག་གིས་མཱོ་ཙི་ཏུང་གི་ནང་ཆོས་
བཀག་སྡོམ་གྱི་ལས་འགུལ་ལ་ངོ་རྒོལ་བྱེད་ཆེད་ཤིང་ཕྱེ་སྤུངས་པའི་ཐོག་པདྨའི་
དབྱིབས་བཞིན་བསྡད་ཅིང་དེའི་ཐོག་སྣུམ་བླུག་ནས་རང་ཉིད་ཀྱི་སྐུ་ལུས་མེ་རུ་
བསྲེགས་ཡོད་འདུག
ཕྱི་ལོ་༡༩༦༣ ལོར། ཋིག་ཁུང་གྷུག་(Thich Quang
Duc)ཅེས་པའི་ཝི་ཏི་ནམ་གྱི་གྲྭ་པ་དེས་རང་ལུས་མེར་བསྲེགས་པ་དང་།
སྐབས་དེ་དུས་པེ་ཅིང་གཞུང་གིས་གྲྭ་པ་དེས་རང་ལུས་མེར་སྲེག་གི་བྱ་སྤྱོད་དེ་ལ་
བསྟོད་བསྔགས་རྒྱ་ཆེར་དང།
པར་དེ་འབུམ་མང་པོར་དཔར་སྐྲུན་བྱས་ནས་གང་སར་སྦྱར་འགྲེམས་བྱས་པ་དང་།
དེ་ཡང་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་ཕྱོགས་སུ་ཨ་རི་ཡིས་བཙན་རྒྱལ་རིང་ལུགས་ཀྱིས་
བཙན་གནོན་ཇི་ལྟར་བྱས་མིན་གྱི་གསལ་བཤད་བྱེད་ཨེ་ཐུབ་མི་ཐུབ་བལྟས་པ་རེད།
དེའི་རྗེས་སུའང་ཝིཏ་ནམ་གྱི་གྲྭ་པ་དང་བཙུན་མ་མང་པོས་རང་ལུས་མེར་བསྲེགས་གནང་
ཡོད་འདུག
(3)ཝི་ཏི་ནམ་གྱི་གྲྭ་པ་དེས་ཨ་རིའི་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེེར་སྲེག་གི་
ལས་འགུལ་སྤེལ་སྐབས་རྒྱ་ནག་གིས་དེ་ལ་རྒྱབ་སྐྱོར་ཙམ་དུ་མ་ཟད།
དེའི་པར་གང་སར་བཀྲམ་ནས་ཁྱབ་བསྒྲགས་གང་ཐུབ་བྱས་ཡོད་ཀྱང་།
ད་ཆ་བོད་ནང་དུ་རྒྱ་དམར་གྱི་བཙན་གནོན་ལ་མི་བཟོད་པར་རང་ལུས་མེར་སྲེག་གི་ལས་
འགུལ་སྤེལ་སྐབས།
དེ་དག་ཁ་བྲལ་དང་འཇིགས་སྐུལ་བ་སོགས་ཀྱིས་བསྙད་ནས་བཙན་གནོན་ཇེ་ཆེར་དང་དེའི་
སྤུན་མཆེད་རྣམས་ལའང་འདྲི་རྩད་བྱེད་པ་དེ་ནི་དངོས་ཡོད་གནས་ལུགས་དང་དྲང་བདེན་
ལས་བརྒལ་བ་ཞིག་རེད།

བོད་དུ་རྒྱ་དམར་གྱི་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ཤིན་ཏུ་མང་པོ་ཞིག་
འདས་གྲོངས་སུ་གྱུར་ཡོད་པ་དང། ཁ་ཤས་མུ་གེས་གྲོངས་པ་དང་།
ཁ་ཤས་དམག་འཐབ་ཀྱིས་གྲོངས་པ། ཁ་ཤས་རང་ཤི་བསྐྱོན་ནས་གྲོངས་པ།
དེང་གི་ཆར་མང་པོ་ཞིག་རང་ལུས་མེར་སྲེག་བཏང་ནས་གྲོངས་འགྲོ་གི་ཡོད་ལ།
རང་ལུས་མེར་སྲེག་གཏོང་བའི་ལས་འགུལ་འདི་རྒྱ་གར་གྱི་མུ་སྟེགས་པ་རྣམས་ཀྱིས་མེ་
ལྔ་བསྟེན་པ་དང་ཡེ་ནས་མི་འདྲ་བར་རང་མི་རིགས་ཤིག་གི་རིག་གཞུང་དང་ཆོས་དད་རང་
དབང་དང་།
དེ་བཞིན་སངས་རྒྱས་ཀྱི་བསྟན་པ་གནས་དང་མི་གནས་ཀྱི་མཚམས་ནས་སངས་རྒྱས་ཀྱི་བསྟན་
པ་སྲུང་བའི་ཕྱིར་བཙན་གནོན་ལ་ངོ་རྒོལ་ཆེད་ཡིན་པས།
དེ་ནི་ཆོས་དང་མཐུན་པའི་བྱ་བ་ཞིག་ལོས་ཡིན་ཏེ།
དེ་སྔོན་ཚ་རྡོར་མཁན་པོ་ངག་དབང་ཚུལ་ཁྲིམས་བོད་ཀྱི་སྲིད་སྐྱོང་གནང་བའི་སྐབས་
ཁོང་གིས། ངས་དགའ་ལྡན་གསེར་ཁྲི་འཛིན་མྱོང་སོགས་བླ་མའི་གནས་ལ་བརྟེན།
འཐབ་འཛིང་དངོས་སུ་བྱས་པས་ཅི་ལ་འཐུས་ཀྱང་། “བསྟན་པར་དགྲ་བྱུང་ན།
མཁར་བསིལ་མདུང་ཚབ་”ཀྱི་དཔེ་ལྟར་བོད་དམག་གི་རྒྱབ་འདེད་ཙམ་ལ་འགྲོ་དགོས་བྱུང་
རུང་ཕྱིན་ཏེ།
(4)ཞེས་སོགས་སངས་རྒྱས་ཀྱི་བསྟན་པ་སྲུང་སྐྱོབ་དང་བསྟན་པར་བཙན་གནོན་བྱེད་མཁན་
ལ་ངོ་རྒོལ་གྱི་ཆེད་རང་ལུས་མེར་སྲེག་གཏོང་བ་དེ་ཡང་མི་འགྲིགས་པ་མེད་པ་ནི་ཤིན་
ཏུ་གསལ་པོ་ཡིན།