ཀ་རྩོམ་ང་ཚོའི་དབུ་འཛིན་ལ་བསྟོད་པ།
ཀ་ལོན་སྦུག་ནས་འདི་ན་ཕེབས་པ་ཡི།།
ཁ་བ་ཅན་གྱི་གཞོན་ནུ་ང་ཚོའི་ཆེད།།
ག་དུས་ཡིན་ཡང་ཐུགས་ཁུར་ཆེར་གནང་བའི།།
ང་ཚོའི་སློབ་གྲྭའི་དབུ་འཛིན་ཁྱེད་ལ་འདུད།།
ཅ་དངོས་འབྱོར་ལ་དེ་ཙམ་མི་ཆགས་པར།།
ཆ་ལུགས་བཟང་པོས་དལ་གྱིས་ཕེབས་མཛད་དེ།།
ཇ་ཡུན་ཙམ་ལའང་སྤྱི་སེམས་དགོངས་མཛད་པའི།།
ཉ་གང་ཟླ་བ་ཁྱེད་འདྲ་ཤིན་ཏུ་དཀོན།།
ཏཱ་ལའི་བླ་མའི་བཀའ་དགོངས་ཟབ་མོ་བཞིན།།
ཐ་མལ་སློབ་ཕྲུག་ང་ཚོ་ཀུན་གྱི་དོན།།
ད་ལོ་ནང་བཞིན་ལོ་ཤས་འདིར་བཞུགས་ཏེ།།
ན་གཞོན་ང་ཚོ་གསོ་སྐྱོང་གནང་བར་མཛོད།།
པ་ཏྲ་འདྲ་བའི་མི་ཚེ་མདུན་ལམ་ཆེད།།
ཕ་མ་གཉིས་ཀྱིས་བཀའ་སློབ་གནང་བ་བཞིན།།
བ་སོ་ལྟ་བུའི་ཐུགས་སེམས་དཀར་པོ་འདི།།
མ་ནི་བར་དུ་ནམ་ཡང་བརྗེད་ས་མེད།།
ཙ་རི་གནས་སྐོར་ལ་སོགས་འགྲིམས་བྱས་ཏེ།།
ཚ་གྲང་དཀའ་སྤྱད་དེ་ཙམ་མ་བྱས་ཀྱང་།།
ཛ་ལང་སེམས་ལ་ཕན་པའི་ཁྱེད་ཀྱི་བཀའ།།
ཝ་ལེར་སེམས་ལ་བཞག་ཡོད་དབུ་འཛིན་ལགས།།
ཁ་བ་ཅན་གྱི་གཞོན་ནུ་ང་ཚོའི་ཆེད།།
ག་དུས་ཡིན་ཡང་ཐུགས་ཁུར་ཆེར་གནང་བའི།།
ང་ཚོའི་སློབ་གྲྭའི་དབུ་འཛིན་ཁྱེད་ལ་འདུད།།
ཅ་དངོས་འབྱོར་ལ་དེ་ཙམ་མི་ཆགས་པར།།
ཆ་ལུགས་བཟང་པོས་དལ་གྱིས་ཕེབས་མཛད་དེ།།
ཇ་ཡུན་ཙམ་ལའང་སྤྱི་སེམས་དགོངས་མཛད་པའི།།
ཉ་གང་ཟླ་བ་ཁྱེད་འདྲ་ཤིན་ཏུ་དཀོན།།
ཏཱ་ལའི་བླ་མའི་བཀའ་དགོངས་ཟབ་མོ་བཞིན།།
ཐ་མལ་སློབ་ཕྲུག་ང་ཚོ་ཀུན་གྱི་དོན།།
ད་ལོ་ནང་བཞིན་ལོ་ཤས་འདིར་བཞུགས་ཏེ།།
ན་གཞོན་ང་ཚོ་གསོ་སྐྱོང་གནང་བར་མཛོད།།
པ་ཏྲ་འདྲ་བའི་མི་ཚེ་མདུན་ལམ་ཆེད།།
ཕ་མ་གཉིས་ཀྱིས་བཀའ་སློབ་གནང་བ་བཞིན།།
བ་སོ་ལྟ་བུའི་ཐུགས་སེམས་དཀར་པོ་འདི།།
མ་ནི་བར་དུ་ནམ་ཡང་བརྗེད་ས་མེད།།
ཙ་རི་གནས་སྐོར་ལ་སོགས་འགྲིམས་བྱས་ཏེ།།
ཚ་གྲང་དཀའ་སྤྱད་དེ་ཙམ་མ་བྱས་ཀྱང་།།
ཛ་ལང་སེམས་ལ་ཕན་པའི་ཁྱེད་ཀྱི་བཀའ།།
ཝ་ལེར་སེམས་ལ་བཞག་ཡོད་དབུ་འཛིན་ལགས།།
ཞྭ་སེར་གྱོན་པའི་དགེ་བཤེས་མ་ཡིན་ཡང་།།
ཟ་སྟངས་འཐུང་སྟངས་ཡན་ཆད་སློབ་གནང་ནས།།
འ་འུར་ཟང་ཟིང་དེ་ཙམ་མི་གནང་བར།།
ཡ་རབས་བཟང་སྤྱོད་སློབ་མཁན་ཁྱེད་ཉིད་ཙམ།།
རྭ་ཅོ་ལྟ་བུའི་གྱོང་པོ་ཁོ་བོ་ཅག།།
ལ་ལུང་ག་ས་ག་ལ་བསྐྱོད་ན་ཡང་།།
ཤ་ཁྲག་ལུས་འདི་དོར་ནས་མ་ཤི་བར།།
ས་སྟེང་འདི་ན་ཁྱེད་འདྲ་རྙེད་པར་དཀའ།།
ཧ་ཅང་མང་པོ་མིན་པའི་སློབ་ཕྲུག་ལ།།
ཧ་ལས་དགོས་པའི་ཐུགས་ཁུར་གནང་བ་དེ།།
ཧ་ལམ་མི་ཚེ་འདི་ནང་རྙེད་དཀའ་བས།།
ཧ་ཅང་དགའ་བོའི་ངང་ནས་བསྟོད་བསྔགས་ཕུལ།།
ཨ་རེ་སློབ་ཕྲུག་ང་ཚོ་ཀུན་གྱི་དོན།།
ཨ་ཕ་བཞིན་དུ་དབུ་རུ་བཞུགས་པར་མཛོད།།
ཨ་ཅང་དགའ་ཚོར་ཆེན་པོས་དུས་ཀུན་ཏུ།།
ཨ་ཕྲུག་ང་ཚོས་ནམ་ཡང་གུས་འདུད་ཞུ།།
༢༠༡༢། ༡༡། ༩ ཉིན་བྷུན་ཏར་མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དུ་ཚན་རིག་སློབ་མ་དང་དགེ་རྒན་ཐུན་མོང་ནས་མཉམ་རུབ་ཀྱིས་བྲིས་སོ།།
ཧ་ལས་དགོས་པའི་ཐུགས་ཁུར་གནང་བ་དེ།།
ཧ་ལམ་མི་ཚེ་འདི་ནང་རྙེད་དཀའ་བས།།
ཧ་ཅང་དགའ་བོའི་ངང་ནས་བསྟོད་བསྔགས་ཕུལ།།
ཨ་རེ་སློབ་ཕྲུག་ང་ཚོ་ཀུན་གྱི་དོན།།
ཨ་ཕ་བཞིན་དུ་དབུ་རུ་བཞུགས་པར་མཛོད།།
ཨ་ཅང་དགའ་ཚོར་ཆེན་པོས་དུས་ཀུན་ཏུ།།
ཨ་ཕྲུག་ང་ཚོས་ནམ་ཡང་གུས་འདུད་ཞུ།།
༢༠༡༢། ༡༡། ༩ ཉིན་བྷུན་ཏར་མཐོ་སློབ་ཀྱི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དུ་ཚན་རིག་སློབ་མ་དང་དགེ་རྒན་ཐུན་མོང་ནས་མཉམ་རུབ་ཀྱིས་བྲིས་སོ།།