Wednesday, November 7, 2012

ཉིན་རེའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཅིག


ཉིན་རེའི་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ཅིག 

༡། ཞོགས་པ་དང་དགོང་མོར་སྐར་མ་ཁ་ཤས་རིང་༸རྒྱལ་བའི་བཀའ་སློབ་གང་ཐུབ་གསན་རྒྱུ།

༢། ལག་ཐོགས་ཁ་པར་ནང་༸རྒྱལ་བའི་བཀའ་སློབ་ངེས་པར་དུ་འཇུག་གནང་རྒྱུ།

༣། དུས་ཚོད་ཡོད་སྐབས་སློབ་གྲོགས་ཕན་ཚུན་ཆོས་ཀྱི་ཐོག་བགྲོ་གླེང་དང་ debate གནང་རྒྱུ། 

༤། རྒྱུན་ལྡན་གྱི་སྐད་ཆའི་ནང་མི་རྟག་པ། སྙིང་རྗེ། སྟོང་ཉིད་བཅས་སོགས་ཀྱི་ཐ་སྙད་མཁྱེན་
པའི་ཐོག་བེད་སྤྱོད་མང་ཙམ་གནང་རྒྱུ།

༥། ཆོས་ཀྱི་ཐོག་དྲི་བ་གང་འདྲ་ཞིག་ཤར་ཡང་ངེས་པར་དུ་དོགས་འདྲི་གནང་རྒྱུ།

༦། ཞལ་འདོན་གང་ཞིག་འདོན་ཡང་དེའི་ནང་དོན་མཁྱེན་ཐབས་ངེས་པར་དུ་གནང་རྒྱུ།

༧།  ཉིན་གཅིག་གི་ནང་རང་ཉིད་ཀྱི་སེམས་ནང་མ་རུང་བའི་བསམ་བློ་གང་ཞིག་འཁོར་གྱི་ཡོད་པ་ངེས་པར་དུ་མཁྱེན་ཐབས་དང་། རང་ཉིད་ཀྱི་སེམས་ལ་ཞིབ་འཇུག་གང་ཐུབ་གནང་རྒྱུ།
                           ---------- སེམས་ཀྱི་རང་ངོ་མྱུར་དུ་འཕྲོད་པར་ཤོག