ཀ་རྩོམ་ཀ་རེ་ཀོ་རེ་མ།
ཀ་རེ་ཀོ་རེས་དུས་ཚོད་བསྐྱལ་བ་དང་།། ( ཕར་འགྱངས་ཚུར་འགྱངས་བྱས་ཏེ་གཡུག་པ། )
ཁ་རེ་ཁོ་རེ་བྱས་ནས་བསྡད་དྲགས་ན།། ( དྲང་པོ་མིན་པར་གཡོ་སྒྱུ་བྱེད་པ། )
ག་ལེ་ག་ལེ་མི་ཚེ་རྫོགས་པའི་དུས།། ( དལ་གྱིས་དལ་གྱིས་ཞེས་པའི་དོན།)
ང་མིན་ང་མིན་ཟེར་ནས་ལྷག་ཡོང་ངོ་།། ( ང་མིན་ང་མིན་ཞེས་གཞན་ལ་ཉེས་གཡོག་པ། )
ཅ་རེ་ཉ་རེ་དཔལ་འབྱོར་ཉུང་ངུའི་ཆེད།། ( ཆུང་ཚགས་དང་ཉུང་ངུའི་དོན།)
ཆ་ལ་ཆོ་ལེར་རྒྱུགས་རྒྱུ་མང་དྲགས་ན།། ( སྒྲིག་དང་རིམ་པ་མེད་པའི་དོན། )
ཇ་བེ་ཇོ་བེའིི་མི་ཚེ་ཐུང་ངུ་འདི།། (སླད་ཞུགས་པའམ་འདྲེས་མའི་དོན། )
ཉ་རེ་ཉོ་རེ་བྱས་ནས་རླག་ཡོང་ངོ་།། (འབད་བརྩོན་མི་བྱེད་པའམ་ལྷོད་གཡང་བྱེད་པའི་དོན། )

ཏ་ག་ཏི་གེའི་བྱ་བ་འདྲ་མིན་ཞིག།། (ལས་དོན་ཆུང་ཚགས་ཀྱི་དོན། )
ཐ་རེ་ཐོ་རེར་བྱེད་རྒྱུ་མང་མི་ཉན།། (གང་སར་གྲམ་པའི་དོན། )
ད་ལྟ་ད་ལྟ་ཉིད་ནས་སྒྲུབ་པ་ལས།། ( ད་ལྟ་ཉིད་ནས་ཞེས་པའི་དོན། )
ན་རེ་ནོ་རེས་བྱས་ནས་འགྱངས་མི་ཉན།། ( འགྱངས་པའམ་འབད་པ་དེ་ཙམ་མེད་པའི་དོན། )
པ་རུ་པ་རུ་དུས་ཚོད་ཡོད་སྐབས་སུ།། ( མཚམས་མཚམས་ཞེས་པའི་དོན།
ཕ་ངེ་ཕུང་ངེར་གནས་པའི་སྤྱི་ཚོགས་ཁྲོད།། ( གང་སར་གྲམ་ནས་ཡོད་པའི་དོན།
བ་རེ་བོ་རེ་མེད་པར་ཕེབས་ཐུབ་ན།། (ཧུར་བརྩོན་མེད་པའི་དོན།
མ་ག་མོག་གེའི་བློ་མུན་སེལ་ཡོང་ངོ་།། (མོག་མོག་སྟེ་མི་གསལ་བའམ་མུན་ནག་གི་དོན།

ཙ་ག་ཙི་གེའི་བྱ་བ་ཆུང་དུས་སུའང་།།
ཆུང་ཚགས་དང་དོན་ཆེན་པོ་མིན་པ།
ཚ་ག་ཚི་གེ་བྱས་ནས་མ་བསྡད་པར།། ཚ་ག་ཚི་གེ་ནི་རང་ལ་གདེངས་ཚོད་མེད་པའི་དོན།
ཛ་རེ་ཛོ་རེའི་མི་ཚེའི་ཐུང་ངུ་འདིར།། རིམ་པ་དང་ངེས་གཏན་མེད་པའི་དོན།
ཝ་ལེ་ཝ་ལེར་བྱས་རྗེས་འཇོག་ཐབས་བྱོས།། ག་ལེར་ག་ལེར་ཞེས་པའི་དོན།

ཞ་ག་ཞི་གེའི་དམིགས་ཡུལ་འཆང་བ་དང་།།
འཐོར་ཞིག་སོང་བའི་དོན།
ཟ་བེ་ཟོ་བེའི་ལས་དོན་བྱེད་དྲགས་ན།། ནན་ཏན་མེད་པའི་དོན།
འ་ར་འུར་རེའི་གཞོན་ནུའི་མི་ཚེ་འདི།། འུར་རྒྱག་པའི་དོན།
ཡ་བེ་ཡོ་བེ་བྱས་ནས་ཡལ་ཡོང་ངོ་།། དོ་དོ་མེད་པའི་དོན། ནན་ཏན་མེད་པའི་དོན།

ར་གེ་རོག་གེའི་འཕྲང་ལམ་རིང་པོ་ནང་།། གསལ་ཆ་མེད་པའི་དོན།
ལ་ང་ལིང་ངེའི་འཆར་སྒོ་མང་དྲགས་ན།། ལང་ལོང་སྟེ་གཡོ་བའི་རང་བཞིན་ཅན།
ཤ་རི་ཤུ་རིས་རྫོགས་པའི་མི་ཚེ་འདི།། བྲེལ་བ་ཚ་བོའོ་དོན།
ས་རོ་རྡོ་རོ་བཞིན་དུ་འགྱུར་ཡོང་ངོ།། ས་དང་རྡོ་བེད་མེད་ཀྱི་དོན།
ཧ་ཧ་ཧེ་ཧེ་སྒྲོག་བཞིན་བསྡད་དྲགས་ན།། ཧ་ཧ་དང་ཧེ་ཧེ་ཞེས་གད་མོ་རྒོད་པའི་དོན།
ཧ་རེ་ཧུ་རེས་མདུན་ལམ་བརླག་ཡོང་ངོ་།། ཞིབ་ཚགས་མེད་པའི་དོན།
ཨ་ཅང་ཅང་ཞེས་བདེན་པར་མི་གཟུང་བར།། ཡིན་ཤག་ཤག་གི་དོན།
ཨ་ཡོད་ད་ཡོད་རྣམས་ཀྱིས་ཞིབ་འཇུག་མཛོད།། ཡོད་ན་མེད་ན་ཡི་དོན།
༢༠༡༢། ༡༡། ༡༠ཉིན་གྱི་ཞོགས་པར་མ་ནཱ་ལི་སམ་བྷོ་ཊ་བོད་ཀྱི་སློབ་གྲྭའི་ནང་བྲིས།།