Friday, November 9, 2012

ཉིན་ཐོ།



ཉིན་ཐོ།

              སློབ་མ་བསྟན་འཛིན་སྐལ་བཟང་། 

དབུ་འཇིན་ཉལ་ཁང་སླེབ་དུས།།                                               
སྙིང་ནི་ཚབ་ཚབ་བྱེད་ཀྱིས།།
འབྲེལ་བ་ཡག་པོ་བྱེད་དུས།།                           
སྙིང་འདི་དགའ་འཚོར་སྐྱེས་བྱུང་།།               

ཉལ་ཁང་གསེར་སྔོན་འདི་ནང་།།          
ང་ཚོ་གྲོགས་པོ་བཞི་ཡོད།།
ཕན་ཚུན་འཆམ་པོ་བསྡད་ཀྱང་།།
ཕན་ཚུན་བསྟན་བཤིག་བཤད་ཀྱི།

བོད་ཡིག་སློབ་ཚན་འདི་ནི།།                
ཧ་ཅང་སྐྱིད་པོ་ཚོར་གྱི།།                     
ག་དུས་ཚོར་གྱི་ལབ་ན།།                     
དགེ་བཤེས་འཇིན་གྲྭར་སླེབས་དུས།།            

བརྩེ་བའི་ཕ་མ་གཉིས་པོ།།
ཧ་ཅང་མང་པོ་དྲན་གྱི།།
རང་གི་བརྩེ་གདུང་འདི་ལ།།
སྙིང་ནས་དཀའ་དྲིན་ཆེ་སོང་།།


ང་ཡི་ལུང་པའི་ཆེད་དུ།།                                   
བསམ་བློ་མང་པོ་གཏང་གི།                 
བོད་མི་ཚོ་ཡི་བདེ་སྡུག །                    
ང་ཡིས་ཁྱེར་དགོས་བསམ་གྱི།།               
                                   
རང་གི་ཞལ་རས་འདི་ལ།། 
ལྟ་དུས་སེམས་པ་དགའ་གི།                  
འཇུམ་གཅིག་སྟོན་པའི་དུས་སུ།།         
མིག་ནས་མིག་ཆུ་ཤོར་གྱི།།                  

སོ་སོ་རང་བཙན་ཆེད་དུ་                
བོད་སྲོག་མང་པོ་གློད་གྱི་              
རོགས་པ་བྱེད་མ་ཐུབ་ཙང་                 
སེམས་འདི་ཧ་ཅང་སྐྱོ་གི་                 

གནམ་གྱི་སྤྲིན་པ་དཀར་པོ།།             
ག་པར་འགྲོ་གིན་གསུང་དང་།།
ང་ཡང་མཉམ་དུ་ཁྱེར་དང་།།
ལི་ཐང་ལྟ་བར་ཁྱེར་དང་།།

ཐབས་ཤེས་གང་ཡང་གཏང་ན།         
ཡིན་ཡང་འགྲོ་ས་མི་འདུག།        
འགྲོ་ལམ་ལམ་ཁ་ཡོད་ཀྱང་།།          
བུ་ང་འགྲོ་ནི་མ་ཐུབ།                 

ནག་པོའི་གནམ་ལ་ཟླ་བ་དཀར་པོ།།               
ནག་ཁུང་འདི་ནང་འོད་ཟེར་སྤྲད་གྱི་  །།          
འདི་འདྲ་མི་ཚེ་ནག་པོ་འདི་ནང་།།                  
ཨ་མས་ང་ལ་འོད་ཟེར་སྤྲད་རོགས།།           

དེང་སང་དུས་རབས་འདི་ནང་ །།               
སློབ་སྦྱོང་ཡག་པོ་བྱེད་དགོས་།།                        
འབྲས་བུ་ད་ལྟ་མེད་ཀྱང་།།
ཕྱི་མར་འབྲས་བུ་སྨིན་ཡོང་།།