Saturday, November 3, 2012

དགུན་དུས་ཀྱི་གྲང་ངར།



དགུན་དུས་ཀྱི་གྲང་ངར། གྲྭ་རྐྱང་གི་ལུས་སེམས།



ཁུ་སིམ་མཚན་མོ་ཡི་ཀློང་ནས།།
དགུན་རླུང་གྲང་མོ་ཞིག་ལྡང་བྱུང།།
ས་མཐའི་གྲྭ་རྐྱང་གི་ལུས་སེམས།།
དྲོད་འཇམ་ཡོང་ཐབས་ཤིག་མི་འདུག།།

 
མཁའ་ལ་རྒྱང་བལྟ་ཞིག་བྱས་པས།།
ཡོད་ཚད་ཐག་རིང་དུ་གནས་འདུག།།
ཉམ་ཆུང་ཁེར་རྐྱང་གི་ལུས་སེམས།།
དགུན་གྱི་གྲང་རླུང་གིས་གཙེས་བྱུང་།།

རང་ཤག་གྲུ་བཞི་ཡི་ནང་དུ།།
གཅིག་པུར་ཆིག་ལབ་རེ་རྒྱབ་ཞོར།།
དུས་གསུམ་མི་ཚེ་ལ་བསམ་ཚེ།།
ཡོད་ཚད་སྟོང་པ་ཞིག་རེད་འདུག།།

ལས་དབང་བཙན་པོ་ཡི་བཀའ་རྒྱ།།
རྟེན་འབྱུང་རྒྱལ་མོ་ཡི་འཕྲུལ་གྱིས།།
གྲོགས་དང་རམ་འདེགས་ཤིག་ཡོད་ན།།
དུས་ལས་མི་གཡོལ་ཞིག་གནང་རོགས།།

༢༠༡༢། ༡༡། ༤ཉིན་གྱི་ཞོགས་པ་ཆུ་ཚོད་༤། ༣༠ ཐོག་བྲིས།