ལྟ་ཐོ་ཐོ་རི་གཉན་བཙན་ནི། བོད་ཀྱི་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ་དེ་ཡིན་ཞིང་། རྒྱལ་པོ་འདི་ནི་བོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་གྲས་ཤིག་ཡིན། དེ་ཡང་རྒྱལ་པོ་འདི་སྔོན་དུ་བོད་དུ་བོན་གྱི་ཆོས་ལུགས་དར་བའི་སྐབས་ཡིན་པ་དང་། རྒྱལ་པོ་ཉིན་ཞིག་ཕོ་བྲང་ཡུམ་བུ་བླག་སྒང་གི་ཐོག་ཏུ་བཞུགས་སྐབས་གནམ་ནས་སྒྲ་སྙན་པོ་གྲགས་པ་དང་། བར་སྣང་ནས་གསེར་གྱི་མཆོད་རྟེན་ཞིག་དང་།
མདོ་སྡེ་བསྐལ་བཟང་སོགས་རྟེན་རྫས་ཁ་ཤས་ཤིག་བབ་པ་དང་། དེ་དག་ཅི་ཡིན་མིན་ཤེས་པར་དམར་མཆོད་ཕུལ་བས་ལྟས་ངན་པ་བྱུང་བ་བས་གཉན་པོ་གསང་བ་ཞེས་བཏགས་ནས་བང་མཛོད་དུ་བཅུག དེ་ནས་དེ་དག་ལ་སྤོས་དང་མེ་ཏོག་གི་མཆོད་པ་ཕུལ་བས་བདེ་བར་གྱུར། དེ་ནས་རྒྱལ་པོ་རང་ཉིད་ཀྱང་ཞལ་རས་ཀྱི་གཉེར་མ་རྣམས་ཀྱང་མེད་པར་གྱུར་པ་དང་། གཞོན་ཤ་དོད་པོ་ཞིག་ཏུ་གྱུར་ཏེ་རྒྱལ་པོ་ཁོང་གདུང་ལོ་༡༢༠་ཙམ་དུ་བཞུགས་པ་རེད། འདི་ནམ་མཁའ་ནས་བབ་པ་རེད་ཅེས་པའི་བསམ་ཚུལ་ནི་གཅིག་བྱེད་ན་བོན་གྱི་ལྟ་ཚུལ་ཞིག་ཡིན་སྲིད་ལ།
ཡང་ན། བོད་ནང་ཆོས་ཀྱི་དད་པ་དང་ལྟ་བ་ཤུགས་ཤིན་ཏུ་ཆེ་བ་དང་། དེ་ཡང་གནམ་ལས་བྱུང་བའི་ལྟ་ཚུལ་ལྡན་པས་རྩ་ཆེན་པོ་ཡིན་པར་རྩི་བའི་དོན་དུ་གནམ་ལས་བབ་པ་རེད་ཅེས་གསུངས་པ་ཡིན་ནམ་སྙམ།
སྐབས་དེ་དུས་ནམ་མཁའ་ནས་ལུང་བསྟན་དུ། ཕྱག་དཔེ་དེ་དག་གི་གོ་དོན་ད་ནས་རྩིས་པའི་རྒྱལ་རབས་ལྔའི་རྗེས་སུ་མཁྱེན་པར་འགྱུར་རོ་ཞེས་གྲགས་པ་ལྟར་དེ་ནས་རྒྱལ་རབས་ལྔ་པ་ནི་སྲོང་བཙན་སྒམ་པོ་ཡིན་པ་དང་། དེའི་དུས་སུ་བོད་དུ་ནང་ཆོས་ཀྱི་སྲོལ་ཕྱེས་བ་རེད།
དེས་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་བོད་དུ་ནང་ཆོས་ཀྱི་དབུ་བརྙེས་པ་དང་། སྲོང་བཙན་གྱི་དུས་སུ་ནང་ཆོས་ཀྱི་སྲོལ་བཏོད་པ་ དང་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ནང་ཆོས་སྲོལ་ཕྱེ་བ། ཁྲི་རལ་གྱི་དུས་སུ་ནང་ཆོས་དར་སྤེལ་གནང་བའི་སྐོར་མཁས་པ་མང་ཆེ་བས་གསུངས་ཡོད།