Monday, August 9, 2021

དཔྱད་རྩོམ་འབྲི་ཐབས།


 

 

                དཔྱད་རྩོམ་འབྲི་བའི་སྔོན་འགྲོ།

 

1.     སུམ་རྟགས་དག་གསུམ་གྱི་རྨང་གཞི་བརྟན་པོ་ཡོད་པ།

2.     བརྗོད་གཞི་ལ་གོ་བ་གང་འཚམ་ཡོད་པ།

3.     དཔྱད་རྩོམ་དེ་འབྲི་བའི་དགོས་དམིགས་གསལ་པོར་ཡོད་པ།

 

 

 

དཔྱད་རྩོམ་འབྲི་བའི་སྟ་གོན།

 

1.     བརྗོད་གཞི་བྱེ་བྲག་པ་ཞིག་གཏན་འབེབས།

2.     བརྗོད་གཞི་དེའི་ཐོག་དགེ་རྒན་དང་སློབ་གྲོགས་དང་གྲོས་བསྡུར།

3.     བརྗོད་གཞི་དེ་ཆེ་དྲགས་མིན་བསྐྱར་དུ་ཞིབ་འཇུག

4.     བརྗོད་གཞི་དེ་དོན་ཚན་ཇི་ཙམ་ནང་འབྲི་མིན་འཆར་འགོད།

5.     གཞི་བཅོལ་སའི་དཔེ་དེབ་འཚོལ་བ།

6.     བརྗོད་གཞིའི་ཐོག་བསམ་བློ་ཡུན་རིང་གཏོང་བ།

7.     བརྗོད་གཞི་དེ་དང་འབྲེལ་བའི་དཔྱད་རྩོམ་སྔར་བྲིས་ཡོད་མེད་ལྟ་བ།

8.     བརྗོད་གཞི་དེ་དང་འབྲེལ་བའི་གཏམ་བཤད་ཇི་ཙམ་ཡོད་མེད་ལྟ་བ།

9.     བརྗོད་གཞི་དེ་དང་འབྲེལ་བའི་དཔེ་དེབ་ཇི་ཙམ་ཡོད་མེད་ལྟ་བ།

 

དཔྱད་རྩོམ་གྱི་སྒྲོམ་གཞི།    

1.     མཆོད་བརྗོད།

2.     རྩོམ་པར་དམ་བཅའ།

3.     གནད་ཚིག

4.     ལུས་རྣམ་གཞག

5.     རྩོམ་ཡིག་དངོས།

6.     མཇུག་བསྡོམས།

7.     ཐུགས་རྗེ་ལེགས་འབུལ།

8.     དགེ་བ་བསྔོ་བ།

9.     དཔེ་ཐོ།

 

 

རགས་ཟིན་དང་པོ།

1.     བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་གང་ཡོད་ཡིག་ཐོག་འགོད་པ།

2.     བརྗོད་གཞི་དེ་དོན་ཚན་འགའ་ཞིག་ཏུ་བགོས་ནས་བསམ་ཚུལ་དང་ལུང་སོགས་གང་རྙེད་པ་དེ་དག་དོན་ཚན་སོ་སོར་འཇུག་པ།

3.     བརྗོད་གཞི་དེ་དང་འབྲེལ་བའི་གཞུང་ཁུངས་དག་པོ་ཀློག་ཐབས།

4.     དེ་དང་འབྲེལ་བའི་དགག་སྒྲུབ་ཀྱི་གཞུང་ཚང་མར་དོ་སྣང་བྱེད་པ།

5.     བརྗོད་གཞི་དེ་དང་འབྲེལ་བའི་སྐོར་མི་འདྲ་མིན་ལ་སྐད་ཆ་འདྲི་བ།

6.     རང་ཉིད་ཀྱིས་གཟུར་གནས་ཀྱིས་བསམ་གཞིགས་བྱས་པ།

7.     རང་ཉིད་ཀྱིས་དཔྱད་པ་ལས་ལུང་འདྲེན་ཙམ་གྱིས་གང་ཡང་མི་ཕན།

8.     གཤིབ་བསྡུར་བྱས་རྗེས་རང་ཉིད་ཀྱི་འདོད་ཚུལ་གསལ་པོར་བཟོ་དགོས།

 

 

དངོས་གཞི།

1.     བརྗོད་དོན་ཁ་གསལ་པོ། སྤྲོས་བཤད་མེད་པའི་རྡོག་སྒྲིལ་པོ་དགོས།

2.     ཤེས་བྱེད་ཀྱི་ཁུངས་གང་ཡིན་དང་། དེའི་པར་མ། པར་ལོ། རྩོམ་པ་པོ་སུ་ཡིན་གསལ་པོར་འགོད་དགོས།

3.     འོག་མཆན་དང་གཤམ་མཆན་གང་འབྲི་ཡང་འཐུས།

4.     རྩོམ་པ་པོ་དེ་དག་གི་ལོ་རྒྱུས་དང་། དེབ་དེ་རྩོམ་པའི་བརྒྱུད་རིམ་ཤེས་དགོས།

 

 

ཞུ་དག

1.     གཞན་ལ་ཀློག་ཏུ་འཇུག་པ།

2.     རྗོད་བྱེད་ཚིག་སྦྱོར་གྱི་ཞུ་དག

3.     བརྗོད་བྱ་དོན་གྱི་ཞུ་དག

4.     ཀློག་པ་པོ་ལ་ལྟོས་པའི་ཞུ་དག

5.     ནོར་འཁྲུལ་ཡོ་བསྲང་ལ་ངོས་ལེན་དང་བཅོས་ཐབས།

 

 

མཇུག་བསྡོམས།

1.     ཞུ་དག་ལེགས་པར་གྲུབ་རྗེས་མཇུག་བསྡོམས།