Tuesday, December 24, 2019

ལམ་རིམ་ཆེན་མོའི་ས་བཅད།



༄༅། །ན་མོ་མཉྫུ་གྷོ་ཥཱ་ཡ། 
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་རྗེ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ས་བཅད་བཞུགས་སོ།།

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ལ་བཞི། 
1.   ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང་།
2.  གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང་།
3.  ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང་།
4.  གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །


དང་པོ་ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་ལ་གསུམ།
1.   རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ།
2.  རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། 
3.  བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །

གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས།
1.   མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་ཚུལ་དང་།
2.  ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལོ། །

གཉིས་པ་ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལ་གསུམ།
1.   ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ།
2.  ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ། 
3.  ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པའོ། །

དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ་ལ་གསུམ།
1.   སོ་སོ་ཐར་པའི་སྡོམ་པ་དང་ལྡན་པའི་ཚུལ།
2.  བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཚུལ། 
3.  རིག་པ་འཛིན་པའི་སྡོམ་པ་དང་ལྡན་པའི་ཚུལ་ལོ། །

གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས།
1.   ཐུན་མོང་བ་དང་།
2.  ཐུན་མོང་མིན་པའོ། །

གསུམ་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་གཉིས།
1.   ཐུན་མོང་དང་།
2.  ཐུན་མོང་མ་ཡིན་པའོ། །

གསུམ་པ་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས།
1.   རྒྱ་གར་དུ་མཛད་ཚུལ་དང་།
2.  བོད་དུ་མཛད་ཚུལ་ལོ། །

གཉིས་པ་གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་ལ་བཞི།
1.   བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ།
2.  གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། 
3.  རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། 
4.  ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །

གསུམ་པ་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ།
1.   ཉན་པའི་ཚུལ་དང་།
2.  བཤད་པའི་ཚུལ་དང་། 
3.  མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །

དང་པོ་ཉན་པའི་ཚུལ་ལ་གསུམ། 
1.   ཆོས་ཐོས་པའི་ཕན་ཡོན་བསམ་པ།
2.  ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བྱེད་པ། 
3.  ཉན་པའི་ཚུལ་དངོས་སོ། །

གསུམ་པ་ཉན་པའི་ཚུལ་དངོས་ལ་གཉིས། 
1.   སྣོད་ཀྱི་སྐྱོན་གསུམ་སྤང་བ།
2.  འདུ་ཤེས་དྲུག་བསྟེན་པའོ། །

གཉིས་པ་འདུ་ཤེས་དྲུག་བསྟེན་པ་ལ་དྲུག
1.   རང་ལ་ནད་པ་ལྟ་བུའི་འདུ་ཤེས།
2.  ཆོས་སྨྲ་བ་ལ་སྨན་པའི་འདུ་ཤེས། 
3.  རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས། 
4.  ནན་ཏན་ཉམས་སུ་བླངས་པ་ལ་ནད་འཚོ་བའི་འདུ་ཤེས། 
5.  དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། 
6.  ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པའོ། །

གཉིས་པ་ཆོས་བཤད་པའི་ཚུལ་ལ་བཞི། 
1.   ཆོས་བཤད་པའི་ཕན་ཡོན་བསམ་པ།
2.  སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། 
3.  བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། 
4.  ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ། །

བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་གཉིས།
1.   ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་།
2.  བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །

དང་པོ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་གཉིས།
1.   ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་དང་།
2.  སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །

དང་པོ་ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་ལ་དྲུག
1.   བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད།
2.  སྟེན་བྱེད་སློབ་མའི་མཚན་ཉིད། 
3.  དེས་དེ་ཇི་ལྟར་བསྟེན་པའི་ཚུལ། 
4.  བསྟེན་པའི་ཕན་ཡོན། 
5.  མ་བསྟེན་པའི་ཉེས་དམིགས། 
6.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས།
1.   བསམ་པས་བསྟེན་ཚུལ་དང་།
2.  སྦྱོར་བས་བསྟེན་ཚུལ་ལོ། །

དང་པོ་བསམ་པས་བསྟེན་ཚུལ་ལ་གསུམ། 
1.   བསྟེན་པའི་བསམ་པ་སྤྱིར་བསྟན་པ་དང་།
2.  ཁྱད་པར་དུ་རྩ་བ་དད་པ་སྦྱང་བ་དང་། 
3.  བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །

གཉིས་པ་སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས།
1.   སྐྱོང་ཚུལ་དངོས་དང་།
2.  དེ་ལ་ལོག་རྟོག་དགག་པའོ། །

དང་པོ་སྐྱོང་ཚུལ་དངོས་ལ་གཉིས། 
1.   ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང་།
2.  ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །

དང་པོ་ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་ལ་གསུམ།
1.   སྦྱོར་བའི་ཆོས།
2.  དངོས་གཞི་ལ་ཇི་ལྟར་བསྐྱང་བ་དང་། 
3.  མཇུག་ཏུ་ཇི་ལྟར་བྱ་བའོ། །

གཉིས་པ་དངོས་གཞི་ལ་ཇི་ལྟར་བསྐྱང་བ་ལ་གཉིས།
1.   སྤྱིའི་སྐྱོང་ཚུལ་དང་།
2.  སྐབས་འདིའི་སྐྱོང་ཚུལ་ལོ། །

གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས།
1.   དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང་།
2.  སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །

དང་པོ་དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་ལ་གསུམ།
1.   དལ་འབྱོར་ངོས་བཟུང་བ་དང་།
2.  དེ་དོན་ཆེ་བ་བསམ་པ་དང་། 
3.  རྙེད་དཀའ་བ་བསམ་པའོ། །

དང་པོ་དལ་འབྱོར་ངོས་བཟུང་བ་ལ་གཉིས། 
1.   དལ་བ་ངོས་བཟུང་བ་དང་།
2.  འབྱོར་པ་ངོས་བཟུང་བའོ། །

གཉིས་པ་འབྱོར་པ་ངོས་བཟུང་བ་ལ་གཉིས། 
1.   རང་འབྱོར་དང་།
2.  གཞན་འབྱོར་རོ། །

གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གཉིས།
1.   ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་དང་།
2.  དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ། །

དང་པོ་ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་ལ་གཉིས།
1.   སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་ཚུལ་དང་།
2.  སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །

གཉིས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པ་ལ་གཉིས།
1.   སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ་དང་།
2.  རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །

གཉིས་པ་རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པ་ལ་གཉིས།
1.   རྒྱུ་མཚན་དངོས་དང་།
2.  དགོས་པའོ། །

གཉིས་པ་དེ་ལ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ།
1.   སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་།
2.  འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་། 
3.  སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །

དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ།
1.   ཆུང་ངུའི་བསམ་པ་སྦྱང་བ་དངོས།
2.  བསམ་པ་དེ་སྐྱེས་པའི་ཚད། 
3.  དེ་ལ་ལོག་པར་རྟོག་པ་བསལ་བའོ། །

དང་པོ་ཆུང་ངུའི་བསམ་པ་སྦྱང་བ་དངོས་ལ་གཉིས།
1.   འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་།
2.  འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །

དང་པོ་འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་ལ་གཉིས།
1.   འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང་།
2.  འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་པ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །

དང་པོ་འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་ལ་བཞི།
1.   འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས།
2.  བསྒོམས་པའི་ཕན་ཡོན། 
3.  འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། 
4.  འཆི་བ་དྲན་པ་བསྒོམ་པའི་ཚུལ་ལོ། །

གསུམ་པ་འཆི་བ་དྲན་པ་བསྒོམ་པའི་ཚུལ་ལ་གསུམ།
1.   ངེས་པར་འཆི་བ་བསམ་པ་དང་།
2.  ནམ་འཆི་ངེས་པ་མེད་པར་བསམ་པ་དང་། 
3.  འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །

དང་པོ་ངེས་པར་འཆི་བ་བསམ་པ་ལ་གསུམ། 
1.   འཆི་བདག་ངེས་པར་འོང་ལ་དེའང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ།
2.  ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ། 
3.  གསོན་པའི་ཚེ་ནའང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པའོ། །

གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་གསུམ། 
1.   འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་བསམ་པ་དང་།
2.  འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ་དང་། 
3.  ལུས་ཤིན་ཏུ་ཉམ་ཆུང་བས་ནམ་འཆི་ངེས་པ་མེད་པ་བསམ་པའོ། །

གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་ལ་གསུམ།
1.   ལུས་ཀྱིས་མི་ཕན་པ་བསམ་པ།
2.  ལོངས་སྤྱོད་ཀྱིས་མི་ཕན་པ་བསམ་པ། 
3.  གཉེན་གྱིས་མི་ཕན་པ་བསམ་པའོ།།

གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ། འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ། གཉིས་ཀྱི་ནང་ནས་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ།
1.   དམྱལ་བའི་སྡུག་བསྔལ་བསམ་པ།
2.  དུད་འགྲོའི་སྡུག་བསྔལ་བསམ་པ། 
3.  ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །

དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི།
1.   སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་བསམ་པ་དང་།
2.  ཉེ་འཁོར་བའི་དམྱལ་བའི་སྡུག་བསྔལ་བསམ་པ་དང་། 
3.  གྲང་བའི་དམྱལ་བའི་སྡུག་བསྔལ་བསམ་པ་དང་། 
4.  ཉི་ཚེ་བའི་དམྱལ་བའི་སྡུག་བསྔལ་བསམ་པའོ།།

དང་པོ་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་བསམ་པ་ལ་བརྒྱད།
1.   ཡང་སོས་ཀྱི་སྡུག་བསྔལ་བསམ་པ།
2.  ཐིག་ནག་གི་སྡུག་བསྔལ་བསམ་པ། 
3.  བསྡུས་འཇོམས་ཀྱི་སྡུག་བསྔལ་བསམ་པ། 
4.  ངུ་འབོད་ཀྱི་སྡུག་བསྔལ་བསམ་པ། 
5.  ངུ་འབོད་ཆེན་པོའི་སྡུག་བསྔལ་བསམ་པ།
6.  ཚ་བའི་སྡུག་བསྔལ་བསམ་པ།
7.  རབ་ཏུ་ཚ་བའི་སྡུག་བསྔལ་བསམ་པ། 
8.  མནར་མེད་ཀྱི་སྡུག་བསྔལ་བསམ་པའོ། །

གསུམ་པ་གྲང་བའི་དམྱལ་བའི་སྡུག་བསྔལ་བསམ་པ་བརྒྱད།
1.   ཆུ་བུར་ཅན་གྱི་སྡུག་བསྔལ་བསམ་པ།
2.  ཆུ་བུར་རྡོལ་བའི་ཁྱད་པར་གྱི་སྡུག་བསྔལ་བསམ་པ།
3.  སོ་ཐམ་པའི་སྡུག་བསྔལ་བསམ་པ།
4.  ཀྱི་ཧུད་ཟེར་བའི་སྡུག་བསྔལ་བསམ་པ།
5.  ཨ་ཆུ་ཟེར་བའི་སྡུག་བསྔལ་བསམ་པ།
6.  ཨུཏྤལ་ལྟར་གས་པའི་སྡུག་བསྔལ་བསམ་པ།
7.  པདྨ་ལྟར་གས་པའི་ཁྱད་པར་གྱི་སྡུག་བསྔལ་བསམ་པ།
8.  པདྨ་ལྟར་གས་པ་ཆེན་པོའི་ཁྱད་པར་གྱི་སྡུག་བསྔལ་བསམ་པའོ།།

གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ་གསུམ།
1.   ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པའི་སྡུག་བསྔལ་བསམ་པ།
2.  ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པའི་སྡུག་བསྔལ་བསམ་པ། 
3.  ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའི་སྡུག་བསྔལ་བསམ་པའོ།།

གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས།
1.   བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ།
2.  བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །

དང་པོ་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ་ལ་བཞི།
1.   གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ།
2.  དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། 
3.  ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། 
4.  སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ། །

གཉིས་པ་དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས།
1.   ཡུལ་ངོས་བཟུང་བ་དང་།
2.  དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །

གསུམ་པ་ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ལ་བཞི།
1.   ཡོན་ཏན་ཤེས་པ་དང་།
2.  ཁྱད་པར་ཤེས་པ་དང་། 
3.  ཁས་བླངས་པ་དང་། 
4.  གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །

དང་པོ་ཡོན་ཏན་ཤེས་པ་ལ་གསུམ། 
1.   སངས་རྒྱས་ཀྱི་ཡོན་ཏན་ཤེས་པ་དང་།
2.  ཆོས་ཀྱི་ཡོན་ཏན་ཤེས་པ་དང་། 
3.  དགེ་འདུན་གྱི་ཡོན་ཏན་ཤེས་པའོ།།

དང་པོ་སངས་རྒྱས་ཀྱི་ཡོནཏན་ལ་བཞི། 
1.   སྐུའི་ཡོན་ཏན་དང་།
2.  གསུང་གི་ཡོན་ཏན། 
3.  ཐུགས་ཀྱི་ཡོན་ཏན། 
4.  འཕྲིན་ལས་ཀྱི་ཡོན་ཏན་ནོ། །

གསུམ་པ་ཐུགས་ལ་གཉིས། 
1.   མཁྱེན་པའི་ཡོན་ཏན་དང་།
2.  བརྩེ་བའི་ཡོན་ཏན་ནོ། །

གཉིས་པ་ཁྱད་པར་ཤེས་པ་ལ་དྲུག །
1.   མཚན་ཉིད་ལས་གྱུར་པའི་ཁྱད་པར།
2.  འཕྲིན་ལས་ཀྱི་ཁྱད་པར། 
3.  མོས་པའི་ཁྱད་པར། 
4.  སྒྲུབ་པའི་ཁྱད་པར། 
5.  རྗེས་སུ་དྲན་པའི་ཁྱད་པར། 
6.  བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་རོ། །

བཞི་པ་སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས།
1.   བསྡུ་བ་ལས་འབྱུང་བ་དང་།
2.  མན་ངག་ལས་འབྱུང་བའོ། །

དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོ།
1.  སྐྱེས་བུ་དམ་པ་ལ་བརྟེན་པ། 
2.  དམ་པའི་ཆོས་ཉན་པ། 
3.  ཚུལ་བཞིན་དུ་ཡིད་ལ་བྱེད་པ། 
4.  ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པའོ། །

བཞི་ཚན་གཉིས་པ་ལ། 
1.   དབང་པོ་མི་རྒོད་པར་བྱ་བ།
2.  བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་བ། 
3.  སེམས་ཅན་ལ་སྙིང་རྗེ་བར་བྱ་བ། 
4.  དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བའོ། །

གཉིས་པ་མན་ངག་ལས་འབྱུང་བ་ལ་གཉིས། 
1.   སོ་སོའི་བསླབ་བྱ་དང་།
2.  ཐུན་མོང་གི་བསླབ་བྱའོ། །

དང་པོ་སོ་སོའི་བསླབ་བྱ་ལ་གཉིས། 
1.   དགག་པའི་བསླབ་བྱ་དང་།
2.  སྒྲུབ་པའི་བསླབ་བྱའོ། །

གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག །
1.   དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ།
2.  བཀའ་དྲིན་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་ལ།
3.  སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་དགོད་པ།
4.  བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ།
5.  ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་བྱ་བ།
6.  དཀོན་མཆོག་གསུམ་ཐ་ན་བཞད་གད་ཀྱི་ཕྱིར་རམ་སྲོག་གི་ཕྱིར་ཡང་མི་བཏང་ཞིང་བསྲུང་བར་བྱ་བའོ། །

ལྔ་པ་ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བར་བྱ་བ་ལ་གཉིས།
1.   བསྡུ་བ་ལས་འབྱུང་བའི་ཕན་ཡོན་དང་།
2.  མན་ངག་ལས་འབྱུང་བའོ། །

དང་པོ་བསྡུ་བ་ལས་འབྱུང་བའི་ཕན་ཡོན་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོ་ལ། 
1.   བསོད་ནམས་རྒྱ་ཆེན་པོ་འཐོབ་པ།
2.  དགའ་བ་དང་མཆོག་ཏུ་དགའ་བ་འཐོབ་པ། 
3.  ཏིང་ངེ་འཛིན་འཐོབ་པ། 
4.  རྣམ་པར་དག་པ་འཐོབ་པའོ། །

བཞི་ཚན་གཉིས་པ་ལ། 
1.   སྲུང་བ་ཆེན་པོ་དང་ལྡན་པ།
2.  ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་འཐོབ་པ།
3.  དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་འགྱུར་བ།
4.  སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དང་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱི་ཡིད་དུ་འོད་ཞིང་དགའ་བར་འགྱུར་བའོ། །

གཉིས་པ་མན་ངག་ལས་འབྱུང་བ་ལ་བརྒྱད། 
1.   ནང་པ་སངས་རྒྱས་པར་ཚུད་པ།
2.  སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། 
3.  སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་རྣམས་བསྲབས་ཤིང་ཟད་པར་འགྱུར་བ། 
4.  བསོད་ནམས་རྒྱ་ཆེན་པོ་གསོག་པ། 
5.  དན་འགྲོར་མི་ལྟུང་བ། 
6.  མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། 
7.  ཅི་བསམས་པ་ཐམས་ཅད་འགྲུབ་པ། 
8.  མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ནོ། །

གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་བ་བསྐྱེད་པ་ལ་གསུམ།
1.   ལས་འབྲས་སྤྱིར་བསམ་པ་དང་།
2.  བྱེ་བྲག་ཏུ་བསམ་པ་དང་། 
3.  བསམས་ནས་འཇུག་ལྔོག་བྱ་ཚུལ་ལོ། །

དང་པོ་ལས་འབྲས་སྤྱིར་བསམ་པ་ལ་གཉིས། 
1.   སྤྱིར་བསམ་ཚུལ་དངོས་དང་།
2.  སོ་སོར་ཕྱེ་སྟེ་བསམ་པའོ། །

དང་པོ་སྤྱིར་བསམ་ཚུལ་དངོས་ལ་བཞི། 
1.   ལས་ངེས་པའི་ཚུལ།
2.  ལས་འཕེལ་ཆེ་བ། 
3.  ལས་མ་བྱས་པ་དང་མི་ཕྲད་པ། 
4.  ལས་བྱས་པ་ཆུད་མི་ཟ་བའོ། །

གཉིས་པ་སོ་སོར་ཕྱེ་སྟེ་བསམ་པ་ལ་གཉིས། 
1.   ལས་ལམ་བཅུ་གཙོ་བོར་བསྟན་པ་དང་།
2.  ལས་དང་འབྲས་བུ་བསྟན་པའོ། །

གཉིས་པ་ལས་དང་འབྲས་བུ་བསྟན་པ་ལ་གསུམ། 
1.   ནག་པོའི་ལས་འབྲས་དང་།
2.  དཀར་པོའི་ལས་འབྲས་དང་། 
3.  ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ། །

དང་པོ་ནག་པོའི་ལས་འབྲས་བསྟན་པ་ལ་གསུམ།
1.   ནག་པོའི་ལས་ལམ་དངོས་དང་།
2.  ལྕི་ཡང་གི་ཁྱད་པར་དང་། 
3.  དེ་དག་གི་འབྲས་བུ་བསྟན་པའོ། །

གཉིས་པ་ལྕི་ཡང་བསྟན་པ་ལ་གཉིས། 
1.   ལས་ལམ་བཅུའི་ལྕི་ཡང་དང་།
2.  ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པའོ། །

གཉིས་པ་ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པ་ལ་བཞི།
1.   ཞིང་གི་སྒོ་ནས་སྟོབས་ཆེ་བ།
2.  རྟེན་གྱི་སྒོ་ནས་སྟོབས་ཆེ་བ། 
3.  དངོས་པོའི་སྒོ་ནས་སྟོབས་ཆེ་བ། 
4.  བསམ་པའི་སྒོ་ནས་སྟོབས་ཆེ་བའོ། །

གསུམ་པ་དེ་དག་གི་འབྲས་བུ་ལ་གསུམ། 
1.   རྣམ་སྨིན་གྱི་འབྲས་བུ།
2.  རྒྱུ་མཐུན་གྱི་འབྲས་བུ། 
3.  བདག་པོའི་འབྲས་བུའོ། །

གཉིས་པ་དཀར་པོའི་ལས་འབྲས་བསམ་པ་ལ་གཉིས།
1.   དཀར་པོའི་ལས་དང་།
2.  དཀར་པོའི་འབྲས་བུའོ། །

གཉིས་པ་དཀར་པོའི་འབྲས་བུ་ལ་གསུམ། 
1.   རྣམ་སྨིན།
2.  རྒྱུ་མཐུན། 
3.  བདག་པོའི་འབྲས་བུའོ། །

གསུམ་པ་ལས་ཀྱི་དབྱེ་བ་གཞན་བསྟན་པ་ལ་གཉིས།
1.   འཕེན་རྫོགས་ཀྱི་དབྱེ་བ།
2.  མྱོང་བར་ངེས་པ་དང་མ་ངེས་པ་བཞིའི་ལས་སོ། །

གཉིས་པ་བྱེ་བྲག་ཏུ་བསམ་པ་ལ་གསུམ། 
1.   རྣམ་སྨིན་གྱི་ཡོན་ཏན།
2.  རྣམ་སྨིན་གྱི་འབྲས་བུ། 
3.  རྣམ་སྨིན་གྱི་རྒྱུའོ། །

དང་པོ་རྣམ་སྨིན་གྱི་ཡོན་ཏན་ལ་བརྒྱད། 
1.   ཚེ་ཕུན་སུམ་ཚོགས་པ།
2.  ཁ་དོག་ཕུན་སུམ་ཚོགས་པ། 
3.  རིགས་ཕུན་སུམ་ཚོགས་པ། 
4.  དབང་ཕྱུག་ཕུན་སུམ་ཚོགས་པ། 
5.  ཚིག་བཙུན་པ། 
6.  དབང་ཆེ་བར་གྲགས་པ། 
7.  སྐྱེས་པ་ཉིད། 
8.  སྟོབས་དང་ལྡན་པའོ། །

གཞན་གཉིས་ཀྱང་བརྒྱད་དོ། །

གསུམ་པ་བསམས་ནས་འཇུག་ལྡོག་བྱ་བའི་ཚུལ་ལ་གཉིས།
1.    སྤྱིར་བསྟན་པ་དང་། 
2.  ཁྱད་པར་དུ་སྟོབས་བཞིས་སྤྱོད་པའི་ཚུལ་ལོ། །

གཉིས་པ་ཁྱད་པར་དུ་སྟོབས་བཞིས་སྤྱོད་པའི་ཚུལ་ལ་བཞི།
1.   སུན་འབྱིན་པའི་སྟོབས།
2.  གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། 
3.  ཉེས་པ་ལས་སླར་ལྡོག་པའི་སྟོབས། 
4.  རྟེན་གྱི་སྟོབས་སོ། །
གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་དྲུག །
1.   མདོ་སྡེ་ཟབ་མོ་ཀློག་པ།
2.  སྟོང་ཉིད་བསྒོམ་པ། 
3.  གཟུངས་སྔགས་ལ་བརྟེན་པ། 
4.  རྟེན་བཞེངས་པ། 
5.  མཆོད་པ་ལ་བརྟེན་པ། 
6.  མཚན་ལ་བརྟེན་པའོ།།

གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་བཞི།

1.   བསམ་པ་སྦྱང་བ་དངོས།
2.  དེ་སྐྱེས་པའི་ཚད། 
3.  དེ་ལ་ལོག་པར་རྟོག་པ་བསལ་བ། 
4.  ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་འབེབས་པའོ། །

དང་པོ་བསམ་པ་སྤྱང་བ་དངོས་ལ་གཉིས། 
1.   ཐར་པ་དོན་གཉེར་གྱི་བློ་ངོས་བཟུང་བ་དང་།
2.  དེ་བསྐྱེད་པའི་ཐབས་སོ། །

གཉིས་པ་དེ་བསྐྱེད་པའི་ཐབས་ལ་གཉིས། 
1.   སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ་དང་།
2.  རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ། །

དང་པོ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་གཉིས།
1.   སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང་།
2.  ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ། །

དང་པོ་སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་ལ་གཉིས།
1.   སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ།
2.  སྡུག་བསྔལ་བསྒོམ་པ་དངོས་སོ། །

གཉིས་པ་སྡུག་བསྔལ་བསྒོམ་པ་དངོས་ལ་གཉིས།
1.   འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ།
2.  སོ་སོའི་སྡུག་བསྔལ་བསམ་པའོ། །

དང་པོ་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་ལ་གསུམ།
1.   སྡུག་བསྔལ་བརྒྱད་བསམ་པ།
2.  སྡུག་བསྔལ་དྲུག་བསམ་པ། 
3.  སྡུག་བསྔལ་གསུམ་བསམ་པའོ། །

དང་པོ་སྡུག་བསྔལ་བརྒྱད་བསམ་པ་ལ་བརྒྱད།
1.   སྐྱེ་བའི་སྡུག་བསྔལ།
2.  རྒ་བའི་སྡུག་བསྔལ། 
3.  ན་བའི་སྡུག་བསྔལ། 
4.  འཆི་བའི་སྡུག་བསྔལ། 
5.  མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། 
6.  སྡུག་པ་དང་བྲལ་བའི་སྡུག་བསྔལ། 
7.  འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། 
8.  མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །

གཉིས་པ་སྡུག་བསྔལ་དྲུག་བསམ་པ་ལ་དྲུག །
1.   ངེས་པ་མེད་པ།
2.  ངོམས་མི་ཤིས་པ། 
3.  ལུས་ཡང་དང་ཡང་དུ་འདོར་བ། 
4.  ཡང་དང་ཡང་དུ་ཉིང་མཚམས་སྦྱར་བ། 
5.  ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ། 
6.  གྲོགས་མེད་པའི་ཉེས་པ་བསམ་པའོ། །

གསུམ་པ་སྡུག་བསྔལ་གསུམ་བསམ་པ་ལ་གསུམ། 
1.   སྡུག་བསྔལ་གྱི་སྡུག་བསྔལ་བསམ་པ།
2.  འགྱུར་བའི་སྡུག་བསྔལ་བསམ་པ།
3.  ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པའོ། །

གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་དྲུག
1.   དམྱལ་བའི་སྡུག་བསྔལ་བསམ་པ།
2.  ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ།
3.  དུད་འགྲོའི་སྡུག་བསྔལ་བསམ་པ།
4.  མིའི་སྡུག་བསྔལ་བསམ་པ།
5.  ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ།
6.  ལྷའི་སྡུག་བསྔལ་བསམ་པའོ། །

ལྷའི་སྡུག་བསྔལ་བསམ་པ་ལ་གཉིས།
1.   འདོད་ལྷའི་སྡུག་བསྔལ་བསམ་པ་དང་།
2.  ཁམས་གོང་མའི་ལྷ་རྣམས་ཀྱི་སྡུག་བསྔལ་བསམ་པའོ། །

དང་པོ་འདོད་ལྷའི་སྡུག་བསམ་པ་ལ་གསུམ།
1.   འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་བསམ་པ།
2.  སྤ་བཀོང་བའི་སྡུག་བསྔལ་བསམ་པ། 
3.  བཅད་པ་དང་དྲལ་བ་དང་བསད་པ་དང་སྦྱུག་པའི་སྡུག་བསྔལ་བསམ་པའོ།།

དང་པོ་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་བསམ་པ་ལ་གཉིས།
1.   འཆི་འཕོ་བའི་སྡུག་བསྔལ་དང་།
2.  གནས་འོག་མར་ལྟུང་བའི་སྡུག་བསྔལ་ལོ། །

གཉིས་པ་ཀུན་འབྱུང་གི་སྒོ་ནས་འཁོར་བར་འཇུག་པའི་རིམ་པ་བསམ་པ་ལ་གསུམ།
1.   ཉོན་མོངས་པའི་སྐྱེ་ཚུལ།
2.  དེས་ལས་གསོག་པའི་ཚུལ། 
3.  འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ། །

དང་པོ་ཉོན་མོངས་པའི་སྐྱེ་ཚུལ་ལ་བཞི། 
1.   ཉོན་མོངས་ངོས་བཟུང་བ།
2.  ཇི་ལྟར་སྐྱེ་བའི་རིམ་པ། 
3.  ཉོན་མོངས་པའི་རྒྱུ། 
4.  ཉོན་མོངས་པའི་ཉེས་དམིགས་སོ། །

དང་པོ་ཉོན་མོངས་ངོས་བཟུང་བ་ལ་གཉིས། 
1.   ཉོན་མོངས་སྤྱིའི་མཚན་ཉིད་དང་།
2.  སོ་སོའི་མཚན་ཉིད་དོ། །

གཉིས་པ་སོ་སོའི་མཚན་ཉིད་ལ་བཅུ། 
1.   འདོད་ཆགས་ཀྱི་མཚན་ཉིད།
2.  ཁོང་ཁྲོ་ཡི་མཚན་ཉིད།
3.  ང་རྒྱལ་གྱི་མཚན་ཉིད།
4.  མ་རིག་པའི་མཚན་ཉིད།
5.  ཐེ་ཚོམ་གྱི་མཚན་ཉིད།
6.  འཇིག་ལྟའི་མཚན་ཉིད།
7.   མཐར་འཛིན་གྱི་ལྟ་བའི་མཚན་ཉིད།
8.  ལྟ་བ་མཆོག་འཛིན་གྱི་མཚན་ཉིད།
9.  ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་མཚན་ཉིད།
10.                ལོག་ལྟའི་མཚན་ཉིད།

གསུམ་པ་ཉོན་མོངས་པའི་རྒྱུ་ལ་དྲུག
1.   རྟེན།
2.  དམིགས་པ། 
3.  འདུ་འཛི། 
4.  བཤད་པ། 
5.  གོམས་པ། 
6.  ཡིད་ལ་བྱེད་པའོ། །

གཉིས་པ་དེས་ལས་གསོག་པའི་ཚུལ་ལ་གཉིས།
1.   བསག་པར་བྱ་བའི་ལས་ངོས་བཟུང་བ་དང་།
2.  དེ་ཇི་ལྟར་གསོག་པའི་ཚུལ་ལོ། །

དང་པོ་བསག་པར་བྱ་བའི་ལས་ངོས་བཟུང་བ་ལ་གཉིས།
1.   སེམས་པའི་ལས་དང་།
2.  བསམ་པའི་ལས་སོ། །

གཉིས་པ་དེ་ཇི་ལྟར་གསོག་པའི་ཚུལ་ལ་གཉིས།
1.   ཚོར་བ་བདེ་བའི་དོན་དུ་གསོག་པ་དང་།
2.  ཚོར་བ་བཏང་སྙོམས་ཀྱི་ཕྱིར་དུ་གསོག་པའོ། །

གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལ་ལྔ།
1.   འཆི་བའི་རྐྱེན།
2.  འཆི་བའི་སེམས། 
3.  དྲོད་གང་ནས་སྡུད་པ།
4.  ཤི་ནས་བར་དོ་འགྲུབ་ལུགས། 
5.  དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །

གཉིས་པ་འཆི་སེམས་ལ་གསུམ། 
1.    དགེ་བའི་སེམས་དང་ལྡན་པར་འཆི་བ། 
2.  མི་དགེ་བའི་སེམས་དང་ལྡན་པར་འཆི་བ། 
3.  ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བའོ། །

གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་བཞི།
1.   ཡན་ལག་གི་དབྱེ་བ།
2.  ཡན་ལག་གི་བསྡུ་བ། 
3.  ཚེ་དུ་ལ་རྫོགས་པ། 
4.  དེ་དག་གི་དོན་བསྡུ་བའི་ཚུལ་ལོ། །

བཞི་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ལ་གཉིས།
1.   རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང་།
2.  ལམ་ཇི་འདྲ་བ་ཞིག་བསྒོམས་པས་འཁོར་བ་བཟློག་པའོ། །

གཉིས་པ་ལམ་ཇི་འདྲ་བ་ཞིག་བསྒོམས་པས་འཁོར་བ་བཟློག་པ་ལ་གསུམ།
1.   བསླབ་པ་གསུམ་གྱི་གྲངས་ངེས།
2.  གོ་རིམ་ངེས་པ། 
3.  བསླབ་པ་གསུམ་གྱི་རང་བཞིན་ནོ། །


གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ།

1.    ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ།
2.  སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། 
3.  བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །

གཉིས་པ་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་བཞི།
1.   རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ།
2.  བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། 
3.  སྐྱེས་པའི་ཚད། 
4.  ཆོ་གས་བཟུང་བའི་ཚུལ་ལོ། །

དང་པོ་རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ་ལ་གསུམ།
1.   རྐྱེན་བཞི་ལས་སྐྱེས་ཚུལ།
2.  རྒྱུ་བཞི་ལས་སྐྱེས་ཚུལ། 
3.  སྟོབས་བཞི་ལས་སྐྱེས་ཚུལ་ལོ། །

གཉིས་པ་བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་ལ་གཉིས།
1.    ཇོ་བོ་རྗེའི་གཞུང་ལ་བརྟེན་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱང་བ་དང་།
2.  འཕགས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བདག་གཞན་བརྗེ་བའི་སྒོ་ནས་སྦྱང་བའོ། །

དང་པོ་ཇོ་བོ་རྗེའི་གཞུང་ལ་བརྟེན་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱང་བ་ལ་གཉིས།
1.   རིམ་པ་ལ་ངེས་པ་བསྐྱེད་པ་དང་།
2.  རིམ་ཅན་དུ་སྦྱང་བ་དངོས་སོ། །

དང་པོ་རིམ་པ་ལ་ངེས་པ་བསྐྱེད་པ་ལ་གཉིས།
1.   ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་།
2.  རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ། །

དང་པོ་ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་ལ་གསུམ།
1.    ཐོག་མར་གལ་ཆེ་བ། 
2.  བར་དུ་གལ་ཆེ་བ། 
3.  ཐ་མར་གལ་ཆེ་བའོ། །

གཉིས་པ་རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལ་གཉིས།
1.   མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ་དང་། །
2.  ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ། །

གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ་གསུམ།
1.   གཞན་དོན་དོན་གཉེར་གྱི་བློ་སྦྱང་བ།
2.  བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ། 
3.  སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་བའོ། །

དང་པོ་གཞན་དོན་དོན་གཉེར་གྱི་བློ་སྦྱང་བ་ལ་གཉིས།
1.   བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང་།
2.  བློ་དེ་བསྐྱེད་པ་དངོས་སོ། །

དང་པོ་བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་ལ་གཉིས།
1.   སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང་།
2.  ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། 

གཉིས་པ་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ལ་གསུམ།
1.   མར་བསྒོམ་པ།
2.  དྲིན་དྲན་པ་བསྒོམ་པ། 
3.  དྲིན་དུ་གཟོ་བ་བསྒོམ་པའོ། །

གཉིས་པ་བློ་དེ་བསྐྱེད་པ་དངོས་ལ་གསུམ།
1.   བྱམས་པ་བསྒོམ་པ།
2.  སྙིང་རྗེ་བསྒོམ་པ། 
3.  ལྷག་བསམ་བསྒོམ་པའོ། །

གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱང་བ་ལ་གསུམ།
1.   བདག་གཞན་བརྗེས་པའི་ཕན་ཡོན་དང་།
2.  མ་བརྗེས་པའི་ཉེས་དམིགས་བསམ་པ། 
3.  བདག་གཞན་བརྗེ་བའི་བསམ་པ་གོམས་ན་བསྐྱེད་པར་ནུས་པ། 
4.  བདག་གཞན་བརྗེ་བའི་ཚུལ་བསྒོམ་པའི་རིམ་པའོ། །

བཞི་པ་ཆོ་གས་བཟུང་བ་ལ་གསུམ།
1.   མ་ཐོབ་པ་ཐོབ་པར་བྱེད་པ།
2.  ཐོབ་པ་མི་ཉམས་པར་བསྲུང་བ། 
3.  ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །

མ་ཐོབ་པ་ཐོབ་པར་བྱེད་པ་ལ་གསུམ།
1.   གང་ལ་བླང་བའི་ཡུལ།
2.  གང་གིས་ལེན་པའི་རྟེན། 
3.  ཇི་ལྟར་བླང་བའི་ཆོ་གའོ། །

གསུམ་པ་ཇི་ལྟར་བླང་བའི་ཆོ་ག་ལ་གསུམ།
1.   སྦྱོར་བའི་ཆོ་ག
2.  དངོས་གཞིའི་ཆོ་ག
3.  མཇུག་གི་ཆོ་གའོ། །

དང་པོ་སྦྱོར་བའི་ཆོ་ག་ལ་གསུམ།
1.   སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ཚོགས་བསག་པ།
2.  བསམ་པ་སྦྱང་བའོ། །

དང་པོ་སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་ཚོགས་བསག་པ་ལ་གསུམ།
1.   གནས་བརྒྱན་ཞིང་རྟེན་བཀྲམ་ནས་མཆོད་རྫས་བཤམ་པ།
2.  གསོལ་བ་བཏབ་ཅིང་སྐྱབས་སུ་འགྲོ་བ། 
3.  སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ། །

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གཉིས།
1.   ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་དང་།
2.  སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །

དང་པོ་ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་ལ་བཞི།
1.   སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ།
2.  སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་བསླབ་པ།
3.  གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ།
4.  བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བསླབ་པའོ། །

གཉིས་པ་སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་གཉིས།
1.   སྨོན་སེམས་བསྐྱེད་པ་མི་གཏོང་བ་དང་།
2.  སྤེལ་བ་ལ་བསླབ་པའོ། །

གཉིས་པ་སྐྱེ་བ་གཞན་དུ་ཡང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས།
1.   ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་བ།
2.  མི་ཉམས་པར་བྱེད་པ་དཀར་པོའི་ཆོས་བཞི་བླང་བ་ལ་བསླབ་པའོ། །

གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལ་གསུམ།
1.   སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན།
2.  ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ། 
3.  བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ། །

བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པ་ལ་གཉིས།
1.   ཐེག་པ་ཆེན་པོ་སྤྱི་ལ་བསླབ་ཚུལ་དང་།
2.  ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་སློབ་པའི་ཚུལ་ལོ། །

དང་པོ་ཐེག་པ་ཆེན་པོ་སྤྱི་ལ་བསླབ་ཚུལ་ལ་གསུམ།
1.   བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་སྦྱང་བ།
2.  སྦྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་བཟུང་བ། 
3.  བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ། །

གསུམ་པ་བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལ་གསུམ།
1.   གང་ལ་བསླབ་པའི་གཞི།
2.  དེར་བསླབ་པ་རྣམས་འདུས་ཚུལ། 
3.  དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །

གཉིས་པ་དེར་བསླབ་པ་རྣམས་འདུས་ཚུལ་ལ་གཉིས།
1.    དངོས་ཀྱི་དོན་གྲངས་ངེས་པ་དང་། 
2.  ཞར་ལ་གོ་རིམ་ངེས་པ་བསྟན་པའོ། །

དང་པོ་དངོས་ཀྱི་དོན་གྲངས་ངེས་པ་ལ་དྲུག །
1.   མངོན་མཐོ་ལ་བལྟོས་པའི་གྲངས་ངེས།
2.  དོན་གཉིས་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས། 
3.  གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་བསྒྲུབ་པ་ལ་བལྟོས་པའི་གྲངས་ངེས།
4.  ཐེག་ཆེན་ཐམས་ཅད་སྡུད་པ་ལ་བལྟོས་པའི་གྲངས་ངེས། 
5.  ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཇོད་པའི་གྲངས་ངེས། 
6.  བསླབ་པ་གསུམ་ལ་བལྟོས་པའི་གྲངས་ངེས་སོ། །

གཉིས་པ་ཞར་ལ་གོ་རིམ་ངེས་པ་ལ་གསུམ། 
1.   སྐྱེ་བའི་རིམ་པ།
2.  དམན་མཆོག་གི་རིམ་པ། 
3.  རགས་ཕྲའི་རིམ་པའོ། །

གསུམ་པ་དེ་ལ་ཇི་ལྟར་སློབ་པའི་རིམ་པ་ལ་གཉིས།
1.   སྤྱོད་པ་སྤྱི་ལ་སློབ་པའི་ཚུལ་དང་།
2.  ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་སློབ་པའི་ཚུལ་ལོ། །

དང་པོ་སྤྱོད་པ་སྤྱི་ལ་སློབ་པའི་ཚུལ་ལ་གཉིས།
1.   རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན་ལ་སློབ་པའི་ཚུལ་དང་།
2.  གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བ་བཞི་ལ་བསླབ་པའོ། །

དང་པོ་རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན་ལ་སློབ་པའི་ཚུལ་ལ་དྲུག
1.   སྦྱིན་པ་ལ་བསླབ་པའི་ཚུལ།
2.  ཚུལ་ཁྲིམས་ལ་བསླབ་པའི་ཚུལ།
3.  བཟོད་པ་ལ་བསླབ་པའི་ཚུལ།
4.  བརྩོན་འགྲུས་ལ་བསླབ་པའི་ཚུལ།
5.  བསམ་གཏན་ལ་བསླབ་པའི་ཚུལ།
6.  ཤེས་རབ་ལ་བསླབ་པའི་ཚུལ་ལོ། །

དང་པོ་སྦྱིན་པ་ལ་བསླབ་པའི་ཚུལ་ལ་བཞི། 
1.   སྦྱིན་པའི་ངོ་པོ།
2.  དེ་བསྐྱེད་པ་ལ་འཇུག་པའི་ཐབས། 
3.  སྦྱིན་པའི་རབ་དབྱེ། 
4.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་སྦྱིན་པའི་རབ་དབྱེ་ལ་གསུམ།
1.   རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ།
2.  རྟེན་སོ་སོ་ལ་བལྟོས་པའི་རབ་དབྱེ། 
3.  སྦྱིན་པ་རང་གི་ངོ་བོའི་རབ་དབྱེའོ། །

དང་པོ་རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ་ལ་གཉིས།
1.   དམ་པ་དྲུག་ལྡན་དུ་བྱ་བ་དང་།
2.  ཕར་ཕྱིན་དྲུག་ལྡན་དུ་བྱ་བའོ། །

དང་པོ་དམ་པ་དྲུག་ལྡན་དུ་བྱ་བ་ལ་དྲུག 
1.   རྟེན་དམ་པ།
2.  དངོས་པོ་དམ་པ། 
3.  ཆེད་དུ་བྱ་བ་དམ་པ། 
4.  ཐབས་མཁས་པ་དམ་པ། 
5.  བསྔོ་བ་དམ་པ། 
6.  རྣམ་པར་དག་པ་དམ་པའོ། །

གསུམ་པ་སྦྱིན་པ་རང་གི་ངོ་བོའི་རབ་དབྱེ་ལ་གསུམ།
1.   ཆོས་ཀྱི་སྦྱིན་པ།
2.  མི་འཇིགས་པའི་སྦྱིན་པ། 
3.  ཟང་ཟིང་གི་སྦྱིན་པའོ། །

གསུམ་པ་ཟང་ཟིང་གི་སྦྱིན་པ་ལ་གཉིས།
1.   ཟང་ཟིང་དངོས་སུ་གཏོང་བའི་སྦྱིན་པ་དང་།
2.  བསམ་པ་ཙམ་གྱི་སྦྱིན་པའོ། །

དང་པོ་ཟང་ཟིང་དངོས་སུ་གཏོང་བའི་སྦྱིན་པ་ལ་གསུམ།
1.   ཟང་ཟིང་གཏོང་བའི་ཚུལ།
2.  གཏོང་མ་ནུས་ན་ཇི་ལྟར་བྱ་བ། 
3.  སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པའོ། །

དང་པོ་ཟང་ཟིང་གཏོང་བའི་ཚུལ་ལ་བཞི། 
1.   གང་ལ་གཏོང་བའི་ཞིང་།
2.  གང་གིས་གཏོང་བའི་བསམ་པ། 
3.  ཇི་ལྟར་གཏོང་བའི་སྦྱོར་བ། 
4.  གང་གཏོང་བའི་དངོས་པོའོ། །

གཉིས་པ་གང་གིས་གཏོང་བའི་བསམ་པ་ལ་གཉིས།
1.   བསམ་པ་ཇི་ལྟ་བུ་དང་ལྡན་པ་དགོས་པ།
2.  བསམ་པ་ཇི་ལྟ་བུ་སྤང་བ་དགོས་པའོ། །

གཉིས་པ་བསམ་པ་ཇི་ལྟ་བུ་སྤང་བ་དགོས་པ་ལ་བདུན།
1.   ལྟ་ངན་མཆོག་ཏུ་འཛིན་པའི་བསམ་པ་མེད་པ།
2.  ཁེངས་པའི་བསམ་པ་མེད་པ། 
3.  རྟེན་པའི་བསམ་པ་མེད་པ། 
4.  ཞུམ་པའི་བསམ་པ་མེད་པ། 
5.  རྒྱབ་ཀྱིས་ཕྱོགས་པའི་བསམ་པ་མེད་པ། 
6.  ལན་ལ་ལྟ་བའི་བསམ་པ་མེད་པ། 
7.  རྣམ་སྨིན་ལ་ལྟ་བའི་བསམ་པ་མེད་པའོ། །

གསུམ་པ་ཇི་ལྟར་གཏོང་བའི་སྦྱོར་བ་ལ་གཉིས།
1.   སྦྱོར་བ་ཇི་འདྲ་བས་མི་བཏང་བ་དང་།
2.  ཇི་ལྟ་བུས་གཏོང་བའོ། །

བཞི་པ་གང་གཏོང་བའི་དངོས་པོ་ལ་གཉིས།
1.   གཏོང་བ་དང་མི་གཏོང་བའི་དངོས་པོ་མདོར་བསྟན་པ་དང་།
2.  རྒྱས་པར་བཤད་པའོ། །

གཉིས་པ་རྒྱས་པར་བཤད་པ་ལ་གཉིས། 
1.      ནང་གི་དངོས་པོ་གཏོང་མི་གཏོང་དང་། 
2.  ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པའོ། །

དང་པོ་ནང་གི་དངོས་པོ་གཏོང་མི་གཏོང་ལ་གསུམ།
1.   དུས་ཀྱི་སྒོ་ནས་གཏང་དུ་མི་རུང་བ།
2.  དགོས་པའི་སྒོ་ནས་གཏང་དུ་མི་རུང་བ། 
3.  སློང་པ་པོའི་སྒོ་ནས་གཏང་དུ་མི་རུང་བའོ། །

ཕྱིའི་དངོས་པོ་གཏོང་མི་གཏོང་རྒྱས་པར་བཤད་པ་ལ་གཉིས།
1.   ཕྱིའི་དངོས་པོ་མི་གཏོང་བའི་ཚུལ་དང་།
2.  གཏོང་བའི་ཚུལ་ལོ། །

དང་པོ་ཕྱིའི་དངོས་པོ་མི་གཏོང་བའི་ཚུལ་ལ་ལྔ།
1.   དུས་ཀྱི་སྒོ་ནས་སྦྱིན་དུ་མི་རུང་བ།
2.  ཡུལ་གྱི་སྒོ་ནས་སྦྱིན་དུ་མི་རུང་བ། 
3.  རྟེན་གྱི་སྒོ་ནས་སྦྱིན་དུ་མི་རུང་བ། 
4.  དངོས་པོའི་སྒོ་ནས་སྦྱིན་དུ་མི་རུང་བ། 
5.  དགོས་པའི་སྒོ་ནས་སྦྱིན་དུ་མི་རུང་བའོ། །

གསུམ་པ་སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པ་ལ་བཞི།
1.   མ་གོམས་པའི་གཉེན་པོ་བསྟེན་པ།
2.  རྒུད་པའི་གཉེན་པོ་བསྟེན་པ།
3.  ཆགས་པའི་གཉེན་པོ་བསྟེན་པ།
4.  འབྲས་བུ་མ་མཐོང་བའི་གཉེན་པོ་བསྟེན་པ།

གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྔ། 
1.   ཚུལ་ཁྲིམས་ཀྱི་ངོ་བོ།
2.  དེ་སྒོམ་པ་ལ་འཇུག་པའི་ཐབས། 
3.  ཚུལ་ཁྲིམས་ཀྱི་རབ་དབྱེ། 
4.  དེ་དག་སྒྲུབ་པའི་ཚེ་ཇི་ལྟར་བྱ་བ། 
5.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་ཚུལ་ཁྲིམས་ཀྱི་རབ་དབྱེ་ལ་གསུམ།
1.   སྡོམ་པའི་ཚུལ་ཁྲིམས།
2.  དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས། 
3.  སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །

གསུམ་པ་བཟོད་པའི་ཕར་ཕྱིན་ལ་ལྔ། 
1.   བཟོད་པའི་ངོ་བོ།
2.  དེ་བསྒོམ་པ་ལ་འཇུག་པའི་ཐབས། 
3.  བཟོད་པའི་རབ་དབྱེ། 
4.  དེ་བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། 
5.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་བཟོད་པའི་རབ་དབྱེ་ལ་གསུམ། 
1.   གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ།
2.  སྡུག་བསྔལ་དང་དུ་ལེན་པའི་བཟོད་པ།
3.  ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །

དང་པོ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་ལ་གཉིས།
1.   གནོད་བྱེད་ཀྱིས་གནོད་པ་བྱས་པ་ལ་མི་བཟོད་པ་དགག་པ་དང་།
2.  གནོད་བྱེད་འབྱོར་པ་མི་དགའ་ཞིང་རྒུད་པ་ལ་དགའ་བ་དགག་པའོ། །

དང་པོ་གནོད་བྱེད་ཀྱིས་གནོད་པ་བྱས་པ་ལ་མི་བཟོད་པ་དགག་པ་ལ་གཉིས།
1.   བདེ་བའི་གེགས་བྱས་པ་དང་སྡུག་བསྔལ་བར་བྱས་པ་ལ་མི་བཟོད་པ་དགག་པ།
2.  བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པའོ། །

དང་པོ་བདེ་བའི་གེགས་བྱས་པ་དང་སྡུག་བསྔལ་བར་བྱས་པ་ལ་མི་བཟོད་པ་དགག་པ་ལ་གཉིས།
1.   ཁྲོ་བར་བྱ་བ་མི་རིགས་པར་བསྟན་པ་དང་།
2.  བརྩེ་བར་བྱ་བ་རིགས་པར་བསྟན་པའོ། །

དང་པོ་ཁྲོ་བར་བྱ་བ་མི་རིགས་པར་བསྟན་པ་ལ་གསུམ།
1.   ཡུལ་ལ་བརྟགས་ན་མི་རིགས་པ།
2.  ཡུལ་ཅན་ལ་བརྟགས་ན་མི་རིགས་པ།
3.  རྟེན་ལ་བརྟགས་ན་མི་རིགས་པའོ། །

དང་པོ་ཡུལ་ལ་བརྟགས་ན་མི་རིགས་པ་ལ་བདུན།
1.   རང་དབང་ཡོད་མེད་བརྟགས་ན་མི་རིགས་པ།
2.  གློ་བུར་བ་དང་རང་བཞིན་གང་ཡིན་བརྟགས་ན་མི་རིགས་པ། 
3.  དངོས་དང་བརྒྱུད་པ་གང་གིས་གནོད་པ་ལ་བརྟགས་ན་མི་རིགས་པ། 
4.  གནོད་བྱེད་བསྐུལ་བའི་རྒྱུ་ལ་བརྟགས་ན་ཁྲོ་མི་རིགས་པ། 
5.  ཡུལ་ལ་བརྟགས་ན་ཁྲོ་བོ་མི་རིགས་པ། 
6.  ཡུལ་ཅན་ལ་བརྟགས་ན་ཁྲོ་བར་མི་རིགས་པ། 
7.  རྟེན་ལ་བརྟགས་ན་ཁྲོ་བར་མི་རིགས་པའོ། ། 

བདུན་པ་རྟེན་ལ་བརྟགས་ན་ཁྲོ་བར་མི་རིགས་པ་ལ་གཉིས།
1.   གནོད་པའི་རྒྱུ་དང་སྐྱོན་ཅན་སྐྱོན་མེད་ལ་བརྟག་པ།
2.  རང་གིས་ཁས་བླངས་པ་ལ་བརྟག་པའོ། །

གཉིས་པ་བཀུར་བ་སོགས་ཀྱི་གེགས་བྱས་པ་དང་བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པ་ལ་གཉིས།
1.   བསྟོད་པ་སོགས་ཀྱི་གེགས་བྱས་པ་ལ་མི་བཟོད་པ་དགག་པ་དང་།
2.  བརྙས་པ་སོགས་གསུམ་བྱེད་པ་ལ་མི་བཟོད་པ་དགག་པའོ། །

དང་པོ་བསྟོད་པ་སོགས་ཀྱི་གེགས་བྱས་པ་ལ་མི་བཟོད་པ་དགག་པ་ལ་གསུམ།
1.   བསྟོད་པ་སོགས་ལ་ཡོན་ཏན་མེད་པའི་ཚུལ་བསམ་པ།
2.  སྐྱོན་ཡོད་པའི་ཚུལ་བསམ་པ། 
3.  དེ་ནས་དེ་དག་འགོག་པ་ལ་དགའ་བའོ། །

གཉིས་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྐྱེད་པ་ལ་གསུམ།
1.   སྡུག་བསྔལ་དང་ལེན་ངེས་པར་དགོས་པའི་རྒྱུ་མཚན།
2.  དེ་བསྐྱེད་པའི་ཐབས། 
3.  གཞིའི་སྒོ་ནས་རྒྱས་པར་བཤད་པའོ། །

གཉིས་པ་དེ་བསྐྱེད་པའི་ཐབསལ་གཉིས། 
1.   སྡུག་བསྔལ་བྱུང་བ་ལ་མཐའ་གཅིག་ཏུ་མི་དགའ་བར་འཛིན་པ་དགག་པ་དང་།
2.  སྡུག་བསྔལ་དེ་དང་དུ་ལེན་པར་འོས་པར་བསྟན་པའོ། །

གཉིས་པ་སྡུག་བསྔལ་དེ་དང་དུ་ལེན་པར་འོས་པར་བསྟན་པ་ལ་གསུམ།
1.   སྡུག་བསྔལ་རང་གི་ཡོན་ཏན་བསམ་པ།
2.  སྡུག་བསྔལ་གྱི་དཀའ་སྤྱད་བཟོད་པའི་ཡོན་ཏན་བསམ་པ། 
3.  ཆུང་རིམ་ནས་གོམས་ན་མི་དཀའ་བའི་ཚུལ་ལོ། །

གཉིས་པ་སྡུག་བསྔལ་གྱི་དཀའ་སྤྱད་བཟོད་པའི་ཡོན་ཏན་བསམ་པ་ལ་གཉིས།
1.   ཐར་པ་ལ་སོགས་པའི་དོན་ཆེ་བའི་ཕན་ཡོན་བསམ་པ།
2.  སྡུག་བསྔལ་དཔག་ཏུ་མེད་པ་ལྡོག་པའི་ཕན་ཡོན་བསམ་པའོ། །

གསུམ་པ་གཞིའི་སྒོ་ནས་རྒྱས་པར་བཤད་པ་ལ་བརྒྱད།
1.   གནས་ལ་བརྟེན་པ།
2.  འཇིག་རྟེན་གྱི་ཆོས་ལ་བརྟེན་པ། 
3.  སྤྱོད་ལམ་ལ་བརྟེན་པ། 
4.  ཆོས་ཡོངས་སུ་འཛིན་པ་ལ་བརྟེན་པ། 
5.  སློང་མོས་འཚོ་བ་ལ་བརྟེན་པ། 
6.  མངོན་པར་བརྩོན་པས་དུབ་པ་ལ་བརྟེན་པ། 
7.  སེམས་ཅན་གྱི་དོན་བྱེད་པ་ལ་བརྟེན་པ། 
8.  འཕྲལ་གྱི་བྱ་བ་ལ་བརྟེན་པའོ། །

གསུམ་པ་ཆོས་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་བསྐྱེད་པ་ལ་གཉིས།
1.   མོས་པའི་ཡུལ།
2.  མོས་པའི་ཚུལ་ལོ། །

བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ།
1.   བརྩོན་འགྲུས་ཀྱི་ངོ་བོ།
2.  དེ་ཉམས་སུ་ལེན་པ་ལ་འཇུག་པའི་ཐབས། 
3.  བརྩོན་འགྲུས་ཀྱི་རབ་དབྱེ། 
4.  སྒྲུབ་པའི་ཚེ་ཇི་ལྟར་བྱ་བ། 
5.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་བརྩོན་འགྲུས་ཀྱི་རབ་དབྱེ་ལ་གཉིས།
1.   རབ་དབྱེ་དངོས་དང་།
2.  བརྩོན་འགྲུས་བསྐྱེད་པའི་ཐབས་སོ། །

དང་པོ་རབ་དབྱེ་དངོས་ལ་གསུམ། 
1.   གོ་ཆའི་བརྩོན་འགྲུས།
2.  དགེ་བའི་ཆོས་སྡུད་ཀྱི་བརྩོན་འགྲུས། 
3.  སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །

གཉིས་པ་བརྩོན་འགྲུས་དེ་བསྐྱེད་པའི་ཐབས་ལ་བཞི།
1.   བརྩོན་འགྲུས་ཀྱི་གེགས་འགལ་རྐྱེན་སྤང་བ།
2.  མཐུན་རྐྱེན་དཔུང་གི་ཚོགས་བསག་པ། 
3.  དེ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་ལྷུར་བླང་བ། 
4.  དེ་ལས་ལུས་སེམས་ལས་སུ་རུང་བར་བྱ་ཚུལ་ལོ། །

དང་པོ་བརྩོན་འགྲུས་ཀྱི་གེགས་འགལ་རྐྱེན་སྤང་བ་ལ་གཉིས།
1.   མི་མཐུན་ཕྱོགས་ངོས་བཟུང་བ་དང་།
2.  དེ་སྤོང་པའི་ཐབས་བསྟེན་པའོ། །

གཉིས་པ་དེ་སྤོང་པའི་ཐབས་བསྟེན་པ་ལ་གསུམ།
1.   ཕྱི་བཤོལ་གྱི་ལེ་ལོ་འགོག་པ་དང་།
2.  བྱ་བ་ངན་པ་ལ་ཆགས་པ་དགག་པ། 
3.  སྒྱིད་ལུག་པའམ་བདག་ཉིད་བརྙས་པ་དགག་པའོ། །

གསུམ་པ་སྒྱིད་ལུག་པའམ་བདག་ཉིད་བརྙས་པ་དགག་པ་ལ་གསུམ།
1.   ཐོབ་བྱ་ལ་སྒྱིད་ལུག་པ་དགག་པ་དང་།
2.  དེ་ཐོབ་པའི་ཐབས་ལ་སྒྱིད་ལུག་པ་དགག་པ་དང་། 
3.  གང་དུ་གནས་ནས་བསྒྲུབ་པའི་གནས་ལ་ཞུམ་པ་དགག་པའོ། །

གཉིས་པ་མཐུན་རྐྱེན་དཔུང་གི་ཚོགས་བསགས་པ་ལ་བཞི།
1.   མོས་པ།
2.  བརྟན་པ། 
3.  དགའ་བའི་སྟོབས་བསྐྱེད་པ། 
4.  དོར་བའི་སྟོབས་སོ། །

ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ།
1.   བསམ་གཏན་གྱི་ངོ་བོ།
2.  དེ་བསྒོམ་པ་ལ་འཇུག་པའི་ཐབས། 
3.  བསམ་གཏན་གྱི་རབ་དབྱེ། 
4.  བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། 
5.  དེ་དག་གི་དོན་བསྡུ་བའོ། །

དྲུག་པ་ཤེས་རབ་ཀྱི་བསླབ་པ་ལ་ལྔ། 
1.   ཤེས་རབ་ཀྱི་ངོ་བོ།
2.  དེ་བསྐྱེད་པ་ལ་འཇུག་པའི་ཐབས། 
3.  ཤེས་རབ་ཀྱི་རབ་དབྱེ། 
4.  བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། 
5.  དེ་དག་གི་དོན་བསྡུ་བའོ། །

གསུམ་པ་ཤེས་རབ་ཀྱི་རབ་དབྱེ་ལ་གསུམ། 
1.   དོན་དམ་རྟོགས་པ།
2.  ཀུན་རྫོབ་རྟོགས་པ། 
3.  སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་བོ། །

གཉིས་པ་གཞན་གྱི་རྒྱུད་སྨིན་པར་བྱེད་པ་བསྡུ་བཞི་ལ་ལྔ།
1.   བསྡུ་བཞིའི་ངོ་བོ།
2.  བཞིར་བཞག་པའི་རྒྱུ་མཚན། 
3.  བསྡུ་བཞིའི་བྱེད་ལས། 
4.  འཁོར་སྡུད་པས་དེ་ལ་བརྟེན་དགོས་པ། 
5.  ཅུང་ཟད་རྒྱས་པར་བཤད་པའོ། །

ལྔ་པ་ཅུང་ཟད་རྒྱས་པར་བཤད་པ་ལ་གཉིས། 
1.   འཇིག་རྟེན་གྱི་ཚུལ་དང་ལྡན་པའི་སྙན་སྨྲ།
2.  ཡང་དག་པའི་ཆོས་བསྟན་པ་དང་ལྡན་པའི་སྙན་སྨྲའོ། །


གཉིས་པ་ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་པ་ལ་དྲུག
1.   ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཕན་ཡོན།
2.  དེ་གཉིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྡུད་བྱེད་དུ་བསྟན་པ། 
3.  ཞི་གནས་དང་ལྷག་མཐོང་གི་ངོ་བོ། 
4.  གཉིས་ག་བསྒོམ་དགོས་པའི་རྒྱུ་མཚན། 
5.  གོ་རིམ་ངེས་པའི་ཚུལ། 
6.  སོ་སོའི་བསླབ་ཚུལ་ལོ། །

དྲུག་པ་སོ་སོའི་བསླབ་ཚུལ་ལ་གསུམ།
1.   ཞི་གནས་ལ་བསླབ་ཚུལ།
2.  ལྷག་མཐོང་ལ་བསླབ་ཚུལ། 
3.  དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ལོ། །

དང་པོ་ཞི་གནས་ལ་བསླབ་ཚུལ་ལ་གསུམ། 
1.   ཞི་གནས་ཀྱི་ཚོགས་བསྟེན་པ།
2.  དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ། 
3.  བསྒོམས་པས་ཞི་གནས་གྲུབ་པའི་ཚད་དོ། །

དང་པོ་ཞི་གནས་ཀྱི་ཚོགས་བསྟེན་པ་ལ་དྲུག
1.   མཐུན་པའི་ཡུལ་ན་གནས་པ།
2.  འདོད་པ་ཆུང་བ། 
3.  ཆོག་ཤེས་པ། 
4.  བྱ་བ་མང་པོ་ཡོངས་སུ་སྤངས་པ། 
5.  ཚུལ་ཁྲིམས་ཡོངས་སུ་དག་པ། 
6.  འདོད་པ་ལ་སོགས་པའི་རྣམ་རྟོག་ཡོངས་སུ་སྤངས་པའོ། །

གཉིས་པ་དེ་ལ་བརྟེན་ནས་ཞི་གནས་བསྒོམ་པའི་ཚུལ་ལ་གཉིས།
1.   སྦྱོར་བ་དང་།
2.  དངོས་གཞིའོ། །

གཉིས་པ་དངོས་གཞི་ལ་གཉིས།
1.   ལུས་ཀྱི་སྤྱོད་ལམ་ཇི་འདྲ་བས་བསྒོམ་པ།
2.  བསྒོམ་པའི་རིམ་པ་ཉིད་བཤད་པའོ། །

གཉིས་པ་བསྒོམ་པའི་རིམ་པ་ཉིད་བཤད་པ་ལ་གཉིས།
1.   ཏིང་ངེ་འཛིན་སྐྱོན་མེད་བསྐྱེད་པའི་ཚུལ་དང་།
2.  དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པའོ། །

དང་པོ་ཏིང་ངེ་འཛིན་སྐྱོན་མེད་བསྐྱེད་པའི་ཚུལ་ལ་གསུམ།
1.   སེམས་དམིགས་པ་ལ་གཏོད་པའི་སྔོན་དུ་ཇི་ལྟར་བྱ་བ།
2.  དམིགས་པ་ལ་གཏོད་པའི་དུས་སུ་ཇི་ལྟར་བྱ་བ། 
3.  དམིགས་པ་ལ་གཏོད་པའི་འོག་ཏུ་ཇི་ལྟར་བྱ་བའོ། །

གཉིས་པ་དམིགས་པ་ལ་གཏོད་པའི་དུས་སུ་ཇི་ལྟར་བྱ་བ་ལ་གཉིས།
1.   སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་བཟུང་བ་དང་།
2.  དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལོ། །

དང་པོ་སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་བཟུང་བ་ལ་གཉིས།
1.   དམིགས་པ་སྤྱིའི་རྣམ་པར་བཞག་པ་དང་།
2.  སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བའོ། །

དང་པོ་དམིགས་པ་སྤྱིའི་རྣམ་པར་བཞག་པ་ལ་གསུམ།
1.   དམིགས་པ་དངོས་བསྟན་པ།
2.  གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པ། 
3.  དམིགས་པའི་རྣམ་གྲངས་བསྟན་པའོ། །

གཉིས་པ་དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལ་གསུམ།
1.   སྐྱོན་མེད་པའི་ལུགས་བཞག་པ།
2.  སྐྱོན་དང་བཅས་པའི་ལུགས་བསལ་བ།
3.  ཐུན་གྱི་ཚད་བསྟན་པའོ། །

གསུམ་པ་དམིགས་པ་ལ་གཏོད་པའི་འོག་ཏུ་ཇི་ལྟར་བྱ་བ་ལ་གཉིས།
1.   བྱིང་རྒོད་བྱུང་བའི་དུས་སུ་ཇི་ལྟར་བྱ་བ།
2.  བྱིང་རྒོད་དང་བྲལ་བའི་དུས་སུ་ཇི་ལྟར་བྱ་བའོ། །

དང་པོ་བྱིང་རྒོད་བྱུང་བའི་དུས་སུ་ཇི་ལྟར་བྱ་བ་ལ་གཉིས།
1.   བྱིང་རྒོད་ངོས་མ་ཟིན་པའི་གཉེན་པོ་བསྟེན་པ།
2.  ངོས་ཟིན་ཀྱང་དེ་སྤང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ། །

དང་པོ་བྱིང་རྒོད་ངོས་མ་ཟིན་པའི་གཉེན་པོ་བསྟེན་པ་ལ་གཉིས།
1.   བྱིང་རྒོད་ཀྱི་མཚན་ཉིད་གཏན་ལ་དབབ་པ་དང་།
2.  བསྒོམ་པའི་དུས་སུ་དེ་རྟོགས་པའི་ཤེས་བཞིན་བསྐྱེད་པའི་ཐབས་སོ། །

གཉིས་པ་ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པ་ལ་གཉིས།
1.   སེམས་པ་ངོས་བཟུང་ཞིང་བྱིང་རྒོད་འགོག་པའི་ཚུལ་དང་།
2.  གང་ལ་བརྟེན་ནས་བྱིང་རྒོད་སྐྱེ་བའི་རྒྱུ་ངོས་བཟུང་བའོ། །

གསུམ་པ་དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པ་ལ་གསུམ།
1.   སེམས་གནས་སྐྱེ་བའི་རིམ་པ་དངོས།
2.  དེ་སྟོབས་དྲུག་གིས་འགྲུབ་ལུགས།
3.  དེ་ལ་ཡིད་ལ་བྱེད་པ་བཞི་ཡོད་པའི་ཚུལ་ལོ། །

དང་པོ་སེམས་གནས་སྐྱེ་བའི་རིམ་པ་དངོས་ལ་དགུ།
1.   དེ་དང་དེ་ལ་སེམས་འཇོག་པ།
2.  རྒྱུན་དུ་འཇོག་པ།
3.  བླན་ཏེ་འཇོག་པ།
4.  ཉེ་བར་འཇོག་པ།
5.  དུལ་བར་བྱེད་པ།
6.  ཞི་བར་བྱེད་པ།
7.   རྣམ་པར་ཞི་བར་བྱེད་པ། 
8.  རྩེ་གཅིག་ཏུ་བྱེད་པ།
9.  མཉམ་པར་འཇོག་པའོ། །

གསུམ་པ་བསྒོམས་པས་ཞི་གནས་གྲུབ་པའི་ཚད་ལ་གསུམ།
1.   ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ།
2.  ཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ།
3.  ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པའོ། །

དང་པོ་ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ་ལ་གཉིས།
1.   དངོས་ཀྱི་དོན་བསྟན་པ་དང་།
2.  ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་དང་བཅས་པའོ། །

གསུམ་པ་ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པ་ལ་གཉིས།
1.   ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བགྲོད་པའི་སྔོན་དུ་ཞི་གནས་ཐོབ་དགོས་པར་བསྟན་པ་དང་།
2.  ཞི་གནས་ལ་བརྟེན་ནས་འདོད་པ་ལ་ཆགས་པ་དང་བྲལ་བར་བྱེད་པའི་ཚུལ་ལོ། ། 


གཉིས་པ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི།

1.   ལྷག་མཐོང་གི་ཚོགས་བསྟེན་པ།
2.  ལྷག་མཐོང་གི་རབ་དབྱེ།
3.  ལྷག་མཐོང་སྒོམ་པའི་ཚུལ།
4.  བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་དོ། །

དང་པོ་ལྷག་མཐོང་གི་ཚོགས་བསྟེན་པ་ལ་གསུམ།
1.   དྲང་དོན་དང་ངེས་དོན་གྱི་གསུང་རབ་ངོས་བཟུང་བ་དང་།
2.  ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་ཚུལ་ཇི་ལྟར་བྱུང་བ།
3.  སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལོ། །

གསུམ་པ་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལ་གཉིས།
1.   དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་དང་།
2.  དེ་ཁོ་ན་ཉིད་གཏན་ལ་དབབ་པ་དངོས་སོ། །


གཉིས་པ་དེ་ཁོ་ན་ཉིད་གཏན་ལ་དབབ་པ་དངོས་ལ་གསུམ།
1.   རིགས་པའི་དགག་བྱ་ངོས་བཟུང་བ།
2.  དེ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ།
3.  བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལོ། །

དང་པོ་རིགས་པའི་དགག་བྱ་ངོས་བཟུང་བ་ལ་གསུམ།
1.   དགག་བྱ་ལེགས་པར་ངོས་ཟིན་དགོས་པའི་རྒྱུ་མཚན།
2.  དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ།
3.  རང་གི་ལུགས་ཀྱི་དགག་བྱ་ངོས་འཛིན་པའི་ཚུལ་ལོ། །

གཉིས་པ་དགག་བྱ་ངོས་མ་ཟིན་པར་འགོག་པའི་གཞན་ལུགས་དགག་པ་ལ་གཉིས།
1.   དགག་བྱ་ངོས་འཛིན་ཧ་ཅང་ཁྱབ་ཆེས་པ་དགག་པ།
2.  དགག་བྱ་ངོས་འཛིན་ཁྱབ་ཆུངས་པ་དགག་པའོ། །

དང་པོ་དགག་བྱ་ངོས་འཛིན་ཧ་ཅང་ཁྱབ་ཆེས་པ་དགག་པ་ལ་གཉིས།
1.   འདོད་པ་བརྗོད་པ་དང་།
2.  དེ་མི་འཐད་པར་བསྟན་པའོ། །

གཉིས་པ་དེ་མི་འཐད་པར་བསྟན་པ་ལ་གཉིས།
1.   ལུགས་དེས་དབུ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཀག་པར་བསྟན་པ།
2.  གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པའོ། །

དང་པོ་ལུགས་དེས་དབུ་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཀག་པར་བསྟན་པ་ལ་གསུམ།
1.   དབུ་མའི་ཁྱད་ཆོས་ངོས་བཟུང་བ།
2.  ལུགས་དེས་དེ་ཇི་ལྟར་བཀག་པའི་ཚུལ།
3.  དེ་ལ་དབུ་མ་པས་ལན་ཇི་ལྟར་བཏབ་པའོ། །

གཉིས་པ་གནོད་བྱེད་བརྗོད་པ་རྣམས་ཀྱིས་སུན་མི་ཕྱིན་པར་བསྟན་པ་ལ་བཞི།
1.   རིགས་པས་དཔྱད་བཟོད་མི་བཟོད་བརྟགས་ནས་བཀག་པས་སུན་འབྱིན་མི་ནུས་པ།
2.  ཚད་མས་གྲུབ་མ་གྲུབ་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ།
3.  མུ་བཞིའི་སྐྱེ་བ་ཡིན་མིན་བརྟགས་ནས་འགོག་པས་སུན་འབྱིན་མི་ནུས་པ།
4.  དངོས་པོ་ཡོད་མེད་སོགས་ཀྱི་མུ་བཞི་ཀ་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པའོ། །

གསུམ་པ་རང་ལུགས་ཀྱི་དགག་བྱ་ངོས་བཟུང་བ་ལ་གསུམ།
1.   དངོས་ཀྱི་དོན་དགག་བྱ་ངོས་བཟུང་བ།
2.  དེ་དགག་བྱ་གཞན་ལ་སྦྱོར་མི་སྦྱོར་གྱི་ཚུལ།
3.  དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་བཤད་པའོ། །

གཉིས་པ་དགག་བྱ་འགོག་པ་དེ་ཐལ་རང་གང་གིས་བྱེད་པ་ལ་གཉིས།
1.   ཐལ་རང་གི་དོན་ངོས་བཟུང་བ།
2.  དེ་གཉིས་སུའི་རྗེས་སུ་འབྲངས་ནས་ལྟ་བ་རྒྱུད་ལ་བསྐྱེད་པའོ། །

དང་པོ་ཐལ་རང་གི་དོན་ངོས་བཟུང་བ་ལ་གཉིས།
1.   གཞན་ལུགས་དགག་པ་དང་།
2.  རང་ལུགས་བཞག་པའོ། །

དང་པོ་གཞན་ལུགས་དགག་པ་ལ་གཉིས།
1.   འདོད་པ་བརྗོད་པ་དང་།
2.  དེ་དགག་པའོ། །

གཉིས་པ་དེ་དགག་པ་ལ་བཞི།
1.   ལུགས་དང་པོ་དགག་པ།
2.  ལུགས་གཉིས་པ་དགག་པ། །
3.  ལུགས་གསུམ་པ་དགག་པ།
4.  ལུགས་བཞི་པ་དགག་པའོ། །

གཉིས་པ་རང་ལུགས་བཞག་པ་ལ་གཉིས།
1.   རང་རྒྱུད་སུན་དབྱུང་བ་དངོས་དང་།
2.  དེ་རང་ལ་མི་མཚུངས་པའི་ཚུལ་ལོ། །

དང་པོ་རང་རྒྱུད་སུན་དབྱུང་བ་དངོས་ལ་གཉིས།
1.   གཞི་ཆོས་ཅན་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་བསྟན་པ་དང་།
2.  སྐྱོན་དེས་གཏན་ཚིགས་ཀྱང་མ་གྲུབ་པར་བསྟན་པའོ། །

དང་པོ་གཞི་ཆོས་ཅན་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་བསྟན་པ་ལ་གཉིས།
1.   འདོད་པ་བརྗོད་པ་དང་།
2.  དེ་དགག་པའོ། །

གཉིས་པ་དེ་དགག་པ་ལ་གཉིས།
1.   དོན་མི་འཐད་པ་དང་།
2.  དཔེ་བཀོད་པ་དང་མི་འདྲ་བའོ། །

གསུམ་པ་བྱེད་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལ་གསུམ།
1.   གང་ཟག་གི་བདག་མེད་གཏན་ལ་དབབ་པ།
2.  ཆོས་ཀྱི་བདག་མེད་གཏན་ལ་དབབ་པ།
3.  ལྟ་བ་དེ་དག་གོམས་པས་སྒྲིབ་པ་སྤོང་ཚུལ་ལོ། །

དང་པོ་གང་ཟག་གི་བདག་མེད་གཏན་ལ་དབབ་པ་ལ་གསུམ།
1.   བདག་རང་བཞིན་མེད་པར་གཏན་ལ་དབབ་པ་དངོས།
2.  དེས་བདག་གི་བ་ཡང་རང་བཞིན་མེད་པར་གྲུབ་པར་བསྟན་པ།
3.  རིགས་པ་དེ་རྣམས་གཞན་ལ་ཡང་སྦྱར་བའི་ཚུལ་ལོ། །

དང་པོ་བདག་རང་བཞིན་མེད་པར་གཏན་ལ་དབབ་པ་དངོས་ལ་གཉིས།
1.   དཔེ་བཀོད་པ་དང་།
2.  དོན་ལ་སྦྱར་བའོ། །

དང་པོ་དཔེ་བཀོད་པ་ལ་བཞི།
1.   ཤིང་རྟ་རང་བཞིན་མེད་པའི་བཏགས་ཡོད་དུ་བསྟན་པ།
2.  དེ་ལ་རྩོད་པ་སྤང་བ།
3.  མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་པའི་ཚུལ།
4.  དེ་ལ་བརྟེན་ནས་མྱུར་དུ་ལྟ་བ་རྙེད་པའི་ཕན་ཡོན་ནོ། །

གཉིས་པ་དོན་ལ་སྦྱར་བ་ལ་གཉིས།
1.   རང་བཞིན་མེད་པའི་ཚུལ་དོན་ལ་སྦྱར་བ་དང་།
2.  མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་ཚུལ་དོན་ལ་སྦྱར་བའོ། །

དང་པོ་རང་བཞིན་མེད་པའི་ཚུལ་དོན་ལ་སྦྱར་བ་ལ་བཞི།
1.    བདག་ཕུང་པོ་དང་གཅིག་པའི་ཕྱོགས་དགག་པ། 
2.  བདག་ཕུང་པོ་དང་ཐ་དད་པའི་ཕྱོགས་དགག་པ།
3.  དེས་ཕྱོགས་ལྷག་མ་རྣམས་ཀྱང་ཁེགས་པར་འགྱུར་བ།
4.  དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་བའི་ཚུལ་ལོ། །

གསུམ་པ་ལྷག་མཐོང་བསྒོམ་པའི་ཚུལ་ལ་གཉིས།
1.   ལུགས་གཞན་དགག་པ་དང་།
2.  རང་ལུགས་བཞག་པའོ། །

དང་པོ་ལུགས་གཞན་དགག་པ་ལ་བཞི།
1.    གཞན་ལུགས་དགག་པ་དང་པོ། 
2.  ལུགས་གཞན་དགག་པ་གཉིས་པ།
3.  ལུགས་གཞན་དགག་པ་གསུམ་པ།
4.  ལུགས་གཞན་དགག་པ་བཞི་པ་དང་བཞིའོ། །

གཉིས་པ་རང་ལུགས་བཞག་པ་ལ་གསུམ།
1.   འཇོག་སྒོམ་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན།
2.  དེ་ལ་རྩོད་པ་སྤང་བ།
3.  སྐྱོང་ཚུལ་གྱི་གནད་བསྡུས་ཏེ་བཤད་པའོ། །

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཀྱི་ས་བཅད་རྫོགས་སོ།། །།སརྦ་མངྒལཾ།། །།




         གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།།
         བདེན་བཞིའི་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས།།
         ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།།
         ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།།