Saturday, July 27, 2019

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་སྒྲ་དེབ་ཀྱི་དྲ་ཐག

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་སྒྲ་དེབ་ཀྱི་དྲ་ཐག

བརྩེ་བའི་བོད་རིགས་སྤུན་ཟླ་རྣམ་པ།   

ང་ཚོ་མི་ཡུལ་དུ་གྱར་བའི་ལོ་ཟླ་སྐྱུར་མོ་འདི་དག་གི་རིང་། རང་རང་གི་འཚོ་ཐབས་སོགས་གང་ས་ཅི་ཐད་ནས་གལ་འགངས་ཆེ་བ་ནི་སྨྲོས་མེད་ཐོག དེ་དག་གི་སྟེང་། ང་ཚོ་་ཚང་མའི་ཕྲག་པར་ལྡོག་ཏུ་མེད་པའི། མི་རིགས་ཀྱིས་བྱིན་པའི་འགན་འཁྲི་དང་། དུས་བབ་ཀྱིས་སྟེར་བའི་ལས་འགན། ད་དུང་། རེ་བ་དང་ཡིད་ཆེས་ཀྱིས་གནང་བའི་འོས་འགན་རེ་ཚང་མར་ཡོད་པས།   དེ་དག་གི་སྔོན་འགྲོ་ལྟ་བུར།  བོད་མི་ཡོངས་ཀྱིས་༧ོགང་ས་མཆོག་གི་རྣམ་ཐར་( ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ) ཞེས་པའི་དཔེ་དེབ་འདི་ངེས་པར་ཀློག་དགོས་ཤིང་། རྒྱུན་དུ་རང་གི་མི་རིགས་ཀྱི་དྲན་སྐུལ་གྱི་དྲིལ་བརྡ་ལྟ་བུར་གཅེས་ཉར་དགོས་པ་ནི། ཧ་ཅང་གལ་ཆེ། 

  དྲང་པོར་བཤད་ན། ང་ཚོ་མི་ཇི་ཙམ་གྱིས་རྣམ་ཐར་འདི་ཀློག་མྱོང་ངམ།  ཞེས་དྲི་བ་རེ་སྐུལ་ཚེ། མི་མང་པོ་ཞིག་གིས་མགོ་བོ་འཕུར་བཞིན་ལན་འདེབས་དཀའ་བའི་གནས་སུ་གྱུར་ཡོད།  བོད་དུ་ཡོད་པའི་བོད་མི་ཚོས་མཚན་མོར་ལྐོག་ཏུ་དཔེ་དེབ་འདི་ཀློག་ཅིང་། དེ་བཞིན་རང་གིས་ཡིད་ཆེས་པའི་མི་ལ་འགྲེལ་བརྗོད་བྱེད་པ་སོགས་མཐོང་ཐོས་མང་དུ་བྱུང་མོད། རང་ཅག་བཙན་བྱོལ་དུ་གྱར་པ་རྣམས་ཀྱིས་འདི་ངེས་པར་དུ་ཀློག་དགོས་པ་ཞིག་ཏུ་མཐོང་ནས།  གུས་པས་དེབ་དེ་སྒྲ་དེབ་ཏུ་བཟོས་པས། ཀློག་ཁོམ་དང་ཀློག་སྐལ་མེད་ཀྱང་། དུས་ཚོད་ཁོམ་དུས་བཞིན་འདི་ཆ་ཚང་ཉན་ནས། རྒྱལ་བ་རིན་པོ་ཆེའི་མཛད་པ་དང་། དགོངས་བཞེད་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་གལ་ཆེ།



ལེའུ་དང་པོ།   སོ་ནམ་པའི་བུ། 

ལེའུ་གཉིས་པ།  བྱང་ཆུབ་འཚོལ་བ། 

ལེའུ་གསུམ་པ།   ཡིད་ཀྱི་བདེ་བ། 

ལེའུ་བཞི་པ། བོད་དང་ཁྱིམ་མཚེས་རྒྱ་ནག

ལེའུ་ལྔ་པ།  བཙན་འཛུལ།

ལེའུ་དྲུག་པ། རྒྱ་མི་གུང་ཁྲན་ནང་། 

ལེའུ་བདུན་པ།  བཙན་གནོན་དང་བློ་ཕམ།

ལེའུ་བརྒྱད་པ། རྒྱ་གར་གནས་སྐོར། 

ལེའུ་དགུ་པ། ཟིང་འཁྲུག

ལེའུ་བཅུ་པ།  ལྷ་སའི་རྐྱེན་ངན། 

ལེའུ་བཅུ་གཅིག་པ། བཙན་བྱོལ། 


ལེའུ་བཅུ་གཉིས་པ།  སྐྱབས་བཅོལ་དུ་ཕྱིན་པ། 

ལེའུ་བཅུ་གསུམ་པ།  ད་ལྟ་དང་མ་འོངས་པ།