ཉེར་ལྔ་ལོན་པའི་བུ་མོ།
མཛངས་མ་བསྟན་འཛིན་སྒྲོལ་མས་བྲིས།
ལོ་ལྔ་སོང་བའི་ཨ་ཕ་རིགས་རྒྱུ་མི་འདུག།
མ་ནི་ཉིན་ལྟར་སྨན་གྱི་རྒྱ་མཚོར་བརྟེན།
རང་ཉིད་མུ་མཐུད་སློབ་སྦྱོང་བྱ་འདོད་ཀྱང།
མ་ཡི་དྲིན་ལན་འཇལ་ཕྱིར་ལས་ཀ་བྱས།
ལོ་ན་ཉེར་ལྔ་ཆུང་ཆུང་གཞན་གྱི་ཟེར།
འོན་ཀྱང་ང་ཡི་འཚོར་བ་ལྔ་བཆུ་འདྲ།
ནང་མིའི་འགན་དེ་རང་ཉིད་སྒང་ལ་བབ།
སྐྱིད་པོ་གཏོང་རྒྱུ་སྣང་བའི་ཡིད་ལས་བྲལ།
ཚང་མ་སྐྱིད་པོ་འདོད་པ་གཅིག་འདྲ་རེད།
ང་ཡང་སྐྱིད་པོ་འདོད་པ་གཞན་དང་མཚུངས།
འོན་ཀྱང་གྲུབ་ཐབས་མེད་པའི་འདོད་པ་དེ།
འདོད་པ་བྱས་ཀྱང་ཐབས་མེད་འདོད་ཅི་ཕན།