Wednesday, November 13, 2013

ཪིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོས་ཆེད་དུ་བྲིས་ཏེ་ཕུལ།

ཪིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོས་ཆེད་དུ་བྲིས་ཏེ་ཕུལ།

ཡབ་ཆེན་ཁྱེད་ཀྱི་བཀའ་དྲིན་ག་ལ་བརྗེད།
འཆི་མེད་སྒྲོལ་དཀར།   རང་ལོ་༡༣    འཛིན་རིམ་ ༨

དཔེ་སྟོན་ཡབ་ཆེན་ཁྱེད་ཀྱི་བཀའ་དྲིན་ག་ལ་བརྗེད།།
ང་ཚོའི་སེམས་སུ་རྡོ་ལ་རི་མོ་བྲིས་བཞིན་ཡོད།།
 དེ་རིང་ཁྱོད་ཀྱི་འཁྲུངས་སྐར་ཉིན་མོ་འདིར།།
དཔེ་སྟོན་སློབ་མས་ཁྱེད་ལ་འཚམས་འདྲི་ཞུ།།

ཐོག་མར་ཤེས་བྱ་ཆུང་བའི་རྭ་བ་ཆུང་ཆུང་འདིར།།
མཁས་དབང་མཆོག་གིས་ཡར་རྒྱས་ཆེན་པོ་བཏང་ཡོད།།
དཔེ་སྟོན་སློབ་གྲྭའི་ཤེས་བྱ་ཕྱུག་ཏུ་ཕྱིན་སོང་བས།།
ཟམ་གདོང་མཆོག་གི་བཀའ་དྲིན་ཁོ་ན་ཡིན།།

ཁྱོད་ནི་རྒྱ་མཚོ་ནང་གི་གྲོལ་བ་ཅན་ཞིག་ཡིན།།
ཁྱོད་ནི་སློབ་མ་ང་ཚོར་༧གོང་ས་མཆོག་ལྟར་མཚུངས།།
ཁྱོད་ཀྱི་བྱམས་སྐྱོང་འོག་ལས་ང་ཚོ་འཚོ་ཐུབ་སོང༌།།
ཁྱོད་ཀྱི་བྱམས་སྐྱོང་ང་ཚོས་ནམ་ཡང་རྗེས་མི་སྲིད།།

མི་རྗེ་ཟམ་གདོང་མཆོག་གི་ཐུགས་རྗེ་ཟབ་མོ་ལས།།
བོད་མི་ཁྲི་ཁྲག་མང་པོ་འདི་རུ་བདེ་སྐྱིད་གནས།།
ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་བྲལ་བའི་བཀའ་དྲིན་ཡིན།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཞུ།།

ང་ཡི་ཡབ་ཆེན་ལགས།
བདེ་ཆེན་ལྷ་སྒྲོན།   འཛིན་རིམ་༦   རང་ལོ་  ༡༢

སྤྱི་ལོ་ཉིས་སྟོང་ལྔ་ཡི་ལོ་ནང་དུ།།
རྡ་སའི་མཐོ་ཁར་སློབ་གྲྭ་དབུ་བཙུགས་གནང༌།།
དེ་ཡང་མཁས་དབང་ཟམ་གདོར་རིན་པོ་ཆེས།།
དམིགས་སུ་མཛད་པའི་སློབ་གྲྭ་»ཞིག་ཡིན་ནོ།།

ཁྱེད་ཀྱི་ལྷག་བསམ་ཆུ་ལས་དྭངས་བ།།
ཁྱེད་ཀྱི་བྱ་སྤྱོད་མཚོ་ལས་ཟབ་བ།།
དེ་རིང་འཁྲུངས་སྐར་ཉིན་མོ་འདིར།།
ང་ཡིས་འཚམས་འདྲི་གྲངས་མེད་ཞུ།།


ཉིད་ཀྱི་འཁྲུངས་སྐར་ལ་བསྟོད་ཚིག
བསྟན་འཛིན་ཟླ་གསལ།   རང་ལོ་  ༡༣   འཛིན་རིམ་ ༨

བཀུར་འོས་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག།
ཐོག་མ་འཇིག་རྟེན་འདི་རུ་གོམ་སྤོས་བསྐྱོད་བ་དང༌།།
ཚང་མའི་ཡིད་ལ་བདེ་སྐྱིད་སྣང་བའི་བདེ་བ་སྦྱིན།།
དགའ་སྤྲོའི་མཛུམ་མདངས་ཚང་མས་ངོས་སུ་ཡང་ཡང་འཆར།།

དེ་དང་དེ་མཚུངས་ཁྱེད་ཀྱིས་བོད་ཕྲུག་བོད་མིའི་ཆེད།།
ས་ཕྱོགས་གང་སར་ལས་འགན་ཐེངས་མང་གནང་མྱོང་ཡོད།།
མ་ཟད་མ་འོངས་བོད་ཕྲུག་སོན་རྩ་རྣམས་པའི་ཆེད།།
སློབ་གྲྭ་མང་པོར་གཟིགས་སྐྱོང་ཚད་མེད་གནང་ཟིན་ཡིན།།

ཁྱེད་ལ་ལས་གཞི་ཛ་དྲག་བྲེལ་འཚུབ་མང་མོད་ཀྱང༌།།
སློབ་གྲྭའི་སློབ་ཕྲུག་ཆེད་དུ་ཉིན་ལྟར་དུས་ཚོད་བཏོན།།
ད་དུང་ཁྱེད་ཀྱིས་ཕྲུ་གུའི་མདུན་ལམ་ལམ་སྟོན་ཆེད།།
བཀའ་སློབ་གཏམ་བཤད་ཐེངས་མང་གནང་བར་ཕེབས་མྱོང་ཡོད།།

ཁྱེད་ལ་བསྟོད་པ་ཕུལ་བ།
སྒྲོལ་མ་བཟང་མོ། འཛིན་རིམ་༩རང་ལོ་༡༤
ཁྱེད་ནི་ང་ཡི་ཕ་མ་གཉིས་པ་ལགས།
ཉིན་ལྟར་ང་ཚོའི་ཆེད་དུ་སྐུ་ལས་བསྐྱོན།
དེ་རིང་དུས་བཟང་ཁྱེད་ཀྱི་འཁྲུངས་སྐར་ལ།
ན་ཆུང་ང་ཚོས་ཁྱེད་ལ་མཚམས་འདྲི་ཞུ།

ཀརྨ་ཆོས་སྒྲོན།   རང་ལོ་༡༣འཛིན་རིམ་༧
དེ་རིང་དགའ་སྐྱིད་ལྡན་པའི་ཉིན་མོ་འདིར།།
དཔེ་སྟོན་ན་ཆུང་སློབ་ཕྲུག་ཡོངས་རྫོགས་ནས།།
ཁྱེད་ཀྱི་འཁྲུངས་སྐར་ཉིན་མོར་སྟབས་བསྟུན་ནས།།
སྙིང་ཁོང་རུས་པའི་སྟེང་ནས་འཚམས་འདྲི་ཞུ།།

ཁྱེད་རང་མེད་ན་མི་ཚེར་སྙིང་པོ་མེད།།
ཁྱེད་རང་གོ་ལ་འདི་རུ་འཁྲུངས་བ་ནས༌།།
བོད་མི་ཡོངས་ལ་སྔར་མེད་བདེ་སྐྱིད་ཐཽབ།།
བྱིས་པ་ང་ཚོར་མདུན་ལམ་གསར་པ་བྱུང༌།།

དགའ་སྐྱིད་ལྡན་པའི་དཔེ་སྟོན་སློབ་གྲྭ་རུ།།
གཤིས་སྤྱོད་བཟང་བའི་དགེ་རྒན་ཧ་ཅང་མང༌།།
སློབ་གྲོགས་ཕན་ཚུན་མཐུན་སྒྲིལ་ཧ་ཅང་ཆེ།།
ཁྱེད་ཀྱི་བཀའ་དྲིན་ཡིན་པ་མི་བརྗེད་དོ།།

ང་ཚོའི་སྐད་ཡིག་རྩ་བརླག་མི་འགྲོ་བར།།
ཟམ་གདོང་མཆོག་གི་སློབ་གྲྭ་གསར་བསྐྲུན་གནང༌།།
ད་ཆ་ང་ཚོས་བོད་ཡིག་སློབ་པ་དག།
མ་འོངས་གོ་ལ་ཡོངས་ལ་ཁྱབ་པར་ཤོག།

གངས་ཅན་ཡོངས་ནས་ཁྱེད་རང་མཁས་དབང་ནི།།
ཆུང་དུས་སློབ་ལ་བརྩོན་འགྲུས་ཐེངས་མང་བྱས།།
ད་ཆ་མཁས་དབང་ཅན་དུ་འགྱུར་བ་ནི།།
ང་ཚོ་བོད་མིའི་ཡོངས་ཀྱི་གཟི་བརྗིད་ཡིན།   །།

ཁྱེད་ཀྱི་འཁྲུངས་སྐར་ལ་ཕུལ་བ།
འཇིག་མེད་སྒྲོལ་མ། འཛིན་རིམ ༩  རང་ལོ་ ༡༤
ཁྱེད་ཀྱི་བཀའ་དྲིན་ང་ཡིས་བརྗེད་ཐབས་བྲལ།།
ཁྱེད་ཀྱི་དྲིན་ལས་ང་ཡིས་ཤེས་ཡོན་ཤེས།།
དེ་ནི་ཁྱེད་ཀྱི་བྱས་རྗེས་རླབས་ཆེན་ཡིན།།
དྲིན་ལན་དངོས་སུ་འཇལ་རྒྱུའི་རེ་བ་ལགས།།

དཔེ་སྟོན་ཡབ་ཆེན་མཆོག་ལ་ཕུལ་བ།
བསྟན་འཛིན་ཀུན་གསལ།རང་ལོ་ ༡༣ འཛིན་རིམ་ ༨
དྲོ་སྐྱིད་ལྡན་པའི་རྡ་སའི་ཁོར་ཡུག་ཏུ།།
མི་འབོར་མང་པོ་དགའ་སྐྱིད་ལྷན་དུ་གནས།།
དཀའ་ངལ་ཆེ་ཆུང་གང་ཞིག་འཕྲད་བའི་ཚེ།།
ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དགའ།།

དཔེ་སྟོན་སློབ་གྲྭའི་ཡབ་ཆེན་རིན་པོ་ཆེ།།
བྱམས་སྐྱོང་ཆེན་པོས་ང་ཚོ་ལེགས་པར་སྐྱངས།།
ཁྱེད་ཀྱི་དཀའ་དྲིན་ནམ་ཡང་མི་བརྗེད་པས།།
རྟག་ཏུ་ཁྱེད་རང་གློ་སྙིང་ནང་དུ་གསལ།།

ཐུགས་སེམས་བྱམས་དང་སྙིང་རྗེ་ཁྱེད་ལ་ཡོད།།
གཞན་སེམས་མ་གཏོགས་རང་སེམས་ནམ་ཡང་མེད༌།།
དེ་རིང་ཁྱེད་ཀྱི་དུས་བཟང་ཉིན་མོ་འདིར།།
གུས་མོས་ཁྱེད་ལ་བཀྲ་ཤིས་སྨོན་འདུན་ཞུ།།

དེ་རིང་གི་སྙན་ཚིག  ཁྱེད་ཀྱི་ཆེད་དུ་ཕུལ།
མིག་དམར་ཆོས་སྒྲོན།          རང་ལོ༡༤  འཛིན་རིམ་༩
སྟོན་དུས་སླེབས་»བྱུང།
མོས་ཤིང་ལོ་ས་ལ་ལྷུང་བའི་སྐྱོ་སྣང་འཁྱེར་ནས་ཕེབས་བྱུང༌།
མོས་དཔྱིད་དཔལ་གྱི་དགའ་སྟོན་འཆི་ལམ་དུ་བསྐྱལ་བརསླེབས་སོང༌།
གསེར་མདོག་གི་ལོ་མ་དག་གི་དགའ་སྤྲོའི་འཁྱེར་ནས་ཕྱིན་སོང༌།
དེ་བཞིན་དགའ་སྤྲོའི་ཁེངས་པའི་སློབ་མ་རྣམས་ཀྱི་འཛུམ་མདངས་དེ་ཡང་འཁྱེར་ནས་ཕྱིན་སོང༌།
འོན་ཀྱང་སྟོན་དུས་ཀྱིས་ངའི་དགའ་སྣང་འཁྱེར་ནས་ཕེབས་བྱུང༌།
སྤྲིན་དཀར་བོ་ཚོམ་བུ་དང་རླུང་བུ་བསིལ་མོ་འཁྱེར་ནས་བསླེབས་སོང༌།
བསམ་གཞིགས་ཀྱི་རི་སློང་འགྲིམས་སྐབས༌།
ངས་གཞི་ནས་རྟོགས་པ་ནི་ང་ཚོའི་སློབ་གྲྭའི་ཡབ་ཆེན་མཆོག་གི་འཁྲུངས་སྐར་ཡིན་པ་ཤེས།
ཁྱེད་ཀྱི་ཤེས་བྱ་བདུད་རྩི་ལས་ང་ཚོ་སློབ་ལ་འབད་བཞིན་ཡོད༌།
ཁྱེད་ཀྱི་དྲོད་ཀྱི་བྱམས་ལྡན་ལས་ང་རང་སློབ་གྲྭར་དགའ་སྤྲོ་ངང་ནས་གནས་བཞིན་ཡོད༌།
ཁྱེད་རང་བཀའ་ཁྲི་དང་ཐོག་གནང་བ་ནས་བཟུང༌།
བོད་ཀྱི་སྐད་ཡིག་ཡར་རྒྱས་ཟླ་བ་ལྟར་ཕེབས་སོང༌།
དེ་བཞིན་ང་རང་བོད་དགེ་བཟང་པོ་ཞི་བྱ་འདོད་པ་ཁྱེད་ཀྱིས་གསོན་ཤུགས་སྦྱིན༌།
ཁྱེད་ཀྱི་བཀའ་དྲིན༌།   ཁྱེད་ཀྱི་བྱམས་བརྩེ༌།
དེ་དག་དཀར་གཙང་ཤོག་བུ་ནང་བྲི་མི་ཚར༌།
མ་ཟད་ངས་གང་ནས་མགོ་བརྩམས་དགོས་པ་ཡང་མི་ཤེས༌།
འོན་ཀྱང་དུས་བཟང་དེ་དང་སྟབས་བསྟུན་ནས༌།
ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་ལ༌།
བུ་མོ་ངའི་དམར་སྙིང་དབུས་ནས་སྨོན་འདུན་ཞུ།

ཟམ་གདོང་བློ་བཟང་རིན་པོ་ཆེ།
མིང་ཀརྨ་ཆོས་སྐྱིད།                        འཛིན་གྲྭ་བདུན་པ།

ཁྱེད་ཀྱི་ཡིད་འོང་ཞལ་རས་ཐོག་མ་མཇལ་དུས།
ཁྱེད་ཀྱི་ཕྱག་ཟུང་གཉེར་མས་ང་ཚོར་བྱམས་ཀྱི་སྐྱོངས།
དེ་ནི་མཁས་དབང་ཁྱེད་ཀྱི་བྱམས་སྐྱོང་ཡིན་ལགས།
བྱམས་ལྡན་བླ་མ་ཁྱེད་ཀྱིས་བོད་མི་ལ་སྐྱིད་སྣང་གི་མི་ཚེ་བསྐྲུན།
ཁྱེད་རང་ཡོད་པའི་ཟླུམ་གཟུགས་བོད་ལྗོངས་འདི་ནང་།
རྟ་བདུན་བཞིན་དུ་ཟེགས་མ་རེ་རེ་བོད་མི་ལ་བསྐྱངས།
བླ་མ་ཁྱེད་ནི་བོད་རིགས་བདེ་སྐྱིད་ཡིན་ནོ།
བྱམས་ལྡན་བླ་མ་ཁྱེད་ནི་གཞན་དོན་གྲུབ་མཁས་པའི།
ཉིན་མཚན་དབྱེ་མེད་གཅེན་གཅུང་ང་ཚོའི་བདེ་སྐྱིད་ཆེད།
དབྱར་གྱི་ཚ་སྡུག་འཛེམས་ལ་དགུན་གྱི་གྲང་རླུང་ལ་འཛེམས།
བླ་མ་ཁྱེད་ལ་ང་ཚོས་དམར་སྙིང་ནས་འཚམས་འདྲི་བཞུ།
ད་ལོའི་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་སྟེ།
གུས་མོས་སྣིང་དབུས་ནས་བཀྲ་ཤིས་བཞུ།
དཔེ་སྟོན་སློབ་ཕྲུག་གི་ཉིན་ལྟར་སྨོན་འདུན་བགྲངས།
བོད་རིགས་ཡོངས་ཀྱི་རྒྱུན་དུ་ཐུགས་རྗེ་བཞུ།
ཁྱེད་ཀྱི་བཀའ་འདྲིན་ཡིད་ལ་འདྲན།
དེར་བརྟེན་ཁྱེད་ཀྱི་རེ་བ་དང།
དུས་ཚོད་མུ་ཏིག་འདྲ་བ་དེ།
ནམ་ཡང་ཆུད་བཟོད་མི་བཏང་ངོ་།

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ།
བསྟན་འཛིན་ནོར་བཟང་ན་ག           འཛིན་གྲྭ་བདུན་པ།

ཁྱེད་ཀྱི་འཇིག་བརྟེན་འདི་རུ་གོམ་སྤོས་གནང་བ་དང༌།།
ཕྱོགས་བཞི་ཡོངས་སུ་དགའ་སྣང་སྤྲོ་བའི་སྤལ་ལ་རོལ།།
མ་ཟད་དེ་དང་མཚུངས་པའི་ལོ་ཆུང་བྱིས་པ་རྣམས།།  
སློབ་ལ་བརྩོན་རྒྱུའི་གོ་སྐབས་མང་པོ་ཐོབ་རྒྱུ་བྱུང༌།།

ཉིན་ལྟར་སྙིང་ནས་ཤ་ཚ་བྱེད་སའི་བུ་ཕྲུག་ཆེད།།    
རང་གི་སློབ་གྲྭ་མང་པོ་ཞིག་ལ་ཕྱག་ལས་གནང༌།།
ད་དུང་ཕྲུ་གུའི་མདུན་ལམ་ཡར་རྒྱས་གཏོང་རྒྱུའི་ཆེད།།
བསླབ་བྱ་བརྒྱབ་རྒྱུར་ཟླ་ནས་བདུན་རེ་སོང་རྗེས་ཕེབས།།

རང་གི་བོད་ཀྱི་དོན་དུ་སྐུ་ལས་བསྐྱོན་རྒྱུའི་ཆེད།།
སྲིད་སྐྱོང་མཆོག་གི་བཀའ་ཁྲི་འགན་འཁུར་ལག་ཏུ་བཞེས།།
ད་དུང་བོད་མི་ཚང་མས་ཁོང་གི་སྐུ་ལས་ལ།།
མཚར་ཏུ་དངར་ནས་བོད་མི་ཡོངས་ཀྱིས་བསྟོད་བསྔགས་བགྱིས།།


མི་རྗེ་ཟམ་གདོང་བླ་མ་མཆོག
བསྟན་འཛིན་ཉི་མ་ ལོ་༡༤ འཛིན་རིམ༧

མི་རྗེ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག།        
ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་བལྟམས།།
འོན་ཀྱང་དཀའ་བའི་ལས་ལ་ཁྱད་བསད་དེ།།         
ད་ཆ་བོད་གཞུང་སྲིད་ཀྱི་འགོ་འཁྲིད་ཆགས།
དཔེ་སྟོན་དབུ་འབྱེད་མཛད་མཁན་ཟམ་གདོང་ཁོང༌།།
ལོ་རེར་རྒྱུན་དུ་སློབ་གྲྭར་ཐེངས་རེ་ཕེབས།།
ཁོང་གི་ང་ཚོར་ལེགས་པའི་སློབ་གསོ་རྒྱག༌།
དེ་ཡིས་ང་ཚོའི་སེམས་པ་འགྱུར་བ་ཐེབས།།
རིན་པོ་ཆེ་ནི་ཞི་འཇམ་ཁུ་སིམ་ལྡན།།             
རྟག་པར་འུ་ཅག་ཆེད་དུ་བསམ་བློ་བཏང༌།།
ཁོང་གི་ངོ་གདོང་ག་དུས་མཇལ་ན་ཡང།།          
བདག་གི་སེམས་པར་ཞི་བདེ་ཚོར་གྱི་འདུག།
གངས་ལྗོངས་རང་བཙན་གཙང་མ་ཐོབ་ཆེད་དུ། །       
བཙན་བྱོལ་གཞུང་ལ་ཞབས་ཞུ་གཙང་མ་ཞུས།།
ཁོང་གི་མཛད་རྗེས་ཆེན་པོ་བཞག་པ་དེར། །          
གཟེངས་རྟགས་ཆེ་ཅུང་མང་པོ་ཐོབ་པ་རེད།།
གཞན་ལ་ཕན་པའི་མི་རྗེ་ཆེན་པོ་ཁོང༌།།           
རང་རྒྱལ་ཆེད་དུ་སེམས་ཤུགས་མི་ཆག་མཁན།།
ཁོང་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན།།          
མི་ཚེ་ནང་དུ་ནམ་ཡང་བརྗེད་མི་སྲིད།།

ང་ཡི་ཨ་ཕ་གཉིས་པ་ལགས།
ཕུར་བུ་སྒྲོལ་མ།   རང་ལོ་༡༤   འཛིན་རིམ་ ༩

ཀ་ཡེ།  ང་ཡི་གྲོགས་པོ་ཚོ་བདག་ལ་ལན་གཅིག་གསོན་དང༌།
བུ་མོ་ངས་ཁྱེད་ཚོར་»བྱིས་སྒྲུང་སྙན་མོ་ཤིག་ཤོད་ཆོག།
དེ་ཡང་སྤྱི་ལོ་༢༠༠༥ཡི་ལོ་རུ་རྡ་སའི་རྩ་ལྗང་གི་་མཐོ་སར།
ཟུར་དུ་ཆུ་མོ་ཆུང་ངུ་ཞིག་རྒྱུགས་པར།
དམའ་གང་སར་བོད་སྐྱིད་འཛོམས་པར།
མཁས་དབང་ཟམ་གདོར་རི་པོ་མཆོག་ནས།
སློབ་གྲྭ་ཞིག་དབུ་བཙུགས་གནང་བཞིན།
གཞིས་ཆགས་ཁག་གི་ཕྲུ་གུ་ཆུང་ཆུང་མང་པོ་ཞིག་ལ་སློབ་སྦྱོང་སྦྱངས་རྒྱུའི་གོ་སྐབས་ཀྱང་ཐོབ།
ཁོང་གིས་སྐབས་དེར་ཕྱག་གཉིས་ཀྱིས་རས་དམར་པོས་སློབ་གྲྭའི་སྒོ་ཕྱེས་སོངལ།
སློབ་མ་ང་ཚོའི་ཤེས་བྱའི་བང་མཛོད་སྒོ་ཕྱེ་པའི་ལྡེ་མིག་ཞིག་ཀྱང་ཐོབ་བྱུང༌།
ཀ་ཡེ།  ང་ཡི་གྲོགས་མོ་ཚོ་བདག་ལ་ཚུར་གཅིག་གསོན་དང༌།
བུ་མོ་ངས་ཁྱེད་ཚོར་ཁོང་གི་ལོ་རྒྱུས་ཐུང་ངུ་ཞིག་བཤད་ཆོག
ཁོང་ནི་མཁས་པ་ཧ་ཅང་དཔའ་ངར་ལྡན་པ་ཞིག་ཡིན་ལ།
ཤེས་ཡོན་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་བརྟེན་གནས་ཤིག་ཏུ་ཡང་གྱུར།
ཁོ་བོའི་བསླབ་བྱ་སྙན་མོ་དག་ལ་ང་ཚོར་བོད་སྐྱིད་ངོ་མ་ཞིག་ཐོབ།
ཁོ་བོ་འཇིག་རྟེན་འདིར་ཡོད་པས་ད་གཟོད་གོ་ལ་འདིར། ཨེ་ཤེ་ཡ་འདིར།རྒྱ་གར་འདིར། རྡ་ས་འདིར།
སྙན་གྲགས་ཆེ་བའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་པ་མཐོང་རྒྱུ་ཡོད།ཐོས་རྒྱུ་ཡོད།
དེ་བས་དེ་རིང་བུ་མོ་ངས་ཁྱེད་ཀྱི་ཡིད་དུ་འོང་པའི་བྱ་སྤྱོད་འདིར།
རྗེས་སུ་ཡི་རང་ཡོད་ལ་ཁྱོད་ལྟ་བུའི་མི་སྣ་འཇིག་རྟེན་འདིར་འཁྲུངས་པ་དགའ་བསུ་ཡོད།
དེ་རིང་ཁྱོད་ཀྱི་འཁྲུངས་སྐར་ཉིན་མོ་སྟེ་ ཁྱོད་མི་ཡུལ་དུ་བྱོན་པའི་དུས་ཤིག
ཁྱེད་ཀྱིས་འཇིག་རྟེན་འདིར་ཞི་བདེ་ཞིག་བསྐྲུན་པའི་དུས་ཤིག
ཁྱེད་ཀྱི་མེས་དབོན་དཔེ་སྟོན་དབུ་བཙུགས་པའི་དུས་ཤིག་སྟོན།
ང་ཚོས་ནམ་ཡང་རྗེས་མི་སྲིད།
ཁྱེད་ཀྱི་འཁྲུངས་སྐར་དགའ་བསུ་གྲངས་མེད་ཞུ།

ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ།
རིག་འཛིན་ཚེ་དབང༌།  རང་ལོ་༡༣  འཛིན་རིམ་ ༨
ཤེས་བྱར་བརྩོན་ཤུགས་ཆེ་བའི་གཟམ་གདོང་མཆོག།
ང་ཚོའི་མ་འོངས་གཤོག་རྩལ་རྒྱས་བའི་ཆེད༌།།
རྣམ་དཔྱོད་ཤེས་རིག་ལྡན་པའི་སློབ་མ་རྣམས།།
ཁྱེད་ཀྱི་འཁྲུངས་སྐར་སྲུང་རྩི་བྱེད་རྒྱུ་དགའ།།
མ་ཡུམ་དྲིན་ཆེན་དཔེ་སྟོན་སློབ་གྲྭ་ནི།།
ཁྱེད་ཀྱི་མཛད་པའི་སློབ་གྲྭ་ཡང་དག་ཡིན།།
མ་ཟད་མ་འོངས་བོད་ཕྲུག་སོན་རྩ་ལ།།
བསླབ་བྱ་ཡག་པོ་རེ་ཞིག་རྒྱག་ངེས་ཡིན།།
བླ་མེད་མཁས་དབང་ཟམ་གདོང་འོད་ཟེར་གྱིས།།
བཙན་བྱོལ་བོད་མིར་ཚེ་སྲོག་གསར་པ་སྦྱིན།།
བོད་ཡིག་སློབ་གྲྭ་རྐང་རྟེན་བཙུགས་དོན་ནི།།
མ་འོངས་བོད་རིགས་སོན་རྩས་རང་བཙན་ལེན།།
ཁྱེད་ཀྱི་དེ་རིང་འཁྲུངས་སྐར་ཉིན་མོ་ལ།།
དཔེ་སྟོན་སློབ་མས་ཕྱག་རྟགས་ཆུང་ངུ་འབུལ།།
ཁྱེད་ཀྱི་ཆེད་དུ་གླུ་གཞས་ལེགས་མོ་སྦྱངས།།
ཕྱི་ཟླ་བཅུ་གཅིག་ལྔ་ཉིན་གླུ་གཞས་འབུལ།།

ཟམ་གདོང་རིན་པོ་ཆེ།
བསྟན་འཛིན་མཆོག་ལྡན། འཛིན་རིམ་༧ལོ་ ༡༣

རང་དོན་དོར་ནས་ག»ཞན་དོན་ལྷུར་མཛད་པ།།
གཞིས་བྱེས་བོད་མི་ཡོངས་ཀྱིས་གཙུག་ཏུ་བཀུར།།
སྙིང་སྟཽབས་ཞུམ་པ་མེད་པའི་ལས་ལ་བཙོན།།
བཅན་བྱོལ་གཞུང་ལ་ཁྱེད་ཀྱིས་ཉི་འོད་བསྐྲུན།།

ཟམ་གདོང་རིན་པོ་ཆེ།
བསྟན་འཛིན་ཆོས་སྒྲོན་ ལོ་༡༣ འཛིན་གྲྭ་༨

བསམ་རྒྱ་ཐོས་རྒྱ་ནུས་པ་ཆེ་བས་ན།།
སྒེར་དོན་སྤངས་ཏེ་གངས་ལྗོངས་བོས་དོན་སླད།།
བླ་ན་མེད་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས།།
ཁྱེད་ཉིད་ཐུགས་རྗེའི་བཀའ་དྲིན་ལེགས་འབུལ་ཞུས།།
ཁྱེད་ནི་ཐོག་མའི་དཔེ་སྟོན་ཨ་ཕ་ཡིན།།
ལྷག་བསམ་གཞུང་དྲང་མི་རིགས་ལ་རྒྱ་ལྡན།།
རིག་གནས་ཆེ་ཆུང་ལྔ་ལ་བྱང་ཆུབ་སློབ།།
སྐད་ཡིག་ཤེས་བྱ་མཐོ་བས་མཁས་མིང་ཐོབ།།
རང་བཞིན་བཟང་པོས་ཀུན་གྱི་བརྩི་བཀུར་ཐོབ།།
ན་གཞོན་བོད་མིའི་ཡིད་སྨོན་སྐྱེས་ཡུལ་ཡིན།།
ཟང་ཟིང་ངེས་འབྱུང་སྐྱེས་ནས་རབ་བྱུང་བཞེས།།
མུན་ནག་སྨག་རུམ་ནང་གི་སྒྲོན་མེ་ཡིན།།
སྐད་ཡིག་དར་སྤེལ་མི་ཉམས་རྒྱུན་འཛིན་སླད།།
ལེ་ལོ་སྣང་མེད་ར་བ་ཡོངས་དོར་ཏེ།།
རིན་བྲལ་དུས་ཚོད་དམ་འཛིན་སློབ་སྦྱོང་ལ།།
མི་ཟད་བླ་མེད་འབད་བཙོན་བྱེད་རྒྱུ་ཡིན།།
ཤེས་ཡོན་སྲིད་ཇུས་དང་པོ་ཁྱེད་ཀྱི་བཙུགས།།
བོད་རིགས་ན་ཆུང་ཆེད་དུ་སློབ་གྲྭ་བཞེངས།།
ང་ཚོའི་ན་ཆུང་དཔེ་སྟོན་སློབ་གྲྭ་ནི།།
ཁྱེད་ཀྱི་ཕྱག་ཟུང་འོག་ནས་འཚར་ལོངས་བྱུང༌།།
བོད་ཀྱི་སྐད་ཡིག་མེ་རོ་གསོ་བའི་ཆེད།།
མེས་དབོན་དཔེ་སྟོན་སློབ་གྲྭ་གསར་འཛུགས་གནང༌།།
ད་དུང་བཀའ་བློན་ཁྲི་པ་གནང་བའི་རིང༌།།
ལས་ཁུངས་ཡིག་འབྲེལ་བོད་ཡིག་གཏན་འབེབས་མཛད།།
དགུང་ལོ་བགྲེས་བོ་འགྲོ་བའི་ཕ་ལོ་ལགས།།
ང་ཚོའི་ཤེས་བྱའི་དོན་དུ་སྐུ་ལས་བསྐྱོན།།
ཕ་ལོ་བཟང་དང་མི་འབྲེལ་ཁྱེད་རང་བཟང༌།།
དེ་ལས་ང་ཚོའི་ཐུགས་རྗེ་ལེགས་འབུལ་ཞུ།།

བསྟན་འཛིན་ཀུན་བཟང༌།   རང་ལོ་ ༡༣  འཛིན་རིམ་ ༨
མེས་དབོན་དཔེ་སྟོན་སློབ་གྲྭའི་ཡབ་ཆེན་ལགས།།
ཐོག་མར་དཔེ་སྟོན་སློབ་གྲྭགསར་འཛུགས་གནང༌།།
ཅི་སྟེ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང༌།།
མ་འོངས་བོད་པའི་སོན་རྩ་སྐྱེད་སྲིང་བྱས།།
ཁྱོད་ཀྱི་བྱེས་རྗེས་མཐའ་དག་རི་ལས་བརྗིད།།
ཁྱོད་ཀྱི་བཀའ་དྲིན་མཐའ་དག་མཚོ་ལས་ཟབ།།
ཁྱོད་རང་ཁོ་ནའིསྐུ་ལས་ཚད་མེད་ལས།།
སློབ་མ་ང་ཚོ་བོད་ཡིག་མཁས་པར་གྱུར།།
ཁོ་པ་བཀའ་བློན་ཁྲི་པར་བསྐོ་ནས་བཟུང༌།།
བོད་ཀྱི་སྐད་ཡིག་ཐད་ལ་ཡར་རྒྱས་བཏང༌།།
དེར་བརྟེན་ད་ཆ་བོད་སྐད་ཡུན་གནས་ཐུབ།།
ཆ་ཚང་ཁྱོད་ཀྱི་རླབས་ཆེན་བྱ་བ་ཡིན།།
ཁྱོད་ལ་ཤེས་བྱའི་བང་མཛོད་བརྗོད་ན་མཆོག།
ཁྱོད་ལ་རིན་ཆེན་ནོར་བུ་བརྗོད་ན་མཆོག།
ཀ་ཁ་ཀློག་ཙམ་ཁྱོད་ཀྱི་བཀའ་དྲིན་ལ།།
ཤེས་བྱའི་གཤོག་རྩལ་རབ་ཏུ་རྒྱས་བཞིན་འཕུར།།
ཁྱོད་ཀྱིས་མ་འོངས་ང་ཚོའི་མདུན་ལམ་བསྐྲུན།།
མི་བཟང་རིག་ལྡན་འགྱུར་བའི་སྨོན་འདུན་ཞུ།།
ཁྱོད་ཀྱི་ཡིད་ཆེས་རེ་བ་ལྕི་མོ་དེ།།
རྒྱབ་ཏུ་འཁུར་ཏེ་སྨོན་འདུན་འགྲུབ་ལ་ཉེ།།

མི་ཆེན་ཟམ་གདོང་རིན་པོ་ཆེ།
བསོད་ནམས་མཚོ་མོ།  འཛིན་རིམ་༧  ལོ ༡༣

དེ་རིང་བཀྲ་ཤིས་ཀྱི་ཉིན་མོ་དེར།།
བླ་མ་མཆོག་གི་འཁྲུངས་སྐར་རེད།།
དགུང་ལོ་༧༤་དགའ་སྟོན་འདིར།།
ང་ཚོ་སློབ་མས་དགའ་བསུ་བཞུ།།

དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ལ།།
མི་ཚོགས་ཀུན་གྱི་ཤེས་གསལ་རེད།།
ཡིན་ཡང་དཔེ་སྟོན་སློབ་མ་ཚོས།།
ཁྱེད་ལ་བསྟོད་པའི་གླུ་དབྱངས་འབུལ།།







https://fbcdn-sphotos-g-a.akamaihd.net/hphotos-ak-prn2/s720x720/1453507_574816515905115_738225392_n.jpg

ཪིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོས་ཕུལ།
November 6, 2013 at 8:03pm
ཁྱེད་ཀྱིས་ང་ཚོར་བྱམས་བརྩེའི་འཛུམ་མདངས་སྦྱིན།།
ཁྱེད་ཀྱི་བཀའ་དྲིན་རྟག་ཏུ་ཡིད་ལ་དྲན།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ །།
ཤིས་ཚིག་སྙན་མོ་ངག་ནས་ཁྱེད་ལ་ཕུལ།།
                                       བསྟན་འཛིན་ཚེ་ལྷ།  འཛིན་གྲྭ།  བཅུ་པ།

ཤེས་བྱའི་བློ་གྲོས་རྒྱས་པའི་དཔེ་སྟོན་ཡབ་ཆེན་ལགས།།
རྒྱ་མཚོའི་ནོར་བུ་ལྡན་པའི་ཁྱེད་ཀྱི་ཤེས་རབ་དང།།
ལྷག་བསམ་ཕྲེང་རྡོག་མཚུངས་པའི་ཁྱེད་ཀྱི་བྱས་རྗེས་དག
གངས་ཅན་བོད་ཕྲུག་ང་ཚོའི་སེམས་སུ་རབ་ཏུ་བཞད།།                
                                      ཚེ་བརྟན་ཆུང་བ།  འཛིན་གྲྭ།དགུ་པ།

ཡབ་ཆེན་ཁྱེད་ཀྱི་བཀའ་དྲིན་རི་ལས་བརྗིད།། 
ཡབ་ཆེན་ཁྱེད་ཀྱི་མཛད་འཕྲིན་མཚོ་ལས་ཟབ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ།།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བར་འདོད།།                                                
                                            ལྷག་པ་བུ་མོ།  འཛིན་གྲྭ།  དགུ་པ།

ཀ་བ་ཇི་བཞིན་ཁྱེད་ཀྱི་ང་ཚོའི་སེམས་བརྟེན་ཡིན།།
ཁ་བ་ཇི་བཞིན་ཁྱེད་ཀྱི་ཐུགས་སེམས་གངས་ལས་དཀར།།
ག་བར་བཙལ་ཀྱང་ཁྱེད་རང་ཇི་བཞིན་རྙེད་པར་དཀའ།།
ང་ཚོས་འཁྲུངས་སྐར་ཉིན་མོར་བཀྲིས་སྨོན་འདུན་ཞུ།། 
                                             ཕུར་བུ་སྒྲོལ་མ།  འཛིན་གྲྭ།  དགུ་པ།

ཁྱེད་ཀྱི་བཀའ་དྲིན་གངས་རི་ལས་ཀྱང་བརྗིད།།
ཁྱེད་ཀྱི་དྲིན་ལས་ང་ཚོར་རིག་གནས་ཐོབ།།
ཁྱེད་ནི་ཕྱི་ནང་ཤེས་བྱའི་བང་མཛོད་ཡིན།།
ཁྱེད་ཀྱི་འཁྲུངས་སྐར་ཉིན་མོར་སྨོན་འདུན་ཞུ།། 
                                        འཇིགས་མེད་སྒྲོལ་མ།།    དགུ་པ།

ཁྱེད་ནི་ང་ཡི་ཕ་མ་གཉིས་པ་ལགས།།
ཉིན་ལྟར་ང་ཚོའི་ཆེད་དུ་སྐུ་ལས་བསྐྱོན།།
དེ་རིང་དུས་བཟང་ཁྱེད་ཀྱི་འཁྲུངས་སྐར་ལ།།
ན་ཆུང་སེམས་པས་ཁྱེད་ལ་འཚམས་འདྲི་ཞུ།།                                      
                                            སྒྲོལ་མ་བཟང་མོ།  འཛིན་གྲྭ། 

ཁྱེད་ཉིད་ཕྱི་ནང་ཤེས་བྱ་ཕྱུག་པའི་མཁས་དབང་ཡིན།།
ཁྱེད་ཉིད་བཙན་བྱོལ་བོད་མིའི་ཞུམ་མེད་དཔའ་བོ་ཡིན།།
སྐར་ཆ་ཐུང་ངུར་ཁྱེད་ཀྱི་བཀའ་དྲིན་བསམ་བཞིན་ཡོད།།
དུས་བཟང་འདི་དང་བསྟུན་ནས་འཁྲུངས་སྐར་སྨོན་འདུན་ཞུ།།      
                                            མིག་དམར་ཆོས་སྒྲོན།  དགུ་པ།

ཤེས་བྱ་ཕྱུག་པའི་མཁས་དབང་རིན་པོ་ཆེ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ།།
དཔེ་སྟོན་སློབ་གྲྭའི་ན་ཆུང་སློབ་ཕྲུག་ཚོས།།
ཁྱེད་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།།                  
                                   ཚེ་བརྟན་རྒན་པ།  འཛིན་གྲྭ།  དགུ་པ།

མཚོ་ལས་ཟབ་པའི་བྱམས་བརྩེ་ང་ཚོར་སྦྱིན།།
མུན་ནག་ཁང་ཆུང་སྒྲོན་མེའི་འོད་ཀྱིས་གསལ།།
སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད།།
ཉིན་མཚན་ངལ་གསོ་མེད་པར་ལས་ལ་གཞོལ།།     
                      པ་སངས་དབང་འདུས །  འཛིན་གྲྭ།  བཅུ་པ།

རིག་གནས་ལྔ་ལ་མཁས་པའི་རིན་པོ་ཆེ།།
ཁྱེད་ཀྱི་བླ་མེད་མཛད་འཕྲིན་ཟད་པ་མེད།།
ལམ་སྟོན་བཟང་པོས་ཡིད་ལ་བདེ་སྐྱིད་སྦྱིན།།
ཀུན་མཁྱེན་མཁས་པ་ཁྱེད་ལ་བཀྲ་ཤིས་ཞུ།།  
                                བསྟན་འཛིན་མགོན་པོ།    བཅུ་པ།

བཀྲ་ཤིས་སྐལ་བཟང་རྫོགས་པའི་དུས་བཟང་འདིར།།
ཤིས་ཚིག་སྙན་མོ་ཁྱེད་ཀྱི་སྙན་དུ་གསོལ།།
བདེ་སྐྱིད་འཚོ་བར་རོལ་བའི་ན་ཆུང་ཚོས།།
ལེགས་མཛད་འོད་སྣང་གང་སར་ཁྱབ་པར་སྨོན།། 
                           བསྟན་འཛིན་སྣང་སྐྱིད།   འཛིན་གྲྭ།བཅུ་པ།

སྤྲོ་སེམས་རབ་ཏུ་འཁོར་བའི་སློབ་ཕྲུག་ཚོས།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ།།
འཚམས་འདྲི་གྲངས་མེད་སྙིང་ནས་ཞུ་བའི་ཆེད།།
འཁྲུངས་སྐར་ཉིན་མོར་དགའ་བའི་གླུ་དབྱངས་ལེན།།     
                                       བསྟན་འཛིན་ཡི་ཤེས།  བརྒྱད་པ།

བྱམས་བརྩེ་ལྡན་པའི་ཁྱེད་ཀྱི་བཀའ་དྲིན་གྱིས།།
ན་ཆུང་བྱིས་པ་ང་ཚོར་བདེ་སྐྱིད་སྦྱིན།།
ཁྱེད་ཀྱི་སྐུ་ཚེའི་མཛད་རྗེས་དྲན་པ་ན།།
གངས་ཅན་ལྗོངས་ཀྱི་དྲིན་ཅན་ཡིིན་པར་འདོད།།     
                             བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ། བཅུ་པ།

ཁྱེད་དང་མཇལ་བ་ང་ཚོའི་བསོད་ནམས་ཡིན།།
མཁས་དབང་ཁྱེད་ཀྱི་མཁྱེན་ཡོན་འགྲན་ཟླ་བྲལ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ།།
བུ་ངས་འཚམས་འདྲིའི་ཤིས་ཚིག་བསྒྲོན་པར་འདོད།།                      
                                              ལུང་རིག  འཛིན་གྲྭ།  དགུ་པ།

ཁྱེད་ནི་ང་ཚོའི་ཡབ་དང་མཚུངས།།
རྟག་ཏུ་ང་ཚོར་བཀའ་སློབ་གནང།།
དེ་རིང་འཁྲུངས་སྐར་ཉིན་མོ་ལ།།
དམར་ཆུང་སྙིང་ནས་དགའ་བསུ་ཞུ།།
                               བསོད་ནམས་མཚོ་མོ།  འཛིན་གྲྭ།  བདུན་པ།
བླ་མེད་མཁས་དབང་ཁྱེད་ཀྱི་འོད་ཟེར་གྱིས།།
བཙན་བྱོལ་བོད་མིར་ཚེ་སྲོག་གསར་པ་སྦྱིན།།།
བོད་ཀྱི་སྐད་ཡིག་བཀོལ་བའི་ཁོར་ཡུག་བསྐྲུན།།
འཁྲུངས་སྐར་ཉིན་མོར་ཐུགས་ཆེ་སྙིང་ནས་ཞུ།། 
                                མིག་དམར་ཚེ་བརྟན།    འཛིན་གྲྭ།བཅུ་པ།

བཀའ་དྲིན་ཟབ་མོ་ཡིད་ལ་སྐྱབས་སུ་འཛིན།།
རྨོངས་གཉིད་སེལ་བའི་ཤེས་ཡོན་ང་ཚོར་སྦྱིན།།
ཚེ་རིང་ནད་མེད་སྙིང་ནས་གསོལ་བ་འདེབས།།
ཁྱེད་ཀྱི་འཁྲུངས་སྐར་འཛུམ་གྱིས་བསུ་བར་འདོད།།                              
                       བསྟན་འཛིན་ཆོས་དབྱིངས།    འཛིན་གྲྭ།དགུ་པ།

ཡིད་ལ་ཤར་བའི་ཚིག་འབྲུ་རེ་རེ་བཞིན།།
ཡིག་ཐོག་འབྲི་བའི་དགའ་སྣང་འགོག་པར་དཀའ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་པོ་ལ།།
བཀྲ་ཤིས་སྨོན་འདུན་ཞུ་བའི་སྤྲོ་སེམས་འཁེངས།།                                          
                                       ཆོས་སྒྲོན་རྒན་པ།  འཛིན་གྲྭ།  བཅུ་པ།

བོད་ཀྱི་སྐད་ཡིག་མེ་རོ་གསོ་བའི་ཆེད།།
དཔེ་སྟོན་ན་ཆུང་སློབ་གྲྭ་གསར་དུ་བསྐྲུན།།
ཁྱེད་ཀྱི་བཀའ་དྲིན་ཐུགས་རྗེ་ལེགས་འབུལ་ཆེད།།
འཁྲུངས་སྐར་ཉིན་མོར་དགའ་བའི་བསྟོད་གླུ་ལེན།།
                                མེ་ཏོག་སྒྲོལ་དཀར། འཛིན་གྲྭ།  དགུ་པ།

དྲོ་སྐྱིད་འོད་སྣང་ཁྱབ་པའི་ཉིན་མོ་འདིར།།
ཤེས་ལྡན་སློབ་ཕྲུག་རྣམས་ནས་འཚམས་འདྲི་ཞུ།།
ཁྱེད་ཀྱི་བཀའ་དྲིན་མ་བརྗེད་སྙིང་དབུས་བཅངས།།
ཁྱེད་ལ་བསྟོད་པའིི་ཚིག་འབྲུ་ངག་ནས་ཐལ།།
                           བསྟན་འཛིན་རིག་འཛིན།  འཛིན་གྲྭ།  བཅུ་པ།

སློབ་གྲོགས་རྣམས་ལ་ཤེས་བྱ་ནོར་བུ་གནང་།
བྱམས་བརྩེའི་དྲོ་སྐྱིད་སྣང་བས་ཁྱེད་ཀྱིས་སྦྱིན།
ང་ཡིས་ཁྱེད་ཀྱི་བཀའ་དྲིན་དྲན་གསོས་ནས།
འཁྲུངས་སྐར་ཉིན་པོར་བཀྲིས་བདེ་ལེགས་ཞུ།  
                     བསྟན་འཛིན་ཐེག་མཆོག   འཛིན་གྲྭ།  དགུ་པ།

ཁྱེད་ཀྱི་མཛད་འཕྲིན་དཀར་གསལ་ཟླ་བ་འདྲ།
ཁྱེད་ནི་ང་ཚོའི་སློབ་གྲྭའི་མགོན་སྐྱབས་ཡིན།
ཡུན་རིང་རེ་སྒུག་བྱེད་པའི་དུས་བཟང་འདིར།
ང་ཡིས་ཁྱེད་ལ་སྨོན་འདུན་གྲངས་མེད་ཞུ། 
                         བསོད་ནམས་བདེ་སྐྱིད།  འཛིན་གྲྭ།   བཅུ་པ།

ང་ཚོའི་ཚེ་སྲོག་གསར་པར་བདེ་སྐྱིད་བསྐྲུན།།
མི་རབས་གསར་པའི་གསོན་ཤུགས་སྒྲོན་མེ་བསྟན།།
དཔེ་སྟོན་ཡབ་ཆེན་ཁྱེད་ཀྱི་འཁྲུངས་སྐར་ཉིན།།
སྙན་འཇེབས་བསྟོད་གླུ་ཁྱེད་ཀྱི་ཤིས་སུ་འབུལ།།
ཁྱེད་ཀྱི་ཐུགས་སྟོབས་ང་ཚོའི་མིག་དཔེ་ཡིན།།
ཁྱེད་ཀྱི་བཀའ་སློབ་ང་ཚོའི་སྒྲོན་མི་ཡིན།།
ཁྱེད་ནི་ང་ཚོའི་སྐྱེས་ཆེན་དམ་པ་ཡིན།།
ཁྱེད་ནི་ང་ཚོའི་མདུན་ལམ་སྒྲོན་མེ་ཡིན།།    
                                                     བསྟན་འཛིན་ཕུར་བུ།  འཛིན་གྲྭ།  ༡༠

རིན་ཆེན་མུ་ཏིག་རྟག་ཏུ་འོད་འཚེར་བཞིན།།
གདོང་བསྐྱོད་ཆུ་བོས་ཆུ་གཞུང་སྣེ་འཁྲིད་བཞིན།།
ཁྱེད་ཉིད་ང་ཚོར་མདུན་ལམ་བཟང་པོ་སྟོན།།
རིན་ཆེན་མུ་ཏིག་རྟག་ཏུ་འོད་འཚེར་བཞིན།།
མུན་ཁྲོད་འོད་སྣང་མདུན་ལམ་སྒྲོན་མེར་གྱུར།།
པོ་ཏི་སློབ་མར་དགོས་གལ་ཆེ་བ་བཞིན།།
དཔེ་སྟོན་སློབ་གྲྭར་ཁྱེད་ཉིད་མེད་ཐབས་ཡིན།།
ཆེ་བཙུན་ཁྱེད་ཉིད་འཁྲུངས་པའི་ཉིན་མོ་འདིར།།
ན་ཆུང་ང་ཡིས་སྙིང་ནས་བསྟོད་ཚིག་འབུལ།། 
                                                   ངག་དབང་དབང་མོ།  འཛིན་གྲྭ།  ༩

ཁྱེད་ནི་ང་ཚོའི་སློབ་གྲྭའི་ནོར་བུ་ཡིན།།
བདེ་སྐྱིད་ལྡན་པའི་སློབ་གྲྭ་གསར་འཛུགས་མཛད།།
བཀའ་ཁྲི་གནང་སྐབས་མཛད་འཕྲིན་ཡར་ཟླ་བཞིན།།
ཁྱེད་ནི་ངོ་མ་བོད་མིའི་བླ་སྲོག་ཡིན།།
བཀའ་ཁྲིའི་ལས་འཁུར་དུས་ཡུན་རྫོགས་ནས་བཟུང།།
སློབ་གྲྭར་ཕེབས་ཏེ་རིན་བྲལ་བཀའ་སློབ་གནང།།
དཔེ་སྟོན་ན་ཆུང་བྱིས་པ་ང་ཚོ་ཡིས།།
ཁྱེད་ཀྱི་ཐུགས་རེ་སྒྲུབ་པའི་འབད་བརྩོན་ཞུ།།
ང་ཚོ་དཔེ་སྟོན་སློབ་མ་ཡིན་པར་དགའ།།
ང་ཚོ་ཁྱེད་ཀྱི་སློབ་མ་ཡིན་པར་དགའ།།
དགའ་བའི་འཛུམ་མདངས་རྒྱས་པའི་རིན་པོ་ཆེ།།
ཁྱེད་ཀྱི་འཁྲུངས་སྐར་དགའ་སྤྲོའི་གླུ་དབྱངས་ལེན།།
                                                       བསྟན་འཛིན་བདེ་སྐྱོང།  འཛིན་གྲྭ  ༡༠