༡།
རོ་ཐང་དུ་བསྐྱོད་པའི་ཟིན་ཐོ་འབྲི་རྒྱུ། (
རོ་ཐང་གི་ལོ་རྒྱུས་དང་། ཡུལ་སྐོར་གྱི་ཚོར་བ་སོགས་ངེས་པར་འབྲི་རྒྱུ།)
༢། སྡེབ་སྦྱོར་ཚེག་བར་བདུན་པ་ནས་དགུ་པའི་བར། སློབ་ཚན་ལྷན་སྦྱར་ཞུས་ཡོད།
༣། ཀ་རྩོམ་འབྲི་སྟངས། ( དཔེ་ཁ་ཤས་ལྷན་སྦྱར་ཞུས་ཡོད།)
༤། རྒྱུན་ལྡན་བཀའ་མོལ་ནང་ཞེ་ས་བསྐྱོན་ཚུལ།(སློབ་མ་ཁག་བགོས་ཀྱིས་ཞེ་ས་བསྐྱོན་ཚུལ་སྦྱོང་བརྡར་གནང་རྒྱུ
༥། གང་བློ་མའི་འགྲེལ་བཤད། གང་བློ་མ་འབྲི་བཅུག་རྒྱུ་དང་འགྲེལ་བཤད་བྱེད་རྒྱུ།)
༦། བོད་སིལ་བུའི་དུས་རབས་ངོ་སྤྲོད། (འུ་དུམ་བཙན་པོའི་རྗེས་བོད་ཀྱི་ཆབ་སྲིད་ཉམས་རྒུད་དང་། བསྟན་པ་ཕྱི་དར་གྱི་བྱུང་རབས་རྣམས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུ། )
༧། བརྗོད་དུམ་རྣམ་གཞག་གཉིས་པ། (བརྗོད་དུམ་གལ་ཆེ་བ་ཁ་ཤས་ངོ་སྤྲོད་དང་བཀོལ་སྤྱོད་བྱེད་ཚུལ་སློབ་རྒྱུ།)
༨། འཛིན་གྲྭའི་ནང་ཚགས་པར་སོགས་ཀློག་ཏུ་འཇུག་རྒྱུ། (ཀློག་ཡག་པོར་འགྱུར་ཆེད་ཚགས་པར་སོགས་ཀློག་ཏུ་འཇུག་རྒྱུ་དང་། སྒྲ་དག་གསལ་དང་། ཚིག་གི་གཅོད་མཚམས་སོགས་སློབ་རྒྱུ།) གལ་ཆེ།
༩། རང་ཉིད་ཀྱིས་བྲིས་པའི་ཨིན་ཇིའི་རྩོམ་ཡིག་བོད་ཡིག་ཏུ་བསྒྱུར་རྒྱུ།
(རང་གིས་བྲིས་པའི་ཨིན་ཇིའི་རྩོམ་ཡིག་ཅིག་བོད་ཡིག་ཏུ་བསྒྱུར་རྒྱུ་དང་། འགྱུར་དེ་ལ་བལྟས་ནས་རྒྱུགས་དུས་ཀྱི་བརྒྱ་ཆ་སྤྲོད་རྒྱུ།)
༢། སྡེབ་སྦྱོར་ཚེག་བར་བདུན་པ་ནས་དགུ་པའི་བར། སློབ་ཚན་ལྷན་སྦྱར་ཞུས་ཡོད།
༣། ཀ་རྩོམ་འབྲི་སྟངས། ( དཔེ་ཁ་ཤས་ལྷན་སྦྱར་ཞུས་ཡོད།)
༤། རྒྱུན་ལྡན་བཀའ་མོལ་ནང་ཞེ་ས་བསྐྱོན་ཚུལ།(སློབ་མ་ཁག་བགོས་ཀྱིས་ཞེ་ས་བསྐྱོན་ཚུལ་སྦྱོང་བརྡར་གནང་རྒྱུ
༥། གང་བློ་མའི་འགྲེལ་བཤད། གང་བློ་མ་འབྲི་བཅུག་རྒྱུ་དང་འགྲེལ་བཤད་བྱེད་རྒྱུ།)
༦། བོད་སིལ་བུའི་དུས་རབས་ངོ་སྤྲོད། (འུ་དུམ་བཙན་པོའི་རྗེས་བོད་ཀྱི་ཆབ་སྲིད་ཉམས་རྒུད་དང་། བསྟན་པ་ཕྱི་དར་གྱི་བྱུང་རབས་རྣམས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རྒྱུ། )
༧། བརྗོད་དུམ་རྣམ་གཞག་གཉིས་པ། (བརྗོད་དུམ་གལ་ཆེ་བ་ཁ་ཤས་ངོ་སྤྲོད་དང་བཀོལ་སྤྱོད་བྱེད་ཚུལ་སློབ་རྒྱུ།)
༨། འཛིན་གྲྭའི་ནང་ཚགས་པར་སོགས་ཀློག་ཏུ་འཇུག་རྒྱུ། (ཀློག་ཡག་པོར་འགྱུར་ཆེད་ཚགས་པར་སོགས་ཀློག་ཏུ་འཇུག་རྒྱུ་དང་། སྒྲ་དག་གསལ་དང་། ཚིག་གི་གཅོད་མཚམས་སོགས་སློབ་རྒྱུ།) གལ་ཆེ།
༩། རང་ཉིད་ཀྱིས་བྲིས་པའི་ཨིན་ཇིའི་རྩོམ་ཡིག་བོད་ཡིག་ཏུ་བསྒྱུར་རྒྱུ།
(རང་གིས་བྲིས་པའི་ཨིན་ཇིའི་རྩོམ་ཡིག་ཅིག་བོད་ཡིག་ཏུ་བསྒྱུར་རྒྱུ་དང་། འགྱུར་དེ་ལ་བལྟས་ནས་རྒྱུགས་དུས་ཀྱི་བརྒྱ་ཆ་སྤྲོད་རྒྱུ།)
ཐུགས་སྣང་།
༡།
ཟླ་བ་འདིའི་ནང་བོད་ཡིག་དཔེ་དེབ་གཅིག་ངེས་པར་ཀློག་རྒྱུ།
༢། ཡིག་གཟུགས་ཡར་རྒྱས་གཏོང་རྒྱུ། (དགོས་ངེས་རྣམས་ཀྱིས་ཡིག་གཟུགས་བྲི་དེབ་ངེས་པར་ཉོས་ནས་བདུན་ཕྲག་རེར་ཤོག་བུ་གསུམ་ལས་
མི་ཉུང་བ་ཞིག་འབྲི་དགོས། དེ་ལ་རྒྱུགས་དུས་གཉིས་པའི་FA 2rd པའི་བརྒྱ་ཆ་སྤྲོད་རྒྱུ་ཡིན། )
༣། རྒྱུན་ལྡན་གྱི་རྩོམ་ཡིག་འབྲི་སྟངས་དང་། དཔེ་དེབ་ཀློག་སྟངས། སློབ་སྦྱོང་ལ་དོ་སྣང་གནང་སྟངས་ལ་གཞིགས་ནས་རྒྱུགས་དུས་ཁག་གི་བརྒྱ་ཆ་སྤྲོད་རྒྱུ་ལས་རྒྱུགས་སྤྲོད་དངོས་གཞི་ལ་དེ་ཙམ་ནུས་ཤུགས་འདོན་རྒྱུ་མིན།
༤། ཤག་རེས་དུས་བབ། བང་ཆེན། ཕ་ཡུལ་སོགས་ཚགས་ཤོག་གང་རུང་ཞིག་མངགས་ཉོ་དགོས་པ་དང་། དེ་དག་ལྟ་ཀློག་གནང་དགོས།
༢། ཡིག་གཟུགས་ཡར་རྒྱས་གཏོང་རྒྱུ། (དགོས་ངེས་རྣམས་ཀྱིས་ཡིག་གཟུགས་བྲི་དེབ་ངེས་པར་ཉོས་ནས་བདུན་ཕྲག་རེར་ཤོག་བུ་གསུམ་ལས་
མི་ཉུང་བ་ཞིག་འབྲི་དགོས། དེ་ལ་རྒྱུགས་དུས་གཉིས་པའི་FA 2rd པའི་བརྒྱ་ཆ་སྤྲོད་རྒྱུ་ཡིན། )
༣། རྒྱུན་ལྡན་གྱི་རྩོམ་ཡིག་འབྲི་སྟངས་དང་། དཔེ་དེབ་ཀློག་སྟངས། སློབ་སྦྱོང་ལ་དོ་སྣང་གནང་སྟངས་ལ་གཞིགས་ནས་རྒྱུགས་དུས་ཁག་གི་བརྒྱ་ཆ་སྤྲོད་རྒྱུ་ལས་རྒྱུགས་སྤྲོད་དངོས་གཞི་ལ་དེ་ཙམ་ནུས་ཤུགས་འདོན་རྒྱུ་མིན།
༤། ཤག་རེས་དུས་བབ། བང་ཆེན། ཕ་ཡུལ་སོགས་ཚགས་ཤོག་གང་རུང་ཞིག་མངགས་ཉོ་དགོས་པ་དང་། དེ་དག་ལྟ་ཀློག་གནང་དགོས།
ཚིགས་བཅད་ཀྱི་སྡེབ་སྦྱོར།
མཁས་དབང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།
ཚིགས་བཅད་ཅེས་པ་ཚིག་གི་ཕྲེང༌།།
རྐང་པས་ངེས་པར་བཅད་པར་འདོད།།
ལེགས་སྦྱར་སྐད་ཀྱི་ཚིགས་བཅད་རྩོམ་ཡིག་འབྲི་སྟངས་ནི་སྡེབ་སྦྱོར་གྱི་གཞུང་དུ་གསལ་ཞིང༌།
དེ་ཡང་རྩ་བའི་པྲིཏ྄ཏ་དང་ཛྙ་ཏི་གཉིས་ལས་རྣམ་གྲངས་དང་སྦྱོར་ཚུལ་བགྲངས་ལས་འདས་པ་ཡོད་ཀྱང༌།
རང་ཅག་བོད་པའི་རྩོམ་ཡིག་འབྲི་སྟངས་ལ་དེ་ཙམ་ཉེ་བར་མི་མཁོ་བས་འདིར་འབུར་དུ་བཏོན་ནས་བཤད་པར་མི་བྱའོ།།
ཡང་ཚིགས་བཅད་ཀྱི་སྡེབ་སྦྱོར་ལ།
གྲོལ་བ་དང༌། རིག མཛོད། འདུས་པ་སྟེ་བཞི་ཡོད་ཅིང༌།
དེ་དག་གི་རྣམ་གཞག་ཀྱང་ཚིགས་བཅད་བསླབ་པའི་ལས་དང་པོ་བ་རྣམས་ལ་ཉེ་བར་མི་མཁོ་བས་རེ་ཞིག་དོར་ནས།
འདིར་ལས་དང་པོ་བ་ཐོག་མར་འཇུག་པའི་ཚིགས་བཅད་ཀྱི་སྡེབ་སྦྱོར་ཧ་ཅང་གོ་སླ་བའི་ལུགས་སུ་བྱས་ནས་བཤད་པར་འདོད་དེ།
དེ་ཡང༌། བོད་སྐད་ཚེག་བར་གསུམ་པ་ནས།།
སོ་གསུམ་བར་དུ་སྦྱར་བ་ཡོད།།
རང་ཅག་བོད་སྐད་ལ་ཉེ་བར་མཁོ་བའི་སྡེབ་སྦྱོར་གྱི་འགྲོས་བཤད་ན། ཚེག་བར་གསུམ་པ་ཅན་ནས་ཚེག་བར་སོ་གསུམ་པའི་བར་དུ་སྦྱོར་བའི་སྲོལ་ཡོད་དོ།
།འདིར་ཚེག་བར་དང༌། ཚིག་རྐང༌། ཚིགས་བཅད་བཅས་ཀྱི་གོ་དོན་ཅུང་ཟད་བཤད་ན།
༡༽ ཚིག་རྐང༌།
ཚེག་བར་འདྲ་མཉམ་ཅན་གྱི་ཚིག་སྦྱོར་ཉིས་ཤད་ཀྱིས་བཅད་མཚམས་གཅིག་ལ་ཚིག་རྐང་གཅིག་ཟེར།
དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བ།།ལྟ་བུ།
༢༽ ཚེག་བར། ཚེག་(་)གིས་བཅད་པའི་ཡི་གེ་ལ་ཚེག་ཁྱིམ་མམ་ཚེག་བར་གཅིག་ཟེར།
དཔེར་ན། བསྒྲིགས་ལྟ་བུ།
༣༽ ཚིགས་བཅད། ཚིག་རྐང་བཞི་རེ་ལ་ཚིགས་བཅད་རེ་ཟེར་ཅིང༌།
ལེགས་སྦྱར་སྐད་ཀྱི་ཤཽ་ལོ་ཀ་དང་དོན་འདྲ། དཔེར་བརྗོད་ནི་འོག་ནས་ཤེས་པར་བྱའོ།།
ད་ནི་དངོས་གཞི་ཚིགས་བཅད་ཀྱི་སྡེབ་སྦྱོར་འབྲི་ཚུལ་གྱི་དཔེར་བརྗོད་རིམ་པ་བཞིན་བཤད་པར་བྱ་སྟེ།
ཚེག་བར་གསུམ་པ་ཅན།
གངས་ཅན་གྱི།།
བོད་ལྗོངས་ན།།
བརྗིད་ཆགས་ཀྱི།།
གངས་རི་མཐོ།། ལྟ་བུ།
ཚེག་བར་བཞི་པ་ཅན།
བཅོ་ལྔའི་དུང་ཟླ།།
མཁའ་ལ་ཤར་དུས།།
དྲིན་ཅན་ཨ་མའི།།
ཞལ་རས་དྲན་བྱུང༌།། ལྟ་བུ།།
ཚེག་བར་ལྔ་པ་ཅན།
གསུང་སྙན་གྱི་བདུད་རྩི།།
རྣ་བ་ལ་ལྷུང་དུས།།
དད་གདུང་གི་མཆི་མ།།
མིག་མཐའ་ནས་ཤོར་སོང༌།། ལྟ་བུ།།
ཚེག་བར་དྲུག་པ་ཅན།
མཛེས་སྡུག་ལྡུམ་རའི་ནང་དུ།།
མེ་ཏོག་དཀར་སེར་དམར་ལྗང༌།།
གསེར་མང་སེམས་པ་ཤོར་ས།།
མེ་ཏོག་ཨུཏྤལ་དཀར་པོ།།ལྟ་བུ་འམ།།
ཡང་ན། སྙིང་སྡུག་སྙིང་ལ་ཉར་ནས།།
སྙིང་ལ་སྙིང་ནད་བཟོས་སོང༌།།
སྙིང་ལ་སྙིང་རྗེ་མེད་ན།།
སྙིང་སྡུག་སྙིང་པོ་མི་འདུག།ལྟ་བུ།
ཚེག་བར་བདུན་པ་ཅན།
འདིའི་མན་ཆད་རིགས་གསུམ་དུ་ཕྱེ་ནས་བཤད་པར་བྱ་སྟེ།
༡༽ ཚེག་བར་བདུན་པ་ཅན་གསུམ་པ་ལ་ངལ་གསོ་ཐོབ་པ།
རྒྱ་ལྕང་གི་ལོ་མའི་གསེབ་ནས།།
ལྷོ་མོན་གྱི་ཁུ་བྱུག་སྔོན་མོས།།
གསུང་སྙན་གྱི་རྒྱང་གླུ་ལེན་དུས།།
དཔྱིད་དུས་ཀྱི་དཔལ་ཡོན་རྒྱས་སོང༌།། ལྟ་བུ།
༢༽ ཚེག་བར་བདུན་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
ལས་དབང་རླུང་འཚུབ་ཀྱི་གསེབ་ནས།།
མེས་པོའི་ཕ་ས་དང་བྲལ་སོང༌།།
རྐང་རྗེས་ཁ་བ་ལ་བཞག་ནས།།
ལྷོ་མཐའི་ཚ་བའི་ནང་སླེབས་སོང༌།།ལྟ་བུ།
༣༽
ཚེག་བར་བདུན་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།
ཟླ་ཞལ་ཨུཏྤལ་མིག་ཡངས་མའི།།
མཆུ་སྒྲོས་གེ་སར་འཛུམ་པ་ལས།།
གསང་ཚིག་སྙིང་གི་བདུད་རྩིའི་རྒྱུན།།
རྣ་བའི་འདོད་འཇོ་དཔྱིད་དུ་སྐྲུན།། ལྟ་བུ།
ཚེག་བར་བརྒྱད་པ་ཅན། འདི་ལའང་རིགས་གསུམ་ཡོད་དེ།
༡༽
ཚེག་བར་བརྒྱད་པ་ཅན་ཐོག་མར་ལ་ངལ་གསོ་ཐོབ་པ།
གནམ་ཨ་སྔོན་མཐོན་པོའི་གུར་ཁང་ནས།།
ཚེས་བཅོ་ལྔའི་དུང་ཟླ་ཤར་བའི་ཚེ།།
ངས་དྲིན་ཅན་ཨ་མའི་ཞལ་རས་དེ།།
དྲན་དྲགས་ནས་མིག་ཆུ་དབང་མེད་ཤོར།། ལྟ་བུ།
༢༽ ཚེག་བར་བརྒྱད་པ་ཅན་ངལ་གསོ་མི་ཐོབ་པ།
ལུས་འདི་རྒྱ་གར་ཡུལ་དུ་སྡོད་ཀྱང༌།།
སེམས་པ་གངས་ཅན་བོད་ལ་ཤོར་སོང༌།།
ཧི་མ་ལ་ཡའི་རི་བོ་བརྒལ་ནས།།
ང་རང་ཕ་ཡུལ་བོད་ལ་ལོག་འགྲོ།། ལྟ་བུ།
༣༽ ཚེག་བར་བརྒྱད་པ་ཅན་གསུམ་པ་དང་བརྒྱད་པ་ལ་ངལ་གསོ་ཐོབ་པ།
མཐོ་སྒང་གི་གངས་དཀར་ལྷུན་པོ་ལས།།
དྭངས་གཙང་གི་ཆུ་བོ་ཆེན་པོ་བཞི།།
འཕགས་བོད་ཀྱི་ཞིང་ཁམས་འགྲིམས་པའི་མཐར།།
མུ་མེད་ཀྱི་རྒྱ་མཚོའི་ཀློང་དུ་ཐིམ།། ལྟ་བུ།
ཚེག་བར་དགུ་པ་ཅན་གྱི་སྡེབ་སྦྱོར།
འདི་ལའང་རིགས་གསུམ་ཡོད་པ་ལས།
༡༽ ཚེག་བར་དགུ་པ་ཅན་ཐ་མ་ལ་ངལ་གསོ་ཐོབ་པ།།
ལྷག་བསམ་ག་བུར་ཞུན་མའི་འོད་ཞགས་ཀྱིས།།
ལང་ཚོའི་འཕེལ་ཁ་དར་བའི་གཞོན་སྐྱེས་ཚོའི།།
ཤེས་རིག་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞིག༌།
ཕྱོགས་འདིར་ཤར་བས་ཡིད་དབང་མི་འཕྲོག་སུ།། ལྟ་བུ།
༢༽ ཚེག་བར་དགུ་པ་ཅན་བདུན་པ་ལ་ངལ་གསོ་ཐོབ་པ།
ཆར་ལྡན་སྤྲིན་གྱི་ལྡིང་ཁང་གི་དབྱིངས་ནས།།
དབྱར་སྐྱེས་རྔ་ཆེན་ལྷང་ལྷང་དུ་ལྡིར་དུས།།
ཙནྡན་ལྗོན་པའི་ནགས་ཀླུང་གི་གསེབ་ནས།།
རྨ་བྱ་དགའ་བའི་ཟློས་གར་ལ་ཆས་སོང༌།། ལྟ་བུ།
༣༽ ཚེག་བར་དགུ་པ་ཅན་ལྔ་པ་ལ་ངལ་གསོ་ཐོབ་པ།
འཛམ་གླིང་མཐོ་སྒང་གི་རལ་པའི་རྩེ་ན།།
གངས་ཅན་བོད་ལྗོངས་ཀྱི་ཞིང་ཁམས་ཆགས་ཡོད།།
ཞི་བདེ་བསྟི་གནས་ཀྱི་ཞིང་ཁམས་དེ་ན།།
ཆོལ་གསུམ་བོད་རིགས་ཀྱི་མི་དམངས་གནས་ཡོད།།ལྟ་བུ།
ཀ་རྩོམ་གྱི་དཔེ་ཁ་ཤས་ལྷན་དུ་བཀོད་པ།
ཕལ་སྐད་གསོང་པོར་བརྗོད་པའི་ཀ་རྩོམ།
མཁས་དབང་་དགེ་འདུན་ཆོས་འཕེལ།
ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་།།
ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།།
ག་ས་གང་དུ་ཡོད་པའི་མི་འདི་རྣམས།།
ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།།
ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།
ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་།།
ཇ་མར་གོས་དང་པད་ཤག་མཐོང་བའི་ཚེ།།
ཉ་པ་རྒད་པོའི་སེམས་དང་ཁྱད་མི་འདུག།
ཏ་རེན་སྐུ་དྲག་ངོ་བསྟོད་གཏམ་ལ་དགའ།།
ཐ་མལ་མི་རྣམས་གཡོ་དང་སྒྱུ་ལ་དགའ།།
ད་ལྟའི་ཕལ་ཆེར་ཐ་མག་ཆང་ལ་དགའ།།
ན་གཞོན་རྣམས་ནི་མཆོར་སྒེག་ཉམས་ལ་དགའ།།
པ་ཕ་ཨ་མའི་ཕྱོགས་ལ་ཞེན་པ་དང་།།
ཕ་རོལ་རིགས་མི་མཐུན་ལ་སྡང་བ་སོགས།།
བ་ལང་དང་ནི་རང་རེའི་མི་རྣམས་ཀྱི།།
མ་བཅོས་སེམས་ཀྱི་རྒྱུ་དག་གཅིག་པར་མཐོང་།།
ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན།།
ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན།།
ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།།
ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།།
ཞྭ་མོ་ཆོས་གོས་བ་དན་བླ་བྲེ་དང་།།
ཟ་རྒྱུ་འཐུང་རྒྱུའི་མཆོད་པ་ཚོགས་འཁོར་སོགས།།
འ་ཅག་རྣམས་ཀྱིས་ཅི་དང་ཅི་བྱེད་པ།།
ཡ་མཚན་ལྟད་མོ་ཙམ་ལས་གཞན་མ་མཐོང་།།
ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།།
ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།།
ཤ་ཁྲག་སྒྱུ་མའི་ལུས་འདི་མ་འཇིག་བར།།
ས་སྟེང་འདི་རུ་མི་སྡོད་ཀ་མེད་ལགས།།
ཧ་ཅང་དྲང་པོར་བཤད་པ་དེ་འདྲ་སྟེ།།
ཨ་ཙི་གཞན་ཚོ་ཚིག་པ་ཟ་ལས་ཆེ།།
ཡིད་ཆེས་མེད།
སྙན་ངག་པ་བེ་རི་འཇིགས་མེད་དབང་རྒྱལ།
ཀ་ར་བུ་རམ་མངར་ཡང་ལྟོ་མི་འགྲངས།།
ཁ་བཏགས་དར་གོས་འཇམ་ཡང་དྲོད་ཀྱིས་དབེན།།
ག་ས་ག་ནས་ལག་རྟགས་ཁུར་ན་ཡང༌།།
ང་རང་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།
ཅ་ལག་ཁབ་རྩེ་ཙམ་ཞིག་ཐོབ་པའི་ཆེད།།
ཆ་སྤྱོད་ཙི་ཙི་འགྲོ་སྟངས་ངས་མི་ཤེས།།
ཇ་དང་རྩམ་པའི་མདུན་ལམ་རྫོགས་ན་ཡང༌།།
ཉ་མེད་དུག་གི་མཚོ་ལ་ཡིད་འཆེས་མེད།།
ཏ་མ་ལ་ལྟར་མི་བརྟན་རྒྱུ་འབྲས་ཚུལ།།
ཐ་ཤལ་སྤྲང་ཕྲུག་བདག་གིས་མི་རྟོགས་ཀྱང༌།།
ད་ལྟའི་ཁྱོད་སྤྱོད་དངོས་ཡོད་འདི་མཐོང་ཚེ།།
ན་གཞོན་བདག་ལ་ཡིད་འཆེས་སྤུ་ཙམ་མེད།།
པ་ཏྲའི་རིས་ལྟར་འཁྱོག་པའི་ཇུས་ངན་གྱིས།།
ཕ་རོལ་དགྲ་ལ་མིག་བཙུམས་ཐལ་མོ་སྦྱར།།
བ་ལང་ལས་ཀྱང་རྨོངས་པའི་བྱ་སྤྱོད་ཅན།
མ་རབས་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།
ཙ་རིའི་དྲ་རྒྱ་ཕྱི་ནས་མ་གཅོད་པར།།
ཚ་གྲང་དཀྲུག་ཤིང་ནང་ལ་འཕེན་པའི་འཕྲུལ།།
ཛ་ལང་སྨྱོན་པའི་ཟློས་གར་འདི་མཐོང་ནས།།
ཝ་སྐྱེས་མི་གཟུགས་ཁྱོད་ལ་ཡིད་འཆེས་མེད།།
ཞ་ལྟར་འཁྱོག་པའི་སེམས་རྒྱུད་དགྲ་ལ་དཀར།།
ཟ་འདྲེ་བཞིན་དུ་ནང་ལ་འཇིགས་སྣང་སྐུལ།།
འ་འུར་དགྲ་སྡེ་ནག་པོའི་དུག་གཟན་པ།།
ཡ་མེད་ཁྱོད་ལ་ཡིད་འཆེས་སྤུ་ཙམ་མེད།།
ར་བ་གངས་རིའི་བསྐོར་བའི་མཐོ་སྒང་ཡུལ།།
ལ་མོའི་རྒྱབ་ཀྱི་དགྲ་ལ་མཇལ་དང་ཕུལ།།
ཤ་རུས་གཅིག་པའི་སྤུན་ཟླའི་བརླ་འཚོང་མཁན།།
ས་མཐའི་ཞབས་འདྲེན་ཁྱེད་ལ་ཡིད་འཆེས་མེད།།
ཧ་གཉིད་རྦད་དེ་སད་མ་ཐག་པ་ནས།།
ཧ་ལས་དགོས་པའི་དོན་སྐྱོན་འདི་མཐོང་བས།།
ཨ་ཕྲུག་ང་ཡི་དམར་ཆུང་སེམས་ངོས་ནས།།
ཨ་མེས་བླ་འཚོང་ཁྱོད་ལ་ཡིད་འཆེས་མེད།།
འབྲས་སྤུངས་ནས་བྲིས།
ཀ་རྩོམ་མ་ན་ལིའི་མཐོང་ཐོས།
བེ་རི་དཔལ་ལྡན་རྣམ་རྒྱལ།
ཀ་ཁ་ག་ངའི་བོད་ཀྱི་རིག་གནས་ཤིག།།
ཁ་བ་ཅན་གྱི་སློབ་མ་གཞོན་ནུ་ལ།།
ག་ལེར་བསླབས་ནས་དེ་རིང་གུང་སེང་ཉིན།།
ང་ཚོ་ཁ་ཤས་མ་ན་ལི་ལ་སླེབས།།
ཁ་བ་ཅན་གྱི་སློབ་མ་གཞོན་ནུ་ལ།།
ག་ལེར་བསླབས་ནས་དེ་རིང་གུང་སེང་ཉིན།།
ང་ཚོ་ཁ་ཤས་མ་ན་ལི་ལ་སླེབས།།
ཅ་ཅོ་ཧིན་དྷི་སྐད་ཡིག་རྐྱང་པ་བསྐྱོན།།
ཆ་ལུགས་ལུས་ལ་བལ་གྱི་གོས་གྱོན་ཞིང་།།
ཇ་ཆང་ཉལ་ཐལ་མང་བའི་མ་ན་ལིར།།
ཉ་རྒྱས་མཛེས་མ་འགའ་ཡང་མཐོང་རྒྱུ་འདུག།།
ཏ་ལའི་ལོ་མ་རླུང་གིས་འཁྱེར་བ་བཞིན།།
ཐ་རེ་ཐོ་རེར་གནས་པའི་བོད་མི་རྣམས།།
ད་སྐབས་དཔལ་འབྱོར་གནས་སྟངས་འདིར་བལྟས་ན།།
ན་གཞོན་ལས་མེད་ཁྱོན་ནས་མི་འདུག་སྙམ།།
པ་ལོ་དཀར་བའི་ཚོང་པ་རྒན་རྒོན་རྣམས།།
ཕ་རོལ་ཕྱི་རྒྱལ་མགོ་སེར་མཐོང་བ་ན།།
བ་སོ་ལྟ་བུའི་སོ་དཀར་ཀུན་བསྟན་ནས།།
མ་ནི་མ་ནི་ཟེར་བཞིན་བསྡད་འདུག་ལགས།།
ཆ་ལུགས་ལུས་ལ་བལ་གྱི་གོས་གྱོན་ཞིང་།།
ཇ་ཆང་ཉལ་ཐལ་མང་བའི་མ་ན་ལིར།།
ཉ་རྒྱས་མཛེས་མ་འགའ་ཡང་མཐོང་རྒྱུ་འདུག།།
ཏ་ལའི་ལོ་མ་རླུང་གིས་འཁྱེར་བ་བཞིན།།
ཐ་རེ་ཐོ་རེར་གནས་པའི་བོད་མི་རྣམས།།
ད་སྐབས་དཔལ་འབྱོར་གནས་སྟངས་འདིར་བལྟས་ན།།
ན་གཞོན་ལས་མེད་ཁྱོན་ནས་མི་འདུག་སྙམ།།
པ་ལོ་དཀར་བའི་ཚོང་པ་རྒན་རྒོན་རྣམས།།
ཕ་རོལ་ཕྱི་རྒྱལ་མགོ་སེར་མཐོང་བ་ན།།
བ་སོ་ལྟ་བུའི་སོ་དཀར་ཀུན་བསྟན་ནས།།
མ་ནི་མ་ནི་ཟེར་བཞིན་བསྡད་འདུག་ལགས།།
ཙ་རི་གནས་སྐོར་བྱེད་མཁན་དད་ལྡན་དང་།།
ཚ་བའི་ཡུལ་ནས་སྤྲོ་འཁྱམ་ཕེབས་མཁན་དང་།།
ཛ་དྲག་ཆེ་མདོག་བྱེད་མཁན་ཚོང་པ་སོགས།།
ཝ་ཚོགས་ཇི་བཞིན་འདི་ན་འཛོམས་བསྡད་འདུག།།
ཚ་བའི་ཡུལ་ནས་སྤྲོ་འཁྱམ་ཕེབས་མཁན་དང་།།
ཛ་དྲག་ཆེ་མདོག་བྱེད་མཁན་ཚོང་པ་སོགས།།
ཝ་ཚོགས་ཇི་བཞིན་འདི་ན་འཛོམས་བསྡད་འདུག།།
ཞྭ་དང་ཆོས་གོས་འཚོ་བའི་རྟེན་བྱས་ཏེ།།
ཟ་བཏུང་ཙམ་གྱི་ཆེད་དུ་གྲོང་གསེབ་ན།།
འ་ཅག་བོད་ཀྱི་ཆོས་གཟུགས་ཁ་ཤས་ཀྱི།།
ཡ་མཚན་འཁྲབ་སྟོན་གནང་མཁན་འགའ་ཡང་འདུག།།
རྭ་ཅོ་ཡོད་པའི་ལྷ་དང་སྲུང་མའི་སྐུ།།
ལ་ལུང་གང་སར་མཇལ་རྒྱུ་རིག་རྒྱུ་འདུག།།
ཤ་ཡོད་མོག་མོག་བྲོ་བ་ཆེན་པོ་ཞིག།།
ས་སྟེང་འདི་ན་རག་རྒྱུ་ཁག་པོ་འདུག།།
ཟ་བཏུང་ཙམ་གྱི་ཆེད་དུ་གྲོང་གསེབ་ན།།
འ་ཅག་བོད་ཀྱི་ཆོས་གཟུགས་ཁ་ཤས་ཀྱི།།
ཡ་མཚན་འཁྲབ་སྟོན་གནང་མཁན་འགའ་ཡང་འདུག།།
རྭ་ཅོ་ཡོད་པའི་ལྷ་དང་སྲུང་མའི་སྐུ།།
ལ་ལུང་གང་སར་མཇལ་རྒྱུ་རིག་རྒྱུ་འདུག།།
ཤ་ཡོད་མོག་མོག་བྲོ་བ་ཆེན་པོ་ཞིག།།
ས་སྟེང་འདི་ན་རག་རྒྱུ་ཁག་པོ་འདུག།།
ཧ་ཅང་གྲང་མགོ་བཙུགས་པའི་མ་ན་ལིར།།
ཧ་ལས་དགོས་པའི་གནས་ཚུལ་མང་པོ་མཐོང་།།
ཧ་ཅང་རྙོག་འཛིང་ཆེ་བའི་མི་ཚེའི་ནང་།།
ཧ་ལམ་མཐོང་བ་ཐེངས་མ་དང་པོ་ཡིན།།
ཧ་ཅང་སྤྱང་གྲུང་འཛོམས་པའི་ཕོ་སར་སྟེ།།
ཧ་ལམ་ཇ་སིན་འདྲ་བའི་སྐལ་བཟང་གིས།།
ཧ་ཅང་མྱུར་བའི་སྒེར་འཁོར་དམར་པོའི་ནང་།།
ཧ་ལམ་ས་གནས་ཀུན་ལ་འཁྲིད་གནང་སོང་།།
ཧ་ལས་དགོས་པའི་གནས་ཚུལ་མང་པོ་མཐོང་།།
ཧ་ཅང་རྙོག་འཛིང་ཆེ་བའི་མི་ཚེའི་ནང་།།
ཧ་ལམ་མཐོང་བ་ཐེངས་མ་དང་པོ་ཡིན།།
ཧ་ཅང་སྤྱང་གྲུང་འཛོམས་པའི་ཕོ་སར་སྟེ།།
ཧ་ལམ་ཇ་སིན་འདྲ་བའི་སྐལ་བཟང་གིས།།
ཧ་ཅང་མྱུར་བའི་སྒེར་འཁོར་དམར་པོའི་ནང་།།
ཧ་ལམ་ས་གནས་ཀུན་ལ་འཁྲིད་གནང་སོང་།།
(རང་གིས་དཀར་པང་ཐོག་ཀ་རྩོམ་ཁ་ཤས་ཐོལ་བྱུང་དུ་འབྲི་རྒྱུ་དང། ལོ་རིམ་གཉིས་པའི་སློབ་ཕྲུག་གིས་བྲིས་པའི་ཀ་རྩོམ་ཁ་ཤས་ཀྱང་ངོ་སྤྲོད་བྱེད་རྒྱུ།
སློབ་མ་རང་གི་ངོས་ནས་ཀ་རྩོམ་འདྲ་མིན་འབྲི་རྒྱུ། )