Wednesday, May 29, 2013

གྲྭ་རྐྱང་གི་སེམས།་པ།



ལོ་ཟླ་རླུང་གིས་ཟས་པའི་ཁུགས་སོ་ནས།།


ཚོར་བས་སྙིང་ཁམས་དཀྲུགས་པའི་མཇུག་སྣེ་དེར།།


དམ་ཚིག་མདུད་པ་་ཐེབས་པའི་ཆོས་གྲོགས་ཚོ།།


མ་དྲན་ལྷོད་ཀྱིས་བསྡད་པའི་སྐལ་བ་ཕྲ།། 









མི་ཚེ་ཞེས་པ་སྒྱུ་མའི་འཕྲུལ་ཞིག་སྟེ།། 


རླུང་དང་བསྡེབས་ནས་རླུང་གིས་ཁྱེར་བ་ལས།།


རང་གི་གོམ་ཁ་རང་ལ་མི་དབང་འདི།།


ཞིབ་ཏུ་བསམ་ན་ཐམས་ཅད་དབུགས་རིང་ཞིག།། 




༢༠༡༣། ༥། ༢༨། ཉིན། བྷུན་ཏར་མཐོ་སློབ་ཀྱི་ལས་ཤག་ནས།