
བྱིས་པའི་དུས་སུ་ཕ་མས་དྲིན་གྱིས་གསོས།།
ལས་དབང་ཞིག་གིས་ཆོས་ཀྱི་གདན་སར་སླེབས།།
ལས་འཕྲོ་ལྷག་མས་གྲྭ་ཆས་བུད་མ་ཐལ།།
ཞིབ་ཏུ་བསམ་ན་རེ་སྨོན་གཅིག་ཁོ་ན།།
སྨན་ཆུང་རྣམས་ལ་ལས་འཕྲོ་མེད་ཀྱང་སྲིད།།
བན་ཆུང་ཁོ་བོའི་བསོད་ནམས་ཆེ་ཡང་སྲིད།།
སྟག་རྒོད་འདྲ་བའི་ཕོ་སར་གཞོན་ནུ་ཞིག།།
ངུར་སྨྲིག་གོས་ཀྱི་གསེབ་ན་ལྷག་པར་སྐྱིད།།
ཆོས་ཀྱི་བླ་མའི་་བྱིན་རླབས་དང་།།
རང་གི་བློ་ཡི་ནུས་ཤུགས་ཀྱིས།།
དབུགས་ཀྱི་རྒྱུ་བ་མ་ཆད་བར།།
ངུར་སྨྲིག་གོས་དང་མ་བྲལ་ཤོག།
ཆོས་གོས་སེར་པོ་གོན་ནས་ཤི་བར་ཤོག།
ཁ་ནས་མ་ཎི་འདོད་བཞིན་ཤི་བར་ཤོག།
བླ་མ་ཡིད་ལ་དྲན་ནས་ཤི་བར་ཤོག།
ཤི་རྗེས་བླ་མས་རྗེས་སུ་གཟུང་བར་ཤོག།
་༢༠༡༣། ༥། ༡༤ ཉིན། སློབ་ཁྲིད་ཀྱི་བར་གསེང་སྐབས་གློག་ཀླད་ཁང་ནས་ཐོལ་བྱུང་དུ་བྲིས།