༄༅། །ལུང་དུ་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ལེགས་བཤད་སྣང་བྱེད་ནོར་བུ་ཞེས་བྱ་བ་བཞུགས་སོ།
།
རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས།
(༡༦༤༦-༡༡༧༡༨)
༄༅། །ཆོས་སྐུའི་རང་བཞིན་སངས་རྒྱས་མ་ལུས་མཁའ་ལྟར་དབྱིངས་སུ་རོ་གཅིག་ལས།
།
ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་ཉིན་མོར་བྱེད་པ་ཡང་དག་མཚུངས།
།
སྤྲུལ་པའི་ཟློས་གར་མོས་མཚོར་འགོག་མེད་ཟླ་བ་འབུམ་སྡེའི་རྗེས་འགྲོ་བ།
།
སྲིད་ཞིའི་གཙུག་རྒྱན་ཀུན་མཁྱེན་བླ་མ་ཚངས་སྲས་བཞད་པའི་རྡོ་རྗེས་སྐྱོངས།
།༼ཤིས་པ་བརྗོད་པའི་སྒོ་དང་པོ་༽
བགྲང་ཡས་ཤེས་བྱའི་གནས་ལུགས་ཟབ་མོ་རྣམ་དཔྱོད་གོམ་པའི་སྟོབས་གཅིག་གིས།
།
མནན་པས་མ་ཚིམ་རྣམ་འདྲེན་ཀུན་གྱི་མཁྱེན་བརྩེ་དག་པའི་མཛོད་བཟུང་ནས།
།
མ་རིག་སྟོབས་ལྡན་ས་འོག་འཆིང་༼ཤིས་པ་བརྗོད་པའི་སྒོ་གཉིས་པ་གཟུགས་ཅན།༽པའི་སྒྱུ་ཐབས་མཁན་པོ་སྲེད་མེད་བུ།
།
ལྷག་པའི་ལྷ་གཅིག་འཇམ་པའི་རྡོ་རྗེས་ངག་གི་དངོས་གྲུབ་བདག་ལ་སྩོལ།
།
ཕན་བདེའི་རྩ་བ་མངར་པོར་བརྟན་པ་རིན་ཅེན་བྱང་ཆུབ་སེམས་ཀྱིས་བརླན།
།
མཁས་བཙུན་བཟང་པོའི་མེ་ཏོག་རབ་བཀྲ་མཁྱེན་བརྩེའི་འབྲས་བུ་ཡོངས་སུ་འདུད།
།
ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་ཕྱོགས་རྫོགས་བདག་བློའི་དཔལ་དུ་ལེགས་གྲུབ་པ།
།༼ཤིས་བརྗོད་ཀྱི་སྒོ་གསུམ་པ་མཐའ་དག་གཟུགས་ཅན།༽
སྔོན་མེད་དཔག་བསམ་ས་མཁན་ཆེ་རྣམས་བྱང་ཆུབ་བར་དུ་བཤེས་མཛོད་ཅིག།
རིང་མོ་ཞིག་ནས་མ་སྨད་ལྷག་བསམ་ས་བོན་གྲུང་པོ་ཚོགས་གཉིས་གཡས་འཁྱིལ་གསེར་སྒོང་དབུས།
།
སྤངས་དང་རྟོགས་པའི་ཡོན་ཏན་ལུས་རྫོགས་རང་བྱུང་གདུང་བཞིའི་མཚར་སྡུག་གཟུགས་སུ་ཉེར་བལྟམས་པ།
།
བརྒྱད་ཁྲི་བཞི་སྟོང་རིག་བྱེད་ཆོས་༼ཕྱག་བྱ་བའི་སྒོ་དང་པོ་བསྡུས་པའི་གཟུགས་ཅན།༽ཚུལ་སྒོ་བརྒྱ་ཕྱེ་ནས་རིས་སུ་མ་ཆད་གདུལ་བྱ་ཀུན།
།
བྱང་ཆུབ་མཆོག་ལ་འགོད་པའི་བྱེད་པོ་ཤཱཀྱའི་རྒྱལ་པོར་དངོས་པོ་ཀུན་གྱིས་ཕྱག་བགྱིའོ།
།
གང་གིས་བསྟན་པ་ལེགས་ལམ་རིན་ཅེན་ཕྱུར་པོར་གཏམས་པའི་ཤིང་རྟ་ཆེ།
།
ས་ལ་ཕན་བདེའི་བ་དན་དཀར་པོ་ལྷབ་ལྷུབ་གཡོ་བའི་ཁ་ལོ་པ།
།
འཕགས་བོད་པཎ་གྲུབ་འཇིག་རྟེན་མིག་གྱུར་ཆོས་ཀྱི་རྒྱལ་པོ་རིམ་བྱོན་པའི།
།
ལུང་རྟོགས་སྣང་བ་ཆེས་ཆེར་རྒྱས་༼ཕྱག་བྱ་བའི་སྒོ་གཉིས་པ་ལྡན་མིན་གྱི་གཟུགས་ཅན།༽མཛད་ཡོངས་ལ་གུས་པའི་ལག་པད་ཟུམ།
།
ངག་དབང་བརྟན་པའི་འཁོར་ལོའི་སྒྱུ་འཕྲུལ་མི་ཡི་ཟོལ་གྱིས་གངས་ཅན་འདིར།
།
མི་ཟད་ཚིག་གི་གཏེར་མཛོད་ཡོངས་ཕྱེ་ལེགས་བཤད་རིན་ཐང་ཆེ་བའི་དངོས།
།
མཉམ་པར་སྦྱར་མཁས་སྙིང་སྟོབས་རྨད་བྱུང་བརྡ་སྦྱོར་མཛད་པོ་ཡོངས་ཀྱི་གཙོ།
།༼ཕྱག་བྱ་བའི་སྒོ་གསུམ་པ་བྱ་བ་རང་བཞིན་བརྗོད་པ།༽
གནའ་བོའི་མཁན་པོ་སམྦྷོ་ཊ་ཡི་བཀའ་དྲིན་དྲན་པས་ལན་བརྒྱར་འདུད།
།
ཁྱོད་གསུང་མཐོ་རིས་དགའ་བའི་ཚལ་ཡངས་ནས། །
ལེགས་བཤད་ཡན་ལག་བརྒྱད་དང་ལྡན་པའི་ཆབ། །
དཀའ་གནད་ལྷ་ཆེན་རལ་ཀླུང་འཛིན་པའི་མཐའ། །
མ་རྙེད་ལན་བརྒྱར་རབ་བསམས་བརྟུལ་ཞུགས་ཀྱི། །
མཁས་མང་ཛ་ཧུའི་མགྲིན་པ་ལས་བསྐྱུགས་པ། །
༼དངོས་པོ་ངེས་བསྟན་བསྡུས་པའི་གཟུགས་ཅན།༽
གངས་ཅན་ནོར་གྱི་བུ་མོའི་ལྟོ་བ་རུ། །
དྲངས་པའི་དག་བྱེད་འདི་ཀོ་ལེགས་བྱས་ཀྱི། །
སྐལ་ལྡན་ཤིང་རྟ་བདག་གི་བགོ་སྐལ་བཞིན། །
ལྷག་བསམ་སྐྱ་རེངས་གཞོན་ནུས་རབ་བསུས་འཁྲུལ་བའི་མུན་ཆེན་མཐའ་དག་གཤེད།
།
ཟབ་ཅིང་བརླིང་བའི་ཚིག་གི་གཟི་བྱིན་བློ་དམན་ལྷ་མོས་མ་བཟོད་པ།
།
རྣམ་དཔྱོད་བི་ཤྭ་ཀརྨས་བརྡར་བའི་དཔྱད་གསུམ་དག་པའི་བཅུ་གཉིས་ཆ།
།
ཀུན་ཏུ་བཟང་པོའི་དགོངས་༼བསྡུས་ཤིང་མ་སྡུས་པའི་གཟུགས་ཅན།༽པ་རབ་གསལ་ལེགས་བཤད་སྣང་བྱེད་ནོར་བུ་ཤར།
།
དེ་ལ་འདིར་གངས་རིའི་་ལྗོངས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་རྣམ་པར་བཤད་པ་ཅུང་ཟད་ཅིག་སྤྲོ་བར་བྱེད་པ་ལ་གཉིས་ཀྱི་དང་པོ་༼སུམ་ཅུ་པ་༽ལ།
མཛད་པ་པོ་སློབ་དཔོན་གྱི་ཆེ་བ། ཕྱོགས་གང་དུ་གཏོགས་པ། བསྟན་བཅོས་ཀྱི་མཚན་གང་ཡིན་པ། གཞུང་གི་ཚད་ཇི་ཙམ་ཡོད་པ།
བསྟན་བཅོས་དངོས་ཀྱི་དོན་དང་ལྔ་ལས།
དང་པོ་༼མཛད་པ་པོ་སློབ་དཔོན་གྱི་ཆེ་བ།༽ནི། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས།
ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉི་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ།
།ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ།
ཞེས་ལུང་བསྟན་པ་དང་མཐུན་པར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་འཇམ་དཔལ་དབྱངས་ཐུ་མི་ཞེས་པ་འདིའང་འཁྲུངས་པའི་ཡུལ་འགའ་ཞིག་ཐོན་ལུག་ར་ཁ་པར་འདོད་པ་དང་།
འགའ་ཞིག་ཐུ་མི་སམྦྷོར་ཞེས་པར་ལྷོ་གཉལ་པ་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ་སམྦྷོརཊ་དང་སམྦྷ་དྲ་སོགས་རྒྱ་སྐད་དུ་འདོད་པ་བྱུང་ཡང་།
འདི་གཉལ་ན་ཡོད་པའི་ས་འབུར་པོ་ཞིག་འདུག་པས་ས་འབོར་ཡིན་པ་འདྲ། གང་ལྟར་ནའང་བོད་སྐད་དུ་སྣང་ཞེས་པའི་བཞེད་ཚུལ་མི་འདྲ་བ་འདུག་ཅིང་།
མཚན་ཡང་སམྦྷོ་ཊ་སྟེ་བོད་ཡང་དག་པར་འབོད་པ་དང་། ས་མནྟ་བྷ་དྲ་སྟེ་ཀུན་ཏུ་བཟང་པོར་འབོད་པ་དང་།
འགའ་ཞིག་ཨ་ནུ་མཚན་དངོས་དང་། རྗེ་ཞ་ལུ་པ་སོགས་ཨ་ནུ་ཡབ་ཀྱི་མཚན་དུ་བཞེད་པ་དུ་མ་འདུག་ནའང་དོན་ལ་གཡོར་ཕོ་ཡུལ་དགུའི་ནང་ཚན་ཐུ་ཞེས་པའི་རིགས་ལས་སྐུ་འཁྲུངས་པ་ཆུང་ངུ་ནས་དེས་པ་དང་།
ངང་ཚུལ་བཟང་བ་བློ་གྲོས་དང་ལྡན་ཞིང་དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་རྨ་མེད་པ་དེས་རྒྱལ་པོའི་བཀའ་ཅོད་པན་དུ་བཅིངས་ཏེ་འཁོར་བཅུ་དྲུག་དང་བཅས་རྒྱ་གར་དུ་བྱོན་པ་སོགས་མདོར་ན་ཚིགས་བཅད་ལྔ་དང་རྐང་པ་གཅིག་གི་སྒོ་ནས་སློབ་དཔོན་ཉིད་ཀྱིས་གསུངས་པ་བཞིན་ཏེ།
ང་དྲིན་ཅན་གྱི་བློན་པོ་ཐུ་མི་ངས། །
ཞེས་པས་སློབ་དཔོན་ཉིད་ཀྱི་གདུང་དང་མཚན་སྨོས།
ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །
ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །
ཅེས་པས་དམ་པའི་ཆོས་རྙེད་སླ་བ་མ་ཡིན་པར་ཚ་གྲང་ངལ་དུབ་ཁྱད་དུ་བསད་དེ་འཕགས་པའི་ཡུལ་དུ་བྱོན་པའི་ཚུལ་དང་།
ཁོང་མཁས་པ་བྲམ་ཟེ་ལེགས་བྱིན་ལ། །
ཞེས་པས་མཁས་པར་གྲགས་པའི་སློབ་དཔོན་ཚད་ལྡན་བསྟེན་ཚུལ།
ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །
ཞེས་པས་ཆོས་ཉན་པའི་སྣོད་དུ་མ་གྱུར་པའི་སྐྱོན་མ་གུས་པ་སོགས་སྤངས་ཚུལ།
ནོར་རིན་ཅེན་གསེར་གྱི་ཕྱག་རྟེན་ཕུལ། །
ཞེས་པས་ཟང་ཟིང་གི་དངོས་པོ་ཕངས་པ་མེད་པར་ཕུལ་བའི་ཚུལ།
དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །
བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །
ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །
ཞེས་པས་འོལ་སྤྱི་ཙམ་མ་ཡིན་པར་ཚིག་དོན་མཐའ་དག་ལ་ཐེ་ཚོམ་མེད་པར་སྤྱངས་ཚུལ།
རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །
བོད་ཡིག་སུམ་ཅུར་གཏན་ལ་ཕབ། །
ཅེས་པས་རྒྱ་ཡིག་རྣམས་ལས་བོད་དུ་མི་མཁོ་བ་རྣམས་དབྲི་བ་དང་།
མེད་ཐབས་མེད་པ་རྣམས་བསྣན་པའི་སྒོ་ནས་ཡི་གེའི་བསྡུ་བ་མཛད་ཚུལ།
རང་མཁས་པའི་ངེས་ཤེས་བློ་ལ་ཤར། །
འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །
ཅེས་ང་རྒྱལ་བའི་ཀུན་རྟོག་མི་མངའ་ཡང་།
མ་རྟོགས་ལོག་རྟོག་གི་ཉེས་པ་བྲལ་བའི་ངེས་པ་གཏིང་ནས་འདྲོངས་ཚུལ།
དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །
ཅེས་དེ་ལས་འཕྲལ་ཡུན་གྱི་ཕུན་ཚོགས་ཐམས་ཅད་འབྱུང་ཚུལ།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབས་པའི་སྔོན་མ་ཡིན། །
ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །
ཞེས་བོད་ཡུལ་ཀྱི་འགྲོ་བ་མཐའ་དག་རྗེས་སུ་འཛིན་པར་བསྟན་པ།
རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །
ཞེས་པས་དེའང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བཀའ་དྲིན་དུ་བསྟན་པ།
གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །
ཅེས་པས་གཞན་གྱིས་འགྲན་ཟླ་མེད་ཚུལ།
བོད་ཁ་བ་ཅན་གྱི་མི་རྣམས་ལ། །
ང་ཐུ་མི་བཀའ་དྲིན་མི་ཆེ་འམ། །
ཞེས་པས་སླར་ཡང་བཀའ་དྲིན་ཆེ་བར་རྗེས་སུ་འདོམས་པ་སྟེ།
།དེ་ལྟ་བུའི་རྣམ་པར་ཐར་པ་གཞན་གྱི་མཁན་པོ་འདིས་བརྡ་སྤྲོད་ལ་མཁོ་བའི་བསྟན་བཅོས་བརྒྱད་མཛད་པར་གྲགས་པའི་དྲུག་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་མི་སྣང་ཞིང་།
སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ་ཞེས་པ་ཡར་འབྲོག་པ་རིན་ཆེན་ཏོག་སོགས་སློབ་དཔོན་གྱིས་མཛད་པར་བཞེད་ཀྱང་།
རྗེ་ཞ་ལུ་པ་ཐེ་ཚོམ་གྱི་གཞིར་མཛད་ལ། བསྟན་བཅོས་གཉིས་པོ་འདི་ནི་རྗེ་ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲས།
མཁན་པོ་ཆེན་པོ་འདི་ཉིད་ཀྱིས་མཛད་པའི་གཞུང་བཟང་པོ་འདི་དག་ཉེ་བར་མཁོ་བ་ཙམ་དུ་མ་ཟད།
བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་སླད་དུའང་མཁས་པ་རྣམས་ཀྱིས་འདྲི་ཞིང་བཀླག་པ་དང་འཆད་པ་དང་ཉན་པ་དང་།
རབ་ཏུ་གསལ་བར་བྱེད་རིགས་པ་ཉིད་དོ། །ཞེས་གསུངས་པ་ལྟར་མཛད་པ་པོ་འགངས་ཆེ་བར་མ་ཟད་བཀའ་དྲིན་གཟོ་བ་དང་ཉེ་བར་མཁོ་བའི་རྒྱུ་མཚན་གྱིས་ཀྱང་བསྟན་བཅོས་འདི་ཉིད་རང་གི་བློ་གྲོས་ཀྱིས་ཇི་ལྟར་རྟོགས་པ་བཞིན་ཅུང་ཟད་འགྲེལ་པ་ལ་སྤྲོ་བ་བསྐྱེད་པར་གྱུར་ཏོ།
།
གཉིས་པ་༼ཕྱོགས་གང་དུ་གཏོགས་པ་༽ནི་སྒྲ་རིག་པའི་ཁོངས་སུ་གཏོགས་སོ། །གསུམ་པ་༼བསྟན་བཅོས་ཀྱི་མཚན་གང་ཡིན་པ་༽ནི།
རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། བོད་སྐད་དུ། ལུང་དུ་སྟོན་པ་སུམ་ཅུ་པའི་རྩ་བ་ཞེས་བྱ་བ་ཞེས་གསུངས།
དེའང་རྒྱ་གར་ཏེ་འཕགས་པའི་ཡུལ་དུ་སྐད་རིགས་ཆེན་པོ་བཞི་ཞེས། དཎྜཱིའི་ཚིག་རྒྱན་ལས།
ལེགས་སྦྱར་དེ་བཞིན་རང་བཞིན་དང་། །
ཟུར་ཆག་འདྲེས་མ་ཞེས་བྱ་སྟེ། །
ཞེས་བཤད་པ་ལྟར་ལས་མཆོག་ཏུ་གྱུར་པ་ལེགས་པར་སྦྱར་བའམ་སཾསྐྲྀ་ཏའི་སྐད་དུ་བྱཱ་ཀ་ར་ཎ་སྟེ།
སྒྲའི་མཚན་ཉིད་སྟོན་པས་ན་ལུང་དུ་སྟོན་པ་དང་། མཱུ་ལ་སྟེ་ལེའུ་ཕྱི་མ་རྣམས་ཀྱི་རྟེན་གཞིར་གྱུར་པས་ན་རྩ་བ་དང་།
ཏྲིཾ་ཤད་དེ་ཀཱ་ལི་སུམ་ཅུ་པོ་རྒྱ་ཆེར་སྟོན་པས་སམ་ཡང་ན་ཤློ་ཀ་སུམ་ཅུ་ཙམ་ཡོད་པས་སུམ་ཅུ་པ་སྟེ།
སྔ་མ་ལྟར་ན་བརྗོད་བྱ་ལས་མིང་དུ་བཏགས་པ་དང་། ཕྱི་མ་ལྟར་ན་རྗོད་བྱེད་ལས་མིང་དུ་བཏགས་པ་ཡིན་མོད་ཀྱང་།
ལོ་ཆེན་ནམ་མཁའ་བཟང་པོས་ཕྱི་མ་རྣམ་གྲངས་སུ་བཀོད་པ་ཙམ་མ་གཏོགས་ཊཱིཀ་མཛད་ཕལ་ཆེར་སྔ་མ་ལྟར་བཞེད་དོ།
།ནཱམ་ཞེས་བྱ་བ་ཡིན་ཞིང་། མིང་བཏགས་པའི་དགོས་པ་ནི་ལངྐར་གཤེགས་པ་ལས།
མིང་དུ་གདགས་པ་མ་མཛད་ན། །
འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །
དེ་བས་རྨོངས་པ་སེལ་བའི་ཕྱིར། །
མགོན་པོས་མིང་དུ་གདགས་པར་མཛད། །
ཅེས་གསུངས་པ་ལྟར་གླེགས་བམ་གཞན་དང་མི་ནོར་བ་དང་།
མིང་ལ་བརྟེན་ནས་བརྗོད་དོན་རགས་པ་རྟོགས་ནུས་པའི་དགོས་༼པའི་དོན༽དུ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
།ཞེས་དང་། མཚན་དེའང་དབུ་འམ་ཐོག་མར་བཞག་པ་ནི་གཞུང་གི་དབུ་ཞབས་མི་འཁྲུགས་པ་དང་། མཚན་རྒྱ་སྐད་དུ་སྨོས་པས་སཾསྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པ་དང་།
ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་དྲན་པའི་ཆེད་ཡིན་ནོ། །
འཕྲོས་དོན་འགྱུར་ཕྱག་གི་ཚུལ་དུ།
སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་སྦྱར་བ་ནི་བསྟན་བཅོས་བསྒྱུར་བ་སོགས་ལ་བར་ཆད་མི་འབྱུང་བའི་ཆེད་དུ་ལོ་ཙཱ་བ་རྣམས་ཀྱིས་ཕྱག་མཛད་པ་དང་རྗེས་སུ་མཐུན་པར་སྨྲ་བ་སྟེ།
ངག་གི་དབང་ཕྱུག་དམ་པར་གྱུར་པ་རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།
།
བཞི་པ་གཞུང་ཚད་༼ཇི་ཙམ་ཡོད་པ་༽ནི། སྤྱིར་ཚིགས་བཅད་ལ་ལུང་ལས་གྲགས་པ་རྐང་པ་གཅིག་པ་ནས་བདུན་པའི་བར་བཤད་པ་དང་།
བསྟན་བཅོས་ལ་རྐང་པ་བཞི་རེ་ལ་ཚིགས་བཅད་རེར་བྱེད་པ་གཉིས་ལས། འདིར་མེ་ལོང་མ་ལས། ཚིགས་བཅད་རྐང་བཞི་དེ་ཡང་ནི།
།ཞེས་པ་ལྟར། ཕྱི་མའི་ལུགས་སུ་བྱས་པའི་ཤློཀ་སུམ་ཅུ་སོ་གསུམ་དུ་གྲངས་ངེས་པ་ཡིན་ནོ། །
ལྔ་པ་བསྟན་བཅོས་དངོས་ཀྱི་དོན་ལ་གསུམ། བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ།
བསྔགས་པ་བརྗོད་དེ་མཇུག་བསྡུ་བའོ། །དང་པོ་༼བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ༽ལ་གཉིས་ཏེ།
དོན་ཆེན་བསྒྲུབ་པའི་ཕྱིར་མཆོད་བརྗོད་བཤད་པ་དང་། རང་བཞིན་བརྗོད་དེ་དམ་བཅའ་བཤད་པའོ།
།
དང་པོ་༼དོན་ཆེན་བསྒྲུབ་པའི་ཕྱིར་མཆོད་བརྗོད་བཤད་པ་༽ལ། སྤྱིའི་དོན་དང་ཚིག་གི་དོན་གཉིས་ཀྱི་དང་པོ་ནི།
མེ་ལོང་མ་ལས།
ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །
ངེས་པར་བསྟན་པའང་དེ་ཡི་སྒོ། །
ཞེས་གསུངས་པས་བསྟན་བཅོས་ཆེན་པོའི་མཚན་ཉིད་ལ་དང་པོར་ཤིས་པ་བརྗོད་པ་དང་།
ཕྱག་བཙལ་བས་བསྟན་བཅོས་བརྩམ་པ་ལ་བར་ཆད་མི་འབྱུང་ཞིང་། དམ་པའི་སྤྱོད་པ་དང་མཐུན་པ་དང་།
དངོས་པོ་ངེས་པར་བསྟན་པའི་སྒོ་ནས་བསྟན་བཅོས་མྱུར་བར་གྲུབ་པ་སོགས་སྔོན་དུ་འགྲོ་བ་དང་།
བར་དུ་གཞུང་དོན་དངོས་བཤད་པ། ཐ་མར་གྲུབ་པའི་དོན་བྱང་ཆུབ་ཏུ་བསྔོ་བ་སོགས་བཤད་ལ། དེའང་སྔ་མ་རྣམས་ནི་ཐུན་མོངས་པའི་བསྟན་བཅོས་ཀུན་ལ་གྲགས་ཤིང་།
ཕྱི་མ་ནི་ནང་པའི་ཁྱད་ཆོས་སུ་ཁྱད་པར་འཕགས་བསྟོད་ལས།
བསོད་ནམས་བྱས་པའི་ཚོགས་དག་ནི། །
སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །
བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །
དེ་གཞན་བསྟན་བཅོས་ལས་མ་བཤད། །
ཅེས་གསུངས། མཆོད་བརྗོད་ཀྱི་དགོས་པའང་ལྷ་ལས་ཕུལ་བྱུང་གི་བསྟོད་པར།
སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །
ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །
འོན་ཀྱང་ཐུབ་དབང་ཟླ་བ་དེར་ཕྱག་བགྱིད། །
དེས་ནི་ལྷ་ཡི་བདེ་བ་ཕུན་ཚོགས་འཐོབ། །
ཅེས་གསུངས་པས། དང་པོར་ཡུལ་ཁྱད་པར་ཅན་ལ་བསྟོད་ཕྱག་གི་སྒོ་ནས་ཚོགས་བསགས་པ་དང་།
དེ་ལ་བརྟེན་ནས་གནས་སྐབས་སུ་བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དེ། ཆེད་དུ་བརྗོད་པའི་ཚོམས་ལས།
བསོད་ནམས་བྱས་པའི་མི་དག་ལ། །
གཞན་ལས་བྱུང་བའི་གནོད་པ་དང་། །
ལྷ་དང་བདུད་ཀྱི་རིགས་རྣམས་ཀྱིས། །
བར་ཆད་བྱ་བར་མི་ནུས་སོ། །
ཞེས་གསུངས་པའི་ཕྱིར་ཤིས་པ་བརྗོད་པ་དང་།
ཕྱག་འཚལ་བའི་སྒོའང་རྒྱས་པར་སྤྲོ་ན་གཉིས་སམ་ཡང་ན་གཅིག་གིས་ཀྱང་ཆོག་སྟེ་དོན་གཅིག་པའི་ཕྱིར་དང་།
མཁས་འཇུག་ལས་ཀྱང་།
བསྟན་བཅོས་བྱེད་པའི་དམ་པ་ཡིས། །
སྟོན་པ་ལ་ནི་མཆོད་བརྗོད་བྱ། །
བསྟན་པ་སྤེལ་ཕྱིར་དག་པའི་ཚིག།
འདི་ལ་འཐད་པ་བཟང་པོ་མཐོང་། །
མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །
ཤིས་པ་བརྗོད་སོགས་མི་འགལ་སྟེ། །
ཐམས་ཅད་དུ་ཡང་སྟོན་པ་ཡི། །
ཆེ་བ་འབའ་ཞིག་བརྗོད་ཕྱིར་རོ། །
ཞེས་གསུངས་པའི་ཕྱིར།
།དངོས་པོ་ངེས་བསྟན་ལའང་། ཇི་སྐད་༼ཤེས་རབ་སྡོང་བུ་༽དུ།
དམ་པ་རྣམས་ནི་ཁས་འཆེ་མི་བྱ་ཞིང་། །
གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །
རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །
ཤི་ཡང་གཞན་དུ་བརྗེད་པར་ག་ལ་འགྱུར། །
ཞེས་གསུངས་པས་དེ་ཉིད་མ་གྲུབ་ཀྱི་བར་དུ་དམ་བཅས་པའི་དོན་ཡལ་བར་མི་འདོར་བའི་ཕྱིར་འབད་པ་ཆེན་པས་བརྩོན་པ་བགྱིད་པའི་དགོས་པ་དང་།
གཞན་ཡང་ཁེངས་བསྐྱུངས་པའི་སྒོ་ནས་དམ་བཅའ་བ་རྩོམ་པ་པོ་རྨད་དུ་བྱུང་བར་སྟོན་པའི་ཆེད་དང་།
ཉན་པར་བསྐུལ་བའི་སྒོ་ནས་དམ་བཅའ་བ་གཞན་ལ་བརྩེ་བས་འདོམས་པ་སྟོན་པའི་ཆེད་དང་། མདོར་བསྟན་གྱི་སྒོ་ནས་དམ་བཅའ་བ་བསྟན་བཅོས་རྟོགས་པར་སླ་བའི་ཆེད་དང་།
དགོས་པའི་སྒོ་ནས་དམ་བཅའ་བ་སྤྲོ་བ་ཁྱད་པར་ཅན་སྐྱེ་བའི་ཆེད་སོགས་ཀྱི་དགོས་པའང་ཡོད་དོ།
།
གཉིས་པ་ཚིག་དོན་ལ་བཞི་ལས། དང་པོ་དཀོན་ཅོག་ལ་ཕྱག་འཚལ་བ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི། །
དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ། དེ་ལའང་འགྲེལ་ཚུལ་ཐ་དད་པ་མང་ནའང་འདིར་གཞུང་དོན་དངོས་ཀྱི་དགོངས་པ་བཞིན་འབྲུ་སྣོན་གྱི་ཚུལ་དུ་བཀྲོལ་ན།
གང་ཞེས་པ་སྤྱིའི་སྒྲ་དང་། ལ་ཞེས་པ་དོན་ལྔར་འཇུག་པ་ལས་འདིར་ངེས་བཟུང་གི་དོན་ཏེ། སྤྱི་སྒྲ་དེ་ལས་ལོགས་སུ་བཀར་ཏེ་འཆད་འགྱུར་དེ་མ་ཐག་པའི་ཡོན་ཏན་རྣམས་ལྡན་པ་དེ་ཉིད་ངོས་བཟུང་བ་དང་།
ཡོན་ཏན་མཆོག་ཅེས་པ་སངས་རྒྱས་དཀོན་ཅོག་ལ་དོན་གཉིས་ཕུན་སུམ་ཚོགས་པ་དང་། ཆོས་དཀོན་ཅོག་ལ་འགོག་ལམ་གྱི་བདེན་པ་གཉིས་དང་།
དགེ་འདུན་དཀོན་མཆོག་ལ་རིག་གྲོལ་གཉིས་སོགས་ཡོན་ཏན་གྱི་མཆོག་སྟེ་གཞན་ལ་མི་མངའ་བའི་ཁྱད་པར་དང་ལྡན་པས་དང་།
དེའང་ཅུང་ཟད་སྤྲོ་ན། ཐེག་པ་ཆེན་པོ་རྒྱུད་བླ་མར།
འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །
གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །
མཁྱེན་དང་བརྩེ་དང་ནུས་པར་ལྡན། །
དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་དང་།
བསམ་མེད་གཉིས་མེད་རྟོགས་མེད་པ། །
དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །
གང་ཞིག་གང་གིས་ཆགས་བྲལ་བ། །
བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང་།
ཇི་ལྟ་ཇི་སྙེད་ནང་གི་ནི། །
ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །
བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །
བླ་མེད་ཡོན་ཏན་དང་ལྡན་ཉིད། །
ཅེས་ཡོན་ཏན་བརྒྱད་བརྒྱད་དུ་བཤད་པ་རྣམས་ལྡན་པའམ་མངའ་བའི་དཀོན་ཅོག་སྟེ་ཇི་སྐད་དུ།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །
མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །
འགྱུར་བ་མེད་ཕྱིར་དཀོན་ཅོག་ཉིད། །
ཅེས་རཏྣའི་སྒྲ་ལས་དྲངས་ཏེ་ཡོན་ཏན་དྲུག་དང་ལྡན་པའི་དཀོན་ཅོག་གསུམ་པོ།
དེ་ཞེས་པ་དོན་དགུ་ལ་འཇུག་པ་ལས་ངེས་བཟུང་གི་ཚིག་དང་། ལ་ཞེས་པ་དོན་ལྔ་ལ་འཇུག་པ་ལས་འདིར་དགོས་ཆེད།
ཕྱག་འཚལ་བ་ནི་ལུས་ངག་ཡིད་གསུམ་འདུད་པའི་དོན་དང་། ལོ་ཞེས་པ་སླར་བསྡུ་འམ་ཟླ་སྡུད་ཀྱི་དོན་ནོ།
།
ཡང་ན་རྣམ་དབྱེ་དག་ཚུལ་དང་མཐུན་པའི་བཤད་ཚུལ་ནི། ཕྱག་འཚལ་ལོ་ཞེས་པ་བཤད་པའི་གཞིར་བཀོད་དེ།
ལས་སུ་བྱ་བ་གང་ན་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་བྱེད་པ་པོ་གང་གིས་ན་ཐུ་མི་སམྦྷོ་ཊ་བདག་གིས།
དགོས་པ་ཅིའི་ཕྱིར་ན་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཆེད་དུ། ཚུལ་ཇི་ལྟར་ན།
དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་དབང་མདོར་བསྟན་ལས།
དཀྱིལ་འཁོར་བཅུ་པོ་ཡང་དག་སྦྱོར། །
སོར་མོ་རྣམས་ནི་ཕན་ཚུན་དུ། །
སྤྱི་བོར་ལག་མཐིལ་སྦྱར་བ་ལ། །
གྲི་གུག་དང་བཅས་རྩེ་གཅིག་གོ།
ཞི་བའི་ཕྱག་རྒྱའམ།
འདུལ་བ་མདོ་རྩ་ལས། ཕྱག་ནི་རྣམ་པ་གཉིས་ཏེ་དཀྱིལ་འཁོར་ལྔ་པ་དང་སྒྱིད་པ་ལས་འཁྱུད་པའོ།
།ཞེས་གསུངས་པ་ལྟ་བུ་ལུས་ཀྱི་བརྡ་དང་། ཕལ་པོ་ཆེ་ལས།
དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །
དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །
རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །
བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །
ཅེས་པ་ངག་གི་བརྡ་དང་།
མངོན་པ་ཀུན་ལས་བཏུས་ལས། དད་པ་གང་ཞེ་ན་ཡོད་པ་ཉིད་དང་། ཡོན་ཏན་ཅན་དང་། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང་།
དང་བ་དང་། འདོད་པ་སྟེ། འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་པ་ལྟ་བུའི་ཡིད་ཀྱི་ཀུན་སློང་དང་ལྡན་པས་སོ།
།ཡུལ་གང་ལ་ན་སྔར་བཤད་པའི་ཡོན་ཏན་དེ་རྣམས་དང་ལྡན་པའི་དཀོན་ཅོག་དེ་ལ་སྟེ། འདི་ནི་བསྟོད་ཕྱག་ཕྱི་མ་རྣམས་ལའང་རིགས་བསྒྲེ་བར་ཤེས་པར་བྱ་དགོས་སོ།
།
གཉིས་པ་འཇམ་པའི་དབྱངས་ལ་ཕྱག་བྱ་བ་ནི།
གང་གིས་སྒྲ་དབྱངས་གསུངས་པ་ཡི། །
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །༡། །
ཞེས་པའི་གང་ནི་སྤྱི་སྒྲ།
གིས་ཞེས་བྱེད་པ་སྟེ་ཨཱ་ལི་ཤེས་རབ་ཀྱི་རང་བཞིན་ཅན་གྱི་སྒྲ་དབྱངས་གསུང་པ་པོ་ཡིན་པས་ན།
སྒྲ་དབྱངས་གསུངས་པ་ཡི་ཞེས་བཤད་ལ། འཇམ་པའི་དབྱངས་ནི་རྒྱལ་བ་མ་ལུས་པའི་མཁྱེན་པའི་རང་གཟུགས་མཉྫུ་གྷོཥ་ཞེས་པའི་སྒྲ་ལས་དྲངས་ཏེ་འཇམ་པའམ་སྐལ་པ་དང་ལྡན་པ་ཀུན་གྱི་རྣ་བར་འབབ་པའི་གསུང་དབྱངས་དང་།
ཐུགས་རྒྱུད་ལ་རྩུབ་རེག་གི་ཉེས་པའི་ཆ་ཕྲ་མོས་དབེན་པ་དེ་ཉིད་དོ། །ལ་ཕྱག་འཚལ་ལོ་ནི་གོང་དང་འདྲ།
གསུམ་པ་རྟག་ཞི་བ་ལ་ཕྱག་བྱ་བ་ནི།
གང་གིས་མིང་གཞི་སྔོན་གསུངས་པའི། །
རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་པའི་གང་གིས་ནི་སྤྱི་ལས་བྱེ་བྲག་ཏུ་དགར་བའི་བྱེད་པ།
།མིང་གཞི་སྔོན་གསུངས་པ་ཞེས་པ་ནི་ཐབས་ཀྱི་རང་བཞིན་མིང་གཞིར་གྱུར་པའི་ཀཱ་ལི་སྔོན་ནམ་ཐོག་མར་གསུང་པ་པོ་རྟག་ཞི་བའི་ཞེས་པ་རྟག་པར་ཞི་བ་ངང་ཚུལ་དང་ལྡན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།
།
འདིར་རྟག་ཞི་བ་ཞེས་པ་ཁ་ཅིག་བརྟག་གཉིས་ལས། རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་འབྱུང་བ་ལྟར་སངས་རྒྱས་ལ་རྟག་ཞི་བར་བཤད་དུ་ཡོད་པས་འདིར་སངས་རྒྱས་ཉིད་དོ།
།ཞེས་གསུངས་པ་དང་། འགྲེལ་པ་མཁས་༼ཞ་ལུ་ཆོས་ལེགས།༽པའི་ཡིད་འཕྲོག་ལས། མིང་གཞི་གསུང་བ་པོ་ཁྱབ་འཇུག་ཡིན་པར་ངེས་ཏེ།
ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས།
ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད། །
འཇམ་པའི་དབྱངས་ཀྱིས་ང་རོས་དྲངས། །
ཞེས་དང་། མིང་གཞི་ནི་ཡི་གེ་སྟེ།
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
ཡི་གེའི་སྦྱོར་བ་ཞེས་གསུངས་པའི་ཕྱིར་དང་།
སོ་སོར་འབྲང་མའི་སྲུང་བའི་ལྟེ་བསྒྱུར་སྐབས་སུ།
དམངས་རིགས་ཕྱིར་ན་རྟག་ཞི་བ། །
ཁྱབ་འཇུག་ལེགས་པར་བྲི་བར་བྱ། །
ཞེས་འཐད་པ་མང་དུ་བཀོད་དེ་བསྒྲུབ་པར་མཛད་པ་དང་།
འགྲེལ་པ་བསྟན་པའི་སྒྲོན་མེ། ༼ལོ་ཆེན་ནམ་བཟང་།༽འགྲེལ་པ་ཉི་མའི་འོད་ཟེར། ༼དགེ་ཡེ་པ་ཚུལ་ཁྲིམས་སེང་གེ་༽
༡༽འགྲེལ་པ་མཁས་པའི་རྒྱན།
༢༽འགྲེལ་པ་གསལ་བའི་སྒྲོན་མེ་རྣམས་སུ་རྟག་ཞི་བ་ལྷ་ཚངས་པར་བཞེད་པ་དང་།
༣༽སྣར་ཐང་ལོ་ཙཱ་བའི་མཚན་ཊཱྀཀ
༤༽འགྲེལ་པ་ཞིབ་མོ་རྣམ་འཐག
༥༽མཁས་པའི་དགའ་སྟོན།
༦༽འགྲེལ་པ་བློ་གསལ་མགུལ་རྒྱན།
༧༽ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ་༼༡༽འོལ་ཕྲུག་ཀརྨ་རབ་རྒྱས།
སོགས་སུ་སྤྱན་
༼༢༽གཏིང་སྐྱེས་ཚོགས་གསོག་པ་བློ་བཟང་ཆོས་གྲགས།
རས་གཟིགས་ལ་བཞེད་པ་དང་། ༼༣༽སངྒྷ་ཤྲཱི།
༨༽འགྲེལ་པ་རིན་པོ་ཆེའི་ཟ་༼༤༽པཎ་ཆེན་བྱམས་གླིང་བསོད་ནམས་རྣམ་རྒྱལ།༽མ་ཏོག་ཏུ།
༼༥༽ཟུར་མཁར་བློ་གྲོས་རྒྱལ་པོ། ༼༦༽རབ་འབྱམས་སྨྲ་བ་ཆོས་རྒྱལ།
གང་གིས་མིང་༼༧༽སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེ།
གཞིའི་ཡི་གེའི་རྩ་བ། ཀ་ཙ་ཊ་ཏ་པ་ཡ་ཤ་ཧ་རྣམས་སྔོན་གསུངས་པར་བཞེད་པ་གསལ་བྱེད་རྣམས་ཀྱི་ལྷ་རྟག་ཞི་བ་ལའང་སྐབས་འདིར་ཕྱག་འཚལ་༼༨༽ཡར་འབྲོག་པ་རིན་ཆེན་ཏོགལོ་ཞེས་བྱ་བའོ།
།
དེའང་བཅོམ་ལྡན་འདས་ཀྱིས་ནང་པ་དང་ཕྱི་རོལ་པའི་རྣལ་འབྱོར་པ་ལ་རྗེས་སུ་བཟུང་བའི་ཕྱིར་དང་།
རྒྱུད་འགའ་ཞིག་གིས་ལྷའི་སྙིང་པོའི་ཡི་གེའི་མཁན་པོ་ནི་འདི་དག་ཡིན་ནོ། །ཞེས་གསུངས་པས་དོན་ཆེན་པོར་འགྱུར་བར་དགོངས་ཏེ་ལྷའི་མཆོག་འདི་དག་གསུངས་པར་ངེས་ཤིང་།
དེའི་རྗེས་སུ་བདག་ཅག་རྣམས་རྗེས་སུ་འཛིན་པའི་མཁན་པོ་མཁས་པ་འདིས་འབྲངས་ཏེ་མཆོད་པར་བརྗོད་པར་མཛད་པ་ནི།
དཔེར་ན་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་འདུལ་བའི་དུས་ལ་བབ་པའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྔགས་པ་ཆེན་པོ་མཛད་ཅིང་།
དེ་ཉིད་མངགས་ནས་བཏུལ་བ་ལྟར་ཡིན་ལ། ཞེས་ཕྱི་རོལ་པའི་ལྷ་རྟག་ཞི་བ་ཞེས་པ་ཞིག་ལ་བཞེད། འགྲེལ་པ་གསལ་བྱེད་སྒྲོན་མེར་༼དཔའ་བོ་གཙུག་ལག་ཕྲེང་བ།༽གང་གིས་སོགས་མཆོག་བརྗོད་གཉིས་པས་སངས་རྒྱས་ལ་དབྱངས་གསུངས་པའི་སྒོ་ནས་དང་།
གསུམ་པས་དབྱངས་གསལ་རྒྱས་པར་གསུངས་པའི་སྒོ་ནས་ཁྱད་པར་དུ་བསྟོད་པར་བཞེད་པ་དང་། རྗེ་ཞ་ལུ་པའི་ཊཱིཀྐར།
རྟག་ཞི་བ་ཞེས་པ་ཙམ་ལས་ཕྱི་ནང་གི་ལྷར་ཡང་ཞལ་མཚོན་མ་བཅད་ལ། གཞན་དྲག་པོ་དབང་ཕྱུག་སོགས་ལ་བཞེད་པ་ཡོད་པར་གྲགས་ཀྱང་།
སྔ་མ་ནི་མི་འཐད་དེ། སྤྱིར་སངས་རྒྱས་ལ་དེ་ལྟར་བཤད་དུ་ཡོད་ཀྱང་འདིར་དེ་ཉིད་ལ་མི་འཇུག་སྟེ།
སངས་རྒྱས་ནི་དཀོན་ཅོག་གསུམ་གྱི་བསྟོད་ཕྱག་ཐོག་མར་སྨོས་པའི་གཙོ་བོ་ཡིན་པའི་ཕྱིར་ན་འདིར་ཟུར་དུ་སྨོས་པ་ལ་དགོས་པ་མེད་པ་དང་།
འཇམ་པའི་དབྱངས་ལྟ་བུ་སྒྲ་དབྱངས་གསུང་པ་པོའི་རྒྱུ་མཚན་གྱིས་བྱེ་བྲག་ཏུ་སྨོས་སྲིད་ནའང་སྔ་ཕྱི་གོ་རིམ་ལོག་པའི་སྐྱོན་དུ་འགྱུར་བས་སོ།
།དབང་ཕྱུག་དང་དྲག་པོ་སོགས་སྐབས་འདིར་མཆོད་ཡུལ་དུ་བྱེད་པ་ལ་དགོས་པ་མ་མཆིས་ཤིང་། སྒྲའི་ལྷ་རྟག་ཏུ་ཞི་བ་ཚངས་པར་ངོས་འཛིན་པ་དང་།
དེ་ཉིད་ཀྱང་སྐབས་འདིར་ཕྱི་རོལ་རིག་བྱེད་པ་རྣམས་འཇུག་པའི་ཕྱིར་བསྟོད་ཕྱག་མཛད་པའི་ཚུལ་ལ་འཐད་པའི་ཕྱོགས་ཙམ་སྣང་ཡང་།
ཡི་གེའི་བསྡུ་བ་མཛད་པ་ཙམ་གྱིས་དེ་ཁོ་ནར་ངེས་སོ་སྙམ་ན་མི་འཐད་དེ། དེ་ལྟ་ན་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་གེའི་བསྡུ་བ་མཛད་པ་དང་།
བྲམ་ཟེ་པཱ་ཎི་ལ་ཞལ་མངོན་སུམ་དུ་བསྟན་ཏེ་སྒྲ་རིག་པ་རྒྱས་པར་གསུངས་པ་སོགས་ལོ་རྒྱུས་མང་ལ།
སྐབས་འདིར་རྗེ་བཙུན་འཇམ་པའི་དབྱངས་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་གཉིས་ལ་བསྟོད་ཕྱག་མཛད་པ་རང་སྡེ་ནང་པ་རྣམས་ཀྱི་ངོར་འགྲེལ་པ་སྐབས་སུ་བབ་ཅིང་།
གཞན་སྡེ་རྣམས་རྗེས་སུ་འཛིན་པའི་ཆེད་དུ་རྟག་ཞི་བ་ཞེས་ཚངས་པ་དང་། ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་ལ་སོ་སོའི་འདོད་པ་བཞིན་བསྟོད་ཕྱག་མཛད་པར་འགྲེལ་རིགས་པ།
མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ་ལས། སྔོན་གྱི་བྱུང་བ་དེ་བཞིན་གཤེགས་པ་ལྷག་མཐོང་གི་དྲུང་དུ།
བདག་གི་སྟོན་པ་སྤོས་ཀྱི་བཞིན་ཞེས་བྱ་བའི་ཚོང་བའི་བུར་གྱུར་ཚེ་གསན་པའི་ཚུལ་གསུངས་པ།
མིག་ལས་ནི་ཉི་མ་དང་ཟླ་བ་བྱུང་། དཔྲལ་བ་ལས་ནི་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ནི་ཚངས་པ། སྙིང་ལས་ནི་མཐུ་བོ་ཆེ།
མཆེ་བ་གཉིས་ལས་ནི་ལྷ་མོ། ཁ་ནས་ནི་རླུང་རྣམས་བྱུང་། རྐང་པ་ལས་ནི་ས། ལྟོ་བ་ལས་ནི་ཆུའི་ལྷ་བྱུང་སྟེ།
གང་གི་ཚེ་སྤྱན་རས་གཟིགས་ཀྱི་དབང་པོའི་ལུས་ལས་ལྷ་དེ་དག་བྱུང་བ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་འདི་སྐས་ཅེས་གསུངས་ཏེ།
དབང་ཕྱུག་ཆེན་པོ་ཁྱོད་དུས་ངན་པའི་ཚེ་སེམས་ཅན་གྱི་ཁམས་མ་རུངས་པ་དག་བྱུང་བ་ན་ཁྱོད་ཐོག་མར་བྱེད་པ་པོ།
གཏོང་བ་པོའི་ལྷར་གྲགས་པར་འགྱུར་རོ། །སེམས་ཅན་དེ་དག་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤངས་བར་འགྱུར་རོ།
།སོ་སོ་སྐྱེ་བོའི་ནང་དུ་གཏམ་བྱེད་པར་འགྱུར་ཏེ། ནམ་མཁའ་ནི་དེའི་རྟགས་སོ། །ས་ནི་དེའི་ཁྲིའོ།
སེམས་ཅན་ཐམས་ཅད་ཀྱི་ནི་གནས་སོ། །ཞུ་བར་གྱུར་པས་ན་རྟགས་སོ་ཞེས་ཟེར་བར་འགྱུར་རོ། །ཞེས་རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པ་ལྷག་མཐོང་ལས་དེ་སྐད་ཐོས་སོ།
།ཞེས་དང་། སེམས་ཅན་མང་པོ་འཁོར་བ་ན་འཁོར་བའི་སེམས་ཅན་དེ་དག་ཡོངས་སུ་སྨིན་པར་བྱེད་པ་དང་།
བྱང་ཆུབ་ཀྱི་ལམ་ཡོངས་སུ་སྟོན་པར་བྱེད་ཅིང་གང་དང་གང་གི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་དུལ་བར་འགྱུར་བ་དེ་དང་དེའི་གཟུགས་ཀྱིས་ཆོས་འཆད་དེ།
དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཆོས་འཆད།
དེ་བཞིན་དུ་སྦྱར་ཏེ། རང་སངས་རྒྱས་ཀྱིས། དགྲ་བཅོམ་པས། བྱང་ཆུབ་སེམས་དཔས། དབང་ཕྱུག་ཆེན་པོས།
མཐུ་བོ་ཆེས། ཚངས་པས། དབང་པོས། ཉི་མས། ཟླ་བས། མེ་ལྷས། ཆུའི་གཟུགས་ཀྱིས། རླུང་གི་ལྷའི་གཟུགས་ཀྱིས།
ཀླུས། བགེགས་མེད་པའི་བདག་པོས། གནོད་སྦྱིན་གྱིས། ངལ་བསོས་པོའི་གཟུགས་ཀྱིས། རྒྱལ་པོའི་གཟུགས་ཀྱིས།
ཕ་དང་མས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཕ་དང་མའི་གཟུགས་ཀྱིས་ཆོས་འཆད་དེ། སེམས་ཅན་དེ་དག་ཇི་ལྟ་ཇི་ལྟར་འདུལ་བར་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ།
།ཞེས་གསུངས་པ་དང་།
གཞན་ཡང་མེ་ལོང་མའི་མཆོད་བརྗོད་དུ། གདོང་བཞི་གདོང་གི་པད་ཚལ་གྱིས། །
སོགས་རིག་བྱེད་པ་རྣམས་ཀྱི་འདོད་པ་ལྟར་ན་ཚངས་པའི་གདོང་ལས་དབྱངས་ཅན་སྤྲུལ་པའི་གཏམ་རྒྱུད་སྦྱར་ཏེ་དབྱངས་ཅན་མ་དང་།
རང་སྡེའི་ལུགས་ལ་འཇིག་རྟེན་དབང་ཕྱུག་གི་ཞལ་གྱི་མཆེ་བ་ལས་དབྱངས་ཅན་མ་སྤྲུལ་པ་དང་། ཡང་གདོང་བཞི་ནི་འགྱུར་གྱི་ཁྱད་ལས་སྒོ་བཞི་སྟེ།
དེ་དང་ལྡན་པ་སངས་རྒྱས་དང་། དེའི་གསུང་ལ་བསྟོད་ཕྱག་མཛད་པ་སོགས་ངག་གི་དབང་ཕྱུག་གི་རྗེས་སུ་འབྲངས་ཏེ།
དཔང་ལོ་ཙཱ་བ་ཆེན་པོས་འགྲེལ་པར་མཛད་པ་བཞིན་ནོ། །
བཞི་པ་༼༽ནི།
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །
བླ་མ་ལ་ཡང་ཕྱག་འཚལ་ནས། །༢། །
ཞེས་པ་འཕགས་པའི་ཡུལ་དུ་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་ལ་སོགས་པ་ཐ་སྙད་རིག་པའི་གཞུང་ལུགས་རྣམས་ལེགས་པར་མཛད་པ་པོ་སློབ་དཔོན་དཔའ་བོ་དང་།
ཙནྡྲ་གོ་མཱི་དང་། རིན་ཅེན་འབྱུང་གནས་ཞི་བ་སོགས་ཏེ་རྣམས་ནི་མང་ཚིག་དང་། སློབ་དཔོན་ཉིད་རང་ལ་བཀའ་དྲིན་ཆེ་བའི་བླ་མ་ལྷ་རིག་པའི་སེང་གེ་དང་།
ཡིག་མཁན་ལེགས་བྱིན་ཀ་ར་སོགས་ལའང་ཕྱག་འཚལ་བར་མཛད་པ་ཡིན་ཅིང་། ཡང་གི་སྒྲ་ནི་དོན་གསུམ་ཙམ་ལ་འཇུག་པ་ལས་འདིར་སྡུད་པ་དང་།
ནས་ཞེས་པ་བསྟན་བཅོས་འདི་ཉིད་ལ་དངོས་བསྟན་དོན་གསུམ་ལ་འཇུག་པ་ཙམ་ལས་མ་བཤད་ཀྱང་། ཤུགས་བསྟན་སྨྲ་སྒོ་ལས།
མཚམས་སྦྱོར་གྱི་དོན་ལ་འཇུག་པར་བཤད་པས། འདིར་ཡང་མཚམས་སྦྱོར་བའི་དོན་ལ་འཇུག་སྟེ། དེ་ལྟར་བསྟོད་ཕྱག་སྔོན་དུ་སོང་ནས་ལས་སུ་བྱ་བ་ཇི་ལྟ་བུ་ཞིག་བྱེད་ན་ཞེས་འབྲེལ་བཙལ་བའོ།
།
གཉིས་པ་བརྩམ་པར་དམ་བཅའ་བ་ནི།
བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
ཡི་གེའི་སྦྱོར་བ་བཤད་པར་བྱ། །༣། །
ཞེས་པ་ལྷག་པ་ཚུལ་ཁྲིམས།
ལྷག་པ་ཤེས་རབ། ལྷག་པ་ཏིང་ངེ་འཛིན་ཏེ་རྒྱུའི་སྒོ་ནས་བཏགས་པའི་བསླབ་པ་གསུམ་མམ། འབྲས་བུའི་སྒོ་ནས་ཉན་ཐོས་དང་།
རང་རྒྱལ་དང་སངས་རྒྱས་ཀྱི་བསླབ་པ་ཀུན་གྱི་གཞི་འཛིན་པར་བྱེད་ཅིང་། ངེས་བརྗོད་དང་། མཆོད་སྦྱིན་དང་།
སྲིད་སྲུང་དང་། སྙན་ངག་སྟེ་རིག་བྱེད་སྨྲ་བ་རྣམས་ཀྱིའང་རྒྱུ་ཡིན་ལ་མདོར་ན་མིང་དང་ཚིག་ཏུ་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེ་ཡིན་པས།
དེའི་སྦྱོར་བ་རྣམས་འདིར་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པའི་རྒྱུ་མཚན་གྱིས་བཤད་པར་བྱའོ།
།ཞེས་དམ་བཅའ་བའོ། །
གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་ལ་གཉིས་ཏེ། ཡི་གེའི་རྣམ་བཞག་རྒྱས་པར་བཤད་པ་དང་།
མིང་དང་ཚིག་གི་འཇུག་པ་བསྟན་པའོ། །
དང་པོ་༼ཡི་གེའི་རྣམ་བཞག་རྒྱས་པར་བཤད་པ་༽ལ་གསུམ། བོད་ཡིག་སུམ་ཅུ་སོ་བཞི་བཤད་པ། རྗེས་འཇུག་སྔོན་འཇུག་མི་འཇུག་པའི་ཡི་གེ་བསྟན་པ།
དེ་ཉིད་ཤིན་ཏུ་རྒྱས་པར་བཤད་པའོ། །
དེའི་དང་པོ་༼བོད་ཡིག་སུམ་ཅུ་སོ་བཞི་བཤད་པ་༽ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་༼མདོར་བསྟན་༽ནི།
ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །
ཞེས་པ་སྟེ་བོད་ཀྱི་སྐད་ཁོ་ནའི་དབང་དུ་བྱས་པའི་ཡི་གེ་ལའང་ཨཱ་ལི་ཞེས་པ་ཨ་ཕྲེང་སྟེ་དབྱངས་དང་།
ཀཱ་ལི་ཞེས་པ་ཀ་ཕྲེང་སྟེ་གསལ་བྱེད་ཀྱི་ཡི་གེ་གཉིས་སུ་ཡོད་དོ་ཞེས་པའོ། །
གཉིས་པ་༼རྒྱས་བཤད་༽ནི།
ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །
ཀཱ་ལི་སུམ་ཅུ་ཐམ་པའོ། །
ཞེས་པ་སྟེ་ཨཱ་ལི་ཤེས་རབ་ཀྱི་ཆ་ལ་དོན་གསལ་བར་བྱེད་པ་ཨི་ཞེས་པ་གུ་གུའི་རྣམ་པ་ཅན་དང་།
ཨུ་ཞེས་པ་ཞབས་ཀྱུ་དང་། ཨེ་ཞེས་པ་འགྲེང་བུ་དང་། ཨོ་ཞེས་པ་སྣ་རུ་ཅན་གྱི་རྣམ་པར་གྲགས་པ་འདི་བཞིར་ངེས་ལ།
ཀཱ་ལི་ཕྲེང་བ་ཀ་ནས་ཨའི་བར་གྱི་སུམ་ཅུར་ངེས་པར་མཛད་པ་སྟེ་ཡི་གེའི་བསྡུ་བ་དབྱངས་ཀྱི་ཁྲོད་ནས་འདོར་བ་དང་།
གསལ་བྱེད་གསར་དུ་དྲུག་དང་། དབྱངས་དང་པོ་བསྣན། བོད་ཀྱི་བརྡར་མ་གྲགས་པའི་འཐུག་པོའི་ཡི་གེ་དང་།
ལོག་པའི་ཡི་གེ་སོགས་འདོར་བར་མཛད་པ་ཡིན་ཅིང་། འདིའི་སྐབས་ཀྱི་གསལ་བྱེད་ཅེས་པ་ལ་ཊཱིཀ་མཛད་སྔ་མ་རྣམས་བཞེད་ཚུལ་མང་དུ་འདུག་ཀྱང་དོན་ལ་གནས་པ་ནི་ལེགས་པར་སྦྱར་བའི་སྐད་ལ་ཨཀྵར་སྟེ་མི་འགྱུར་བ་དང་།
ཝརྞ་ཞེས་པ་མིང་ཚིག་གསལ་བ་དང་། བྱཉྫན་ཞེས་པ་རྗོད་བྱེད་དེ་གསུམ་ག་ཡི་གེའི་མིང་གི་རྣམ་གྲངས་སུ་བཤད་པས་འདི་ཡང་ཨཱ་ལི་ཡི་གེ་དེ་ལ་ཞེས་པའི་དོན་ཡིན་གྱིས།
དབྱངས་དང་གསལ་བྱེད་ཀྱི་བཟླས་ཕྱེ་བའི་གསལ་བྱེད་ནི་སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡིན་པས་སྤྱིར་བཏང་དམིགས་གསལ་གྱི་སྐབས་ཕྱེད་པར་བྱའོ།
།
གཉིས་པ་༼རྗེས་འཇུག་སྔོན་འཇུག་མི་འཇུག་པའི་ཡི་གེ་བསྟན་པ༽ནི།
དེ་ལས་རྗེས་འཇུག་བཅུ་ཡིན་ཏེ། །༡། །
དེ་ལས་ལྔ་ནི་སྔོན་དུའང་འཇུག།
མི་འཇུག་པ་ནི་ཉི་ཤུ་འོ། །
ཞེས་གསུངས་པས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་དེ་ལས་ག་ལ་སོགས་ནི་རྗེས་འཇུག་གི་ཡི་གེ་བཅུ་ཡིན་ཏེ།
བཅུ་པོ་དེ་ལས་ཀྱང་སྔོན་འཇུག་གི་ཡི་གེ་ག་ད་སོགས་ལྔ་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་པ་དང་།
དེ་དག་གི་ལྷག་མ་སྔོན་རྗེས་གང་དུའང་མི་འཇུག་པ་ཀ་ལ་སོགས་པ་ཉི་ཤུ་པོ་ནི་མིང་གཞིའི་མིང་ཅན་ནོ།
།
གསུམ་པ་དེ་ཉིད་ཤིན་ཏུ་རྒྱས་པར་བཤད་པ་ལ་གསུམ། སྡེ་ཚན་ཕྱེ་ནས་རྗེས་འཇུག་དབྱུང་བ།
དེ་ཉིད་ཀྱི་ནང་ནས་སྔོན་འཇུག་བསྟན་པ། མི་འཇུག་པའི་ཡི་གེ་ཉི་ཤུ་བཤད་པའོ། །
དང་པོ་༼སྡེ་ཚན་ཕྱེ་ནས་རྗེས་འཇུག་དབྱུང་བ་༽ནི།
ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །
བཞི་བཞི་དག་ཏུ་ཕྱེ་བ་ལ། །༢། །
དང་པོ་གསུམ་པ་བཞི་པ་ཡི། །
མས་གཉིས་དྲུག་པའི་གསུམ་པ་དང་། །
བདུན་པ་ལ་ནི་ཤ་མ་གཏོགས། །
རྗེས་འཇུག་ཡི་གེ་བཅུ་རུ་འདོད། །༣། །
ཅེས་གསུངས་པ་ལྟར་ཀཱ་ལིའི་གསལ་བྱེད་ཀྱི་འཕྲེང་བ་སུམ་ཅུ་པོ་ལ་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་གནས་ཤིང་།
།དེའང་བཞི་ཚན་བཞི་ཚན་དག་ཏུ་ཕྱེ་བ་ལ། སྡེ་པ་དང་པོ་ཀ་ཁ་ག་ང་། གཉིས་པ་ཅ་ཆ་ཇ་ཉ། གསུམ་པ་ཏ་ཐ་ད་ན།
བཞི་པ་པ་ཕ་བ་མ། ལྔ་པ་ཙ་ཚ་ཛ་ཝ། དྲུག་པ་ཞ་ཟ་འ་ཡ། བདུན་པ་ར་ལ་ཤ་ས་རྣམས་རངས་པོ་དང་། བརྒྱད་པ་ཧ་ཨ་གཉིས་ལ་ཕྱེད་པའི་ཐ་སྙད་མཛད་པའི་སྡེ་པ་དང་པོ།
གསུམ་པ་བཞི་པ་རྣམས་ཀྱི་མས་གཉིས་ཏེ། ག་ང་། ད་ན། བ་མ་རྣམས་དང་། དྲུག་པའི་གསུམ་པ་འ་ཡིག་དང་།
བདུན་པ་ལ་ནི་ཤ་མ་གཏོགས་པ་སྟེ་ར་ལ་ས་རྣམས་རྗེས་འཇུག་གི་ཡི་གེ་ཡིན་ལ། དེའང་གྲངས་བཅུར་ངེས་དགོས་པར་འདོད་དོ།
།
གཉིས་པ་༼དེ་ཉིད་ཀྱི་ནང་ནས་སྔོན་འཇུག་བསྟན་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལས། །
དང་པོ་གསུམ་པ་ལྔ་པ་དྲུག།
བདུན་པ་རྣམས་ནི་སྔོན་དུའང་འཇུག།
ཅེས་གསུངས་པ་བཞིན།
གོང་དུ་སྨོས་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ཉིད་ལས། དང་པོ་གགསུམ་པ་ད། ལྔ་པ་བ། དྲུག་པ་མ།
བདུན་པ་འ་སྟེ་ལྔ་པོ་འདི་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་ཅེས་པ་སྟེ། འདི་དང་གོང་གི་འང་ཞེས་པ་ནི་དོན་གསུམ་ལ་འཇུག་པའི་ནང་ནས་སྡུག་པའི་དོན་ཅན་ནོ།
།
གསུམ་པ་༼མི་འཇུག་པའི་ཡི་གེ་ཉི་ཤུ་བཤད་པ་༽ནི།
མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །༤། །
དེ་ལ་དབྱངས་ཀྱི་བཞིར་ལྡན་ཡང་། །
གང་དུའང་འཇུག་མིན་སྦྱར་བའང་མིན། །
ཞེས་པས་གོང་དུ་སྨོས་པའི་གསལ་བྱེད་སུམ་ཅུ་ལས།
རྗེས་འཇུག་བཅུ་བོར་བའི་ལྷག་མ་ཀ་ཁཅ་ཆ་ཇ་ཉ་ཏ་ཐ་པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཉི་ཤུ་པོ་ནི་སྔོན་རྗེས་གང་དུའང་མི་འཇུག་པས་མིང་གཞི་སྟེ།
འདི་དག་ཚེག་བར་གཅིག་ཏུ་གཉིས་སམ་གསུམ་སྦྲེལ་བའམ། དེ་ལྟ་བུ་ལ་དབྱངས་ཀྱི་ཡི་གེ་ཨི་སོགས་བཞི་པོ་གང་རུང་དང་ལྡན་པ་བྱུང་ནའང་ཐུ་མི་བདག་གིས་བརྡ་སྦྱར་བའི་བོད་སྐད་ཀྱི་གསུང་རབ་དང་།
ཐ་སྙད་གང་དུའང་འཇུག་པ་མིན་ཅིང་བརྡ་སྦྱར་བའང་ཡོད་པ་མིན་ཏེ་དཔེར་ན། ཁཆིཉ། པཙུཝ། ཕཞེཤ།
ཀཏོཐ། ཇཅཚ། ཧཨ་ལྟ་བུའོ། འདིར་རྗེ་ཞ་ལུ་པས་མཁས་པའི་དབང་པོ་དབུས་པ་བློ་གསལ་གྱིས་བཤད་པ་ལས།
ཁ་ཆུ་ཆེ། ཕུ་ཆུ་ཆེ། ཁོ་ཚ་ཁ་ཆེ། ཞེས་སོགས་མཁན་པོ་འདིའི་གཞུང་དང་མི་མཐུན་པ་སྣང་བས་དཔྱད་པར་བྱ་ཞེས་གསུངས་ཀྱང་།
འདིར་འགྲེལ་པའི་དོན་ཚེག་བར་གཅིག་པ་ལ་དགོངས་པ་དང་། མིང་གང་ཡང་རུང་བ་ལ་རྗེས་འཇུག་བཅུ་པོ་གང་རུང་ཞུགས་པར་བཞེད་པ་འོག་ནས་འབྱུང་བ་ཉིད་ཀྱིས་བརྟག་མི་དགོས་པར་གྲུབ་པ་ཉིད་དོ།
།ཞེས་དགག་པ་མཛད་པ་ལྟར་འཐད་ལ། འགྲེལ་པ་བསྟན་པའི་སྒྲོན་མེ། སྣར་ཐང་པའི་མཆན་ཊཱིཀ། མཁས་པའི་ཡིད་འཕྲོགགསལ་བའི་སྒྲོན་མེ་སོགས་སུ་ཉིས་སྤྲེལ་སྙི་སྙུ་སྙེ་སྙོ་སོགས་དང་།
སུམ་སྦྲེལ་སྒྲི་སྒྲུ་སྒྲེ་སྒྲོ་སོགས་སུ་བཞེད་ཀྱང་མི་འཐད་དེ། གོང་དུ་རྗེས་ཞ་ལུ་པས་གསུངས་པ་བཞིན་ཉིས་སྦྲེལ་སོགས་ཀྱི་དོན་ཚེག་བར་དུ་ཡིན་གྱི།
སྟེང་འོག་ཏུ་བརྩེགས་པ་མ་ཡིན་པ་དང་། འདི་དག་ནི་མིང་དུ་གྲུབ་པ་རྗེས་འཇུག་ཡི་གེ་བདུན་པའི་མཐའ་ཅན་ཡིན་པའི་ཕྱིར་རོ།
།
གཉིས་པ་མིང་ཚིག་གི་འཇུག་པ་བཤད་པ་ལ་གཉིས། རྣམ་དབྱེའི་དོན་གཙོ་བོར་བཤད་པ་དང་། དགར་བརྣན་འབྱེད་སྡུད་བཤད་པའོ།
།དང་པོ་༼རྣམ་དབྱེའི་དོན་གཙོ་བོར་བཤད་པ༽ལ་ལྔ། རྣམ་དབྱེ་དང་པོ་དང་འབྲེལ་བ་སླར་བསྡུ་བཤད་པ།
རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལ་སྒྲ་བཤད་པ། རྣམ་དབྱེ་དྲུག་པ་བཤད་པ། རྣམ་དབྱེ་གསུམ་པ་དང་རྒྱན་སྡུད་སོགས་བཤད་པ།
རྣམ་དབྱེ་ལྔ་པ་དང་འབྲེལ་བ་བཤད་པའོ། །
དང་པོ་༼རྣམ་དབྱེ་དང་པོ་དང་འབྲེལ་བ་སླར་བསྡུ་བཤད་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །
མིང་གང་གི་ནི་མཐར་སྦྱར་བ། །༥། །
དེ་ལ་ཨཱ་ལི་བཞི་པ་སྦྱར། །
སླར་བསྡུ་བར་ནི་ཤེས་པར་བྱ། །
ཞེས་པ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ནི་མིང་གང་ཡང་རུང་བ་དག་གི་མཐར་སྦྱར་བ་དེ་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྦྱར་བ་དེ་ནི་དོན་དེ་རེ་ཞིག་འཆད་མི་དགོས་པར་རྫོགས་པར་སྟོན་པ་སྟེ་ཐ་སྙད་དུ་སླར་བསྡུ་བ་ཞེས་བྱ་བར་ཤེས་པར་བྱའོ།
།དཔེར་ན། རྟག་གོ། མཐོང་ངོ་། །ཡོད་དོ། །ཡིན་ནོ། །རྒྱས་བཏབ་བོ། །མཉམ་མོ། །དགའ་འོ། །འགྱུར་རོ།
།གསལ་ལོ། །སངས་རྒྱས་སོ། །ཞེས་དང་། ད་དྲག་གི་དབང་གིས། དེར་ཕྱིན་ཏོ། །གྱུར་ཏོ། བཀའ་སྩལ་ཏོ།
།ཞེས་པ་ལྟ་བུ་རྣམས་འདས་ཚིག་ཡིན་པས་ད་དྲག་ཐོབ་ལ། དེས་ཕོ་ཡིག་དྲངས་པས་ཏོ་སྦྱར་བ་སྟེ་འདི་དག་ནི་སླར་བསྡུ་རྫོགས་ཚིག་ཅན་དངོས་ཡིན་ལ་རྟག་གོ།
འབྱུང་ངོ་། །འདོད་དོ། །སྟན་ནོ། །འདོན་ནོ། །བསྒྲུབ་བོ། །བསམ་མོ། །བྱའོ། །འཕྱར་རོ། །སེལ་ལོ།
།ཞེས་པ་ལྟ་བུ་སླར་བསྡུ་ཙམ་པོ་པ་ཡིན་ནོ། །འདི་དག་རྣམ་དབྱེ་དང་པོའི་དོན་ཡིན་པའི་རྒྱུ་མཚན་ནི།
དཔང་ལོས། དེ་ལ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། ཤིང་། མེ། བུམ་པ་ཞེས་པ་ལྟ་བུ་སཾསྐྲྀཏའི་སྐད་ཕལ་ཆེ་བ་ལ་རྐྱེན་གྱི་རྗེས་ཡོད་པས་འདི་དང་པོའི་གཅིག་ཚིག་སྦྱར་བའོ་ཞེས་བཤད་མོད་ཀྱང་།
བོད་སྐད་ལ། དང་པོའི་གཅིག་ཚིག་ལ་དེ་མེད་པས་དེ་དང་མིང་ལ་ཁྱད་མེད་དོ། །ཞེས་གསུངས་པས་ན་རྣམ་དབྱེ་དང་པོའི་གཅིག་ཚིག་བརྗོད་པ་དང་།
མིང་ཕལ་ཆེ་བ་བོད་སྐད་ལ་ཁྱད་པར་མེད་མོད་ཀྱང་། སླར་བསྡུ་འདི་དག་དང་འབྲེལ་བ་ནི་རྣམ་དབྱེ་དང་པོའི་དོན་དུ་ཤིན་ཏུ་གསལ་བའི་ཕྱིར་རོ།
།གཞན་ཡང་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ནས། འོ་ལ་སོགས་པ་ཟླ་བསྡུད་པའོ། །ཞེས་གསུངས་པས་སླར་བསྡུ་རྫོགས་ཚིག་ཅན་ནམ།
ཟླ་སྡུད་དམ། ཙམ་པོ་པ་ལ་བྱའོ་སྙམ་ན་བྱེད་དོ། །ཞེས་པ་སོགས་སླར་བསྡུའི་ཚིག་མིན་པའང་ཡོད་དེ།
རྗེས་འཇུག་ཨོ་ལྡན་གྱི་རྒྱུ་མཚན་གྱི་འདིའི་ཁོངས་སུ་བསྡུས་པ་ཡིན་ཅིང་། ཁ་ཅིག་གཞུང་ལས།
སླར་བསྡུ་ཞེས་པ་ལས་རྫོགས་ཚིག་ཅེས་པའི་དངོས་བསྟན་གྱི་ཚིག་མི་འབྱུང་བས་སླར་བསྡུ་ལ་རྫོགས་ཚིག་ཟེར་བའི་རྒྱུ་མཚན་མི་འཐད་གསུངས་ཀྱང་།
རྟགས་འཇུག་ལས། ཚིག་དོན་རྫོགས་དང་མ་རྫོགས་ཀྱི། །ཞེས་གསལ་བར་བཤད་ཅིང་། མཁས་པ་འགའ་ཞིག་སླར་བསྡུ་དང་རྫོགས་ཚིག་གི་མུ་བཞི་བརྩི་བར་མཛད་ཀྱང་།
འགའ་ཞིག་བརྩི་བར་མི་མཛད་པས་ཕྱི་མ་འཐད་པར་མངོན། །སྡོམ་ནི། རྫོགས་ཚིག་སྐབས་སུ་རྗེས་འཇུག་བཅུར།
།རང་འདྲར་སྣ་རུ་སྦྱར་བ་དང་། །ད་དྲག་ཅན་མཐར་ཏ་དང་སྦྱར། །སྐབས་འགར་བ་ཡིག་རྗེས་སུ་པ།
།ཞེས་སོ། །
གཉིས་པ་༼རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལ་སྒྲ་བཤད་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལས། །
གང་མིང་མཐའ་ན་བཅུ་པ་གནས། །༦། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
གང་མིང་མཐའ་ན་བརྒྱད་པ་གནས། །
དེ་ལ་གཉིས་པ་ཨུ་ཡང་སྦྱར། །
གང་མིང་མཐའ་ན་གསུམ་པ་གནས། །༧། །
དེ་ལ་ཨཱ་ལི་གཉིས་པ་སྦྱར། །
བཞི་པ་དགུ་པ་དངོས་ཀྱང་སྟེ། །
ལས་དང་ཆེད་དང་རྟེན་གནས་དང་། །
དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །༨། །
ཞེས་གསུངས་པ་རྗེས་འཇུག་གི་ཡི་གེ་བཅུ་པོ་རྣམས་ལས། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གི་བཅུ་པ་ས་ཡིག་གནས་ན།
ལ་དོན་གྱི་སྒྲ་སྟོན་པའི་ཚེ། དེ་ལ་ཨཱ་ལི་གཉིས་པ་ཨུ་སྦྱར་བ་སུ་དང་། གང་ཡང་རུང་བའི་མིང་གི་མཐའ་ན་བརྒྱད་པ་ར་ཡིག་གནས་པ་ན།
དེ་ལ་སྔོན་འཇུག་གི་ཡི་གེ་གཉིས་པར་གྱུར་པ་ད་ཡིག་ལ་ཨུ་སྦྱར་བ་དུ་དང་། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་གསུམ་པ་ད་གནས་པ་ན་ཨཱ་ལི་གཉིས་པ་ཨུ་སྦྱར་བ་དུ་དང་།
རྗེས་འཇུག་བཞི་པ་ན་དང་། དགུ་པ་ལ་དངོས་ཏེ་ཨཱ་ལི་བཞི་པོ་གང་ཡང་མ་སྦྱར་བའི་རྐྱང་པ་རྣམས་དངོས་བསྟན་དང་ཤུགས་བསྟན་མིང་མཐའི་སྟོབས་ཀྱིས་རྗེས་འཇུག་དངོས་སུ་མེད་པའམ།
འ་མཐར་ད་དྲག་ཅན་དང་ག་དང་བའི་མཐར་ཏུ་བཅས་དྲུག་པོ་དེ་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་།
བཞི་པ་དགོས་ཆེད་དང་། བདུན་པ་བརྟེན་གནས་ཀྱི་སྒྲ་དང་། དེ་ཉིད་ཅེས་པ་ངོས་བཟུང་གི་དོན་དང་།
ཚེ་སྐབས་ཞེས་པ་དུས་རྣམས་སྟོན་ན་བརྒྱད་པར་ལའི་སྒྲ་དང་དོན་མཐུན་ནོ། །ཞེས་པ་ཡིན་ལ། དེའང་རྗེས་འཇུག་ཡི་གེ་བཅུ་པོ་ལས་ཞེས་པ་ནི་ཐོག་མའི་གསལ་བྱེད།
ལས་ཀྱི་སྒྲ་ནི་འབྱུང་ཁུངས། གང་ཞེས་པ་སྤྱི་སྒྲ། ན་ཞེས་པ་བདུན་པ་བརྟེན་གཞིའི་སྒྲ་རྣམས་ཡིན་ལ།
འདིར་འགྲེལ་བྱེད་སྔ་མ་ཕལ་ཆེ་བས།
གང་མིང་མཐའ་ན་བརྒྱད་པ་གནས། །
དེ་ལ་གཉིས་པ་ཨུ་ཡང་སྦྱར། །
ཞེས་པ། རའི་མཐར་རུ་འབྱུང་བའི་དཔེར་བརྗོད་མཛད་མོད་ཀྱང་གཉིས་པར་ཞེས་པ་ར་ཡིག་བརྟེན་གཞིའི་སྒྲ་ཡི་གེ་པས་ཉམས་པ་ན།
།དོན་དུའང་ར་ཡིག་གི་མཐར་རུ་སྦྱར་བ་གང་དུའང་མི་འབྱུང་བས་རའི་མཐར་དུ་སྦྱར་བ་འཐད་པ་འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོགམཁས་པའི་རྒྱན།
མཁས་པའི་ཡིད་འཕྲོག་རྣམས་སུ་བཞེད་པ་ལེགས་བཤད་དུ་མཐོང་བས་འདིར་ཡང་དེའི་རྗེས་སུ་འབྲངས་ཤིང་།
རྗེ་ཞ་ལུ་པའི་ཊཱིཀྐར་ར་མཐར་རུ་བཞེད་པ་ལྟ་བུར་འདུག་ཀྱང་། ལེགས་བཤད་རིན་པོ་ཆེ་ཟ་མ་ཏོག་ཏུ་ང་ད་ན་མ་ར་ལ་དུ།
ཞེས་གསུངས་པས་ཕྱི་མ་འདི་ག་བཙན་པར་མངོན། དེ་ཉིད་ཅེས་པའི་ངོས་འཛིན་འགྲེལ་པ་ཉི་མའི་འོད་ཟེར་དང་།
བསྟན་པའི་སྒྲོན་མེར་ཟུར་ཙམ་བསྟན་པ་མ་གཏོགས་གཞན་འགྲེལ་པ་སྔ་མ་ཐམས་ཅད་དུ་དེ་ཁོ་ན་ཉིད་གཅིག་པུར་ངོས་ཟིན་པ་ནི་དཔེར་བརྗོད་གུ་དོག་པའི་སྐྱོན་དང་།
སྤྱི་བྱེ་བྲག་དབྱེ་བ་མ་ཕྱེད་པར་མངོན་ཏེ། དཔེར་ན། དེ་ཁོ་ན་ཉིད་ཅེས་པའི་ན་ཡིག་དེ་ཡང་དག་པའི་དོན་ཁོ་ནའི་ངེས་བཟུང་གི་སྒྲ་ཡིན་པས།
ངེས་བཟུང་གི་དོན་དུ་སྐབས་ཐོབ་ཀྱིས་སྦྱར་རུང་གིཡང་དག་པའི་གནས་ལུགས་ཀྱི་དོན་ཁོ་ན་ལྟ་བུ་ངེས་མི་དགོས་ཏེ་དཔེར་བརྗོད་འོག་ན་འབྱུང་བ་ལྟར་དང་།
དཔེར་མཚོན་ན། དེ་ཁོ་ན་ཉིད་ཅེས་པའི་དེ་ནི་འདས་མ་ཐག་པའམ་གཞན་དང་། ཁོ་ནི་ཚིག་གྲོགས། ན་དང་ཉིད་གཉིས་ཀ་ངེས་བཟུང་གི་དོན་ཡིན་ཏེ།
།སྔ་མ་ནི་གཞུང་འདི་ཉིད་ཀྱིས་འགྲུབ་པ་གང་ཞིགཕྱི་མ་ནི་ཟླ་ཟེར་ལས་ཀྱང་། ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བའོ།
།ཞེས་གསུངས་པའི་ཕྱིར་དོན་ལ་ངེས་བཟུང་གི་དོན་ཁོ་ན་ལན་གསུམ་དུ་བསྐྱར་བ་ཡིན་ལ། དེས་མཚོན་ལྷ་རྣམས་ཀྱི་ནང་ནས་ལྷ་དེ་ཁོ་ན་ཉིད།
ཆོས་ཐམས་ཅད་ཀྱི་ནང་ནས་གནས་ལུགས་ཀྱི་དོན་དེ་ཁོ་ན་ཉིད། རི་རྣམས་ཀྱི་ནང་ནས་ལྷུན་པོ་དེ་ཁོ་ན་ཉིད།
སྣང་བྱེད་རྣམས་ཀྱི་ནང་ནས་ཉི་མ་དེ་ཁོ་ན་ཉིད། འགྲོ་བ་རྣམས་ཀྱི་ནང་ནས་མི་དེ་ཁོ་ན་ཉིད།
ཅེས་སོགས་སམ། ཡང་ན་དེ་མ་སྦྱར་བར་ལྷ་དེ་རྣམས་ཀྱི་ནང་ནས་བརྒྱ་བྱིན་ཁོ་ན་ཉིད་སོགས་དང་།
ལྷ་རྣམས་ཀྱི་ནང་ནས་ལྷ་དེ་ཉིད་སོགས་ངེས་བཟུང་གི་སྒྲ་གཉིས་བསྐྱར་བ་དང་། ལྷ་རྣམས་ཀྱི་ནང་ནས་ལྷ་དེ་ཟེར་བ་སོགས་ངེས་བཟུང་གི་སྒྲ་གཅིག་གིས་བསྟན་པ་རྣམས་ནན་ཚིག་ཡོད་མེད་ཀྱི་ཁྱད་ཙམ་མ་གཏོགས་དོན་ལ་ཁྱད་པར་ཆེར་མི་འབྱུང་བར་ཤེས་པར་བྱ་དགོས་ལ་གཟུར་གནས་བློ་གསལ་མཐའ་དག་མཉེས་པའི་མཆོད་པར་འབུལ་ན་དགྱེས་པའི་འཛུམ་ཞལ་ངོམ་པར་མཛོད་ཅིག
རྣམ་དབྱེ་གཉིས་པ་ལས་ཀྱི་སྒྲའི་དཔེར་བརྗོད་ནི། ཤར་ཕྱོགས་སུ་འགྲོ། ཞིང་གི་གཡས་སུ་འགྲོ།
རྒྱ་གར་དུ་འགྲོ། མཉན་ཡོད་དུ་འགྲོ། ཤུགས་བསྟན། མདུན་དུ་བཀུགབསམ་དུ་མེད། གསལ་དུ་བཏང་།
།ནང་དུ་བཅུགདགའ་ལྡན་ན་ཆོས་སྟོན། ནམ་མཁའ་ལ་འགྲོ། སྐྱེད་ཚལ་ལ་འགྲོ། མངོན་དགའ་རུ་འགྲོ།
ཕོར་པ་རུ་ཆུ་བཅུས། རྒྱབ་ཏུ་གོས་གྱོན། མིག་ཏུ་སྨན་བླུགཕ་རོལ་ཏུ་བསྒྲལ། དབང་བསྐུར་དུ་གསོལ།
ཞེས་སོགས་དང་། བཞི་པ་དགོས་ཆེད་ལ། ཞིང་གཡས་སུ་ཆུ་ཆུས། ཤར་ཕྱོགས་སུ་མཆོད་པ་ཕུལ། མཐོ་རིས་ཀྱི་ཆེད་དུ་མཆོད་སྦྱིན་བྱས།
འཚང་རྒྱ་བའི་ཕྱིར་ཚོགས་གསོག། ལྟས་མོའི་དོན་དུ་བརྩེས། འཚང་རྒྱ་འདོད་ན་ཆོས་གྱིས། དགའ་བ་ལ་སྤྲོ་བ་སྲིང་།
ཡོན་ཏན་ཤེས་པ་རུ་རིག་པ་སྒྲུངས། སངས་རྒྱས་བསྒྲུབ་ཏུ་ཆོས་བྱེད་སོགས་དང་། བདུན་པ་གནས་གཞི་ལ་འཇུག་པ་ནི་ཞིང་གི་གཡས་སུ་ལོ་ལེགས།
ཤར་ཕྱོགས་སུ་སངས་རྒྱས་བཞུགས། རྒྱ་གར་དུ་ཐུབ་པ་བཞུགས། སྟོད་དུ་བླ་མ་བཞུགས། སྟེང་དུ་ལྷ་བཞུགས།
མདུན་དུ་བློན་པོ་བསྡད། བྱང་དུ་དོན་ཡོད་གྲུབ་པ། ལམ་དུ་ཤིང་རྟ་ཡོད། གྲལ་དུ་དགེ་འདུན་བཞུགས།
མདུན་ན་འཁོར་ལོ་བཞགཤིང་ལ་བྱ་གནས། ནམ་མཁའ་རུ་ཉི་ཟླ། རྒྱབ་ཏུ་སློག་པ་ཡོད། ཕྲག་ཏུ་རྒྱལ་མཚན་བཀལ།
ཕ་རོལ་ཏུ་མགྲོན་པོ་ཡོད་ལྟ་བུ། དེ་ཉིད་ལ་འཇུག་པ་ནི། གཡས་སུ་ངེས། ཤར་ཕྱོགས་སུ་མཐོང་།
རྒྱ་གར་དུ་ཤེས། སྟོད་དུ་རིགནང་དུ་ཆུགའོག་མིན་དུ་ཤེས། དཔལ་དུ་འདུགདེ་ཁོ་ན་ཉིད་ཀུན་ལ་དགའ།
དེ་རུ་སྐྱིད། རྒྱབ་ཏུ་སྤྲོ། རྟག་ཏུ་དགའ། ཕ་རོལ་ཏུ་འདུག། ཅེས་དང་། ཚེ་སྐབས་ལ་འཇུག་པ་ནི།
དེའི་དུས་སུ་ཉི་མ་ཤར་བ་ལ་ཕྱོགས་སུ་ཉེ་བ། ཉི་ཕྱེད་དུ་སླེབ། ཉི་ཤར་དུ་ཉེ། དགུན་དུ་སླེབ།
ཉི་མ་ཤར་བ་ན། ཉི་ཕྱེད་ལ། བསྐལ་པའི་ཐོག་མ་རུ་སླེབས། དུས་རྟག་ཏུ་སྐྱིད་ཅེས་པ་རྣམས་དང་།
ལ་སྒྲ་ཞེས་པའི་རྒྱུ་མཚན་སྨྲ་སྒོ་ལས།
ལ་ནི་གཉིས་པ་བཞི་པ་དང་། །
བདུན་པ་སྡུད་དང་སྦྱོར་བ་དང་། །
སྨོན་དང་ཚད་འཛིན་གཞི་དང་ནི། །
ཚེ་སྐབས་དག་ཏུ་འདོད་པ་ཡིན། །
ཞེས་གསུངས་ཤིང་གཞན་ཡང་དེ་ཉིད་ལས།
དུ་ལ་སོགས་པ་ལ་དང་མཐུན། །
དེ་ཉིད་དག་ནི་ལྷག་པ་ཡིན། །
དེ་བཞིན་ལྷག་བཅས་ལ་ལའོ། །
ཞེས་གསུངས་པ་ལྟར་སྐབས་འགར་དེ་ཉིད་སྟོན་པའི་ཆེད་དུ།
ལ་སྒྲ་ལས་དུའི་སྒྲ་ཁྱབ་ཆེ་བ། ཐོག་དགུ་འཕར་དུ་ཕུགཤིང་མིག་མངས་རིས་སུ་བཏང་། དབྱིབས་གྲུ་བཞི་རུ་བརྩིགས།
དོན་དངོས་སུ་བསྟན་སོགས་དང་། སྟོད་ལ་ཆོས་ཉན་ལྟ་བུ་ལྷག་བཅས་ཀྱི་སྒྲ་ལ་ལ་ཡིག་མ་གཏོགས་གཞན་རྣམས་འཇུག་པར་མ་བཤད་དོ།
།སྡོམ་ནི།
ས་སུ་ག་བ་ད་དྲག་ཏུ། །
ང་ད་ན་མ་ར་ལ་དུ། །
འ་དང་འདོགས་ཅན་རྐྱང་པར་རུ། །
འདི་དང་ར་མཐའ་བྱ་བ་གཅིག། ཅེས་སོ། །
གསུམ་པ་༼རྣམ་དབྱེ་དྲུག་པ་བཤད་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ནི། །
ཨི་དང་མཐུན་ལུགས་འདི་ཞེས་བྱ། །
དང་པོ་གཉིས་ལ་དང་པོ་མཐུན། །
གསུམ་ལྔ་བཅུ་ལ་ཀྱ་ལ་སྦྱར། །༩། །
བདུན་པ་ཉིད་ལ་བདུན་པ་སྟེ། །
ལྷག་མ་རྣམས་ལ་གྱ་སྦྱར་བ། །
དེ་དག་ཨི་སྦྱར་འབྲེལ་བའི་ས། །
ཞེས་པ་སྒྲ་མཐའི་རྗེས་འཇུག་གི་ཡི་གེ་བཅུ་པོ་སོ་སོར།
ནི་ཞེས་པ་དགར་བའི་ཚིག་དང་། དེ་ལ་ཨཱ་ལི་དང་པོ་ཨི་དང་མཐུན་ལུགས་འདི་ཞེས་བྱ་སྟེ། རྗེས་འཇུག་ཡི་གེ་དང་པོ་ག་དང་།
གཉིས་པ་ང་གཉིས་ཡོད་པའི་ཐ་མ་ལ། རྗེས་འཇུག་དང་པོ་ག་དང་། གསུམ་པ་ད། ལྔ་པ་བ། བཅུ་པ་ས་རྣམས་ལ་ཀྱ་དང་།
བདུན་པ་འ་འི་མཐར་འ་དང་། རྐང་པ་སྐོང་ཚེ་ཡ། ལྷག་མ་ན་མ་ར་ལ་རྣམས་ཀྱི་མཐར་གྱ་སྦྱར་བ་ལ་དབྱངས་ཨི་དང་སྦྱར་བའི་ཚེ་རྣམ་དབྱེ་དྲུག་པ་འབྲེལ་བའི་སར་བཤད་པའོ།
།ཞེས་སོ། །དཔེར་བརྗོད་ནི། བདག་གི་ལྷ། གང་གི་ཕྱིར། ཁྱོད་ཀྱི་ནོར། རྒྱབ་ཀྱི་གོས། གཡས་ཀྱི་མདའ།
དེའི་ནོར། རྐང་པ་སྐོང་ཚེ། བྱང་ཆུབ་སེམས་དཔའི་མཐུ་ཡི་དཔུང་། །དོན་གྱི་ཚུལ། གཏམ་གྱི་གཞི།
ཤར་གྱི་ཕྱོགས། དཔལ་གྱི་བདག་པོ་སོགས་སོ། །སྨྲ་སྒོར་ཡང་། ཀྱི་ནི་འབྲེལ་བའི་དོན་ཡིན་ཏེ།
།ཞེས་གསུངས་སོ། །སྡོམ་ནི།
ད་བ་ས་ཀྱི་ག་ང་གི།
ན་མ་ར་ལ་རྣམས་ལ་གྱི། །
མཐའ་མེད་འ་མཐར་འི་དང་ཡི། །
རྐང་པ་སྐོང་མི་སྐོང་གིས་དབྱེ། །ཞེས་སོ། །
བཞི་པ་རྣམ་དབྱེ་གསུམ་པ་ལ་བཞི། དངོས་བྱེད་སྒྲ་བཤད་པ། ཞར་བྱུང་རྒྱན་སྡུད་བཤད་པ། ལྷག་བཅས་བཤད་པ།
འབྱེད་སྡུད་བཤད་པ་འོ། །
དང་པོ་༼དངོས་བྱེད་སྒྲ་བཤད་པ་༽ནི།
དེ་ཉིད་ལ་ནི་བཅུ་པ་སྦྱར། །
བྱེད་པ་པོ་རུ་ཤེས་པར་བྱ། །༡༠། །
ཞེས་པ་གི་ཀྱི་འི་ཡི་གྱི་ཞེས་པའི་སྒྲ་ལྔ་པོ་དེ་དག་ཉིད་ལ་ནི། རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བ་ནི་བྱེད་པ་པོ་སྟོན་པའི་སྒྲར་ཤེས་པར་བྱའོ་ཞེས་པ་སྟེ།
འདིར་ཡང་དེ་ཉིད་ལ་ཞེས་པ་གསུམ་ངེས་བཟུང་གི་སྒྲ་དང་། ནི་དགར་བའི་དོན། པོ་བདག་སྒྲ། རུ་དེ་ཉིད་དམ་ངེས་བཟུང་གི་སྒྲ་ཡིན་ནོ།
།དཔེར་བརྗོད་ནི། བདག་གིས་ལྷ་བསྒྲུབ། གང་གིས་གཟིགས། ཁྱོད་ཀྱིས་བྲིས། རྒྱབ་ཀྱིས་ཕྱོགས།
སངས་རྒྱས་ཀྱིས་གསུང་། བྱང་ཆུབ་སེམས་དཔའི་ས་རྟོགས་པ་ལྟ་བུ་དོན་ལ་འཐོབ་ཀྱང་། སྐད་གསར་བཅད་ལས།
བྱང་ཆུབ་སེམས་དཔས་རྟོགས། ངས་མཐོང་། འདིས་ཐོས་ཞེས་སོགས་དང་། བྱང་ཆུབ་སེམས་དཔའ་ཡིས་མཁྱེན་ལྟ་བུ་དང་།
ཀུན་གྱིས་རིགགཏམ་གྱིས་གྲོལ། གསོར་གྱིས་ཕུགཟིལ་གྱིས་མནན་སོགས་དང་། ད་དྲག་གི་མཐར། རབ་འབྱོར་ཀྱིས་གསོལ།
ཀུན་མཁྱེན་གྱིས་གཟིགས། ཕ་རོལ་ཀྱིས་རིག་སོགས་སོ། །སྨྲ་སྒོར།
ཀྱིས་ནི་བྱེད་པར་འདོད་པ་ཡིན། །
ཞེས་གསུངས། གཉིས་པ་ཞར་བྱུང་རྒྱན་སྡུད་བཤད་པ་ལ།
ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །
ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
ཞེས་པ་སྔར་བཤད་པའི་སྒྲ་དེ་རྣམས་ཀྱི་ནང་ནས།
གི་དང་གྱི་བོར་བའི་ཀྱི་སོགས་གསུམ་གྱི་ཨཱ་ལི་ཕྱིས་ནས་རྗེས་འཇུག་གི་གཉིས་པ་ང་སྦྱར་བ་མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་གཉིས་དང་།
དོན་སྡུད་པར་བྱེད་པའི་སྒྲ་ལ་སོགས་པར་འགྱུར་རོ། །
འདིར་ཚིག་རྒྱན་གཉིས་ཞེས་པ་མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་ཡིན་པར་སྨྲ་སྒོ་ལས།
ཀྱང་དང་འང་ནི་སྡུད་པའི་ཚིག།
མི་མཐུན་མཐུན་པར་སྟོན་པའང་ཡིན། །
འདས་པའམ་མ་འོངས་གཞན་དག་ལས། །
ཅི་རིགས་དག་ཏུ་བསྡུ་བའང་བྱ། །
ཞེས་སོགས་གསུངས་པས།
དཔེར་བརྗོད་ནི། མཁས་ཀྱང་མཁས་ལ་གྲུབ་ཀྱང་གྲུབ། ཨུཏྤལ་འང་ཡིན་ལ་སྔོན་པོའང་ཡིན། ཞེས་མཐུན་པའི་ཚིག་རྒྱན་དང་།
ཇི་ལྟར་པདྨ་ཆུ་ནང་དུ། །
སྐྱེས་ཀྱང་ཆུ་ཡིས་གོས་པ་མེད། །
དེ་བཞིན་འདི་ནི་འཇིག་རྟེན་དུ། །
སྐྱེས་ཀྱང་འཇིག་རྟེན་གྱིས་མ་གོས། །ཞེས་དང་།
ཆགས་པ་སྤངས་ཀྱང་འགྲོ་ལ་ཆགས། །
ཞེ་སྡང་བྲལ་ཡང་བདུད་རྣམས་བཏུལ། །
སྲིད་པ་སྤངས་ནའང་སྲིད་འཛིན་ལྷ། །
འདམ་ལས་སྐྱེས་ནའང་འདམ་མ་གོས། །
ཞེས་མི་མཐུན་པའི་ཚིག་རྒྱན།
བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་དང་།
ནམ་མཁའ་ལ་ཡང་ཐོག་མེད་འགྲོ། །འཇིག་རྟེན་འདི་ནའང་ཀུན་ཏུ་གྲགས། །ཞེས་སོགས་སྡུད་པ་དང་།
གཞན་ཡང་དཎྜཱིའི་ཚིག་རྒྱན་ལས། ངེས་མེད་ཀྱི་དཔེ་དང་། སྨད་པའི་དཔེ་དང་། འགལ་བའི་གཟུགས་ཅན།
ལྡོག་པའི་གཟུགས་ཅན། འབྲས་བུས་འགོག་པ། དབང་གིས་འགོག་པ། འགྱོད་པས་འགོག་པ། དོན་གཞན་འགོག་པ།
འགོག་པའི་ལྡོག་པ་ཅན། གྲགས་པ་ཕུལ་བྱུང་། འགལ་བའི་སྦྱར་རྒྱན་སོགས་མི་མཐུན་པའི་ཚིག་རྒྱན་དང་།
རབ་བཏགས། བརྗོད་འདོད། ངོ་བསྟོད། ཟླ་བོ་དངོས་པོ་རྣམས་ཀྱི་དཔེ་དང་། ཇི་ལྟའི་དོན་གཞན་བཀོད་པ་དང་།
སྨད་པའི་དོན་གཞན་བཀོད་པ། ཁྱད་པར་གྱི་རྒྱན་དང་མཚུངས་སྦྱོར་སོགས་མཐུན་པའི་ཚིག་རྒྱན་དང་།
བསྡུས་པའི་དཔེ་དང་། འཕྲེང་བའི་གསལ་བྱེད་སོགས་སྡུད་པའི་དོན་ཅན་ལ་འཇུག་པ་སོགས་དཔེར་བརྗོད་མང་ལ།
སྡུད་པའི་དོན་ལ་འདས་མ་འོངས་གཉིས་ཀ་དང་། དེར་མ་ཟད་གཞན་ཡང་ཡོད་ཅེས་པ་ལྟ་བུ་མི་གསལ་བ་བསྡུ་བ་དང་།
དེས་བྱེད་པར་མ་ཟད་གཞན་གྱིས་ཀྱང་བྱེད་དོ་ཞེས་པ་ལྟ་བུ་བྱེད་པ་བསྡུ་བ་དང་། དེར་མ་ཟད་གཞན་ཡང་བྱའོ་ཞེས་པ་ལྟ་བུ་བྱ་བ་བསྡུ་བ་སོགས་དབྱེར་ཡོད་དོ།
།སྐབས་འདིར་ཡང་གི་སྒྲ་ནི་འང་དང་དོན་མཐུན་པར་དགོངས་ཀྱིས། དེ་ལྟར་མ་ཡིན་པ། ཡང་དང་ཡང་དུ་གསུངས་པ་གང་།
།ཞེས་སོགས་བསྐྱར་བའམ་བརྣན་པའི་དོན་དུ་འཇུག་པའང་ཡོད་དེ། སྨྲ་སྒོར། ཡང་ཞེས་བྱ་བ་བརྣན་པའང་ཡིན།
།ཞེས་གསུངས་པ་ལྟར་དང་། ཡང་དག་པ་སོགས་མིང་ལ་འཇུག་པའང་ཡོད། སྡོམ་ནི།
ག་བ་ད་ས་ད་དྲག་མཐར། །
ཀྱང་དང་རྗེས་འཇུག་གཞན་མཐར་ཡང་། །
རྐྱང་མཐར་འང་དང་སྐོང་ཚེ་ཡང་། །ཞེས་སོ། །
གསུམ་པ་ལྷག་བཅས་ནི།
ལ་དོན་སུ་ལ་ཨུ་ཕྱིས་ནས། །
དེ་ལ་གསུམ་པའི་དང་པོ་སྦྱར། །༡༡། །
དེ་ལ་ཨཱ་ལི་གསུམ་པ་སྦྱར། །
དེ་ནི་ལྷག་མ་དང་བཅས་པའོ། །
ཞེས་པ་སྡེ་ལ་དང་དོན་མཐུན་པའི་སུའི་ཨུ་ཡིག་ཕྱིས་ཏེ།
དེ་ལ་སྡེ་པ་གསུམ་པའི་དང་པོ་ཏ་སྦྱར་ཞིང་། དེ་ལ་ཨཱ་ལི་གསུམ་པ་ཨེ་སྦྱར་བ་དེ་ནི་དོན་རྫོགས་པར་མ་བསྟན་པར་ལྷག་མ་དང་བཅས་པ་སྟོན་རྒྱུ་ཡོད་པའི་སྒྲའོ།
།ཞེས་གསུངས་པ་དངོས་བསྟན་དང་ཤུགས་བསྟན་ཚིག་ཕྲད་ཀྱི་དབང་གིས་དེ་དང་ཏའི་སྒྲ་གཉིས་དང་།
འཇུག་པའི་ཚུལ་ཡང་། སྨྲ་སྒོ་ལས།
སྟེ་ནི་ལྷག་མ་ཡོད་པ་སྟེ། །
མཚམས་སྦྱོར་བ་དང་དམ་བཅའ་དང་། །
གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་པ་ལྟར།
མཚམས་སྦྱོར་བའི་ལྷག་བཅས་དང་།
དམ་བཅའ་བའི་ལྷག་བཅས་དང་། གཞན་འདྲེན་པའི་ལྷག་བཅས་དང་གསུམ་སྟེ། དབྱེ་ན་མཐོང་སྟེ་སོང་ཞེས་པ་དང་།
ལ་དོན་སུ་ལ་ཨུ་ཕྱིས་ཏེ། །ཞེས་སོགས་དངོས་བསྟན་འདི་ལྟ་བུ་མཚམས་སྦྱོར་བའི་ལྷག་བཅས་དང་།
སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར། ནམ་མཁའ་ཆོས་ཅན་རྟག་སྟེ་འཇིག་པ་མེད་པའི་ཕྱིར་ཞེས་སོགས་དམ་བཅའ་བ་དང་།
རྒྱས་བཏབ་སྟེ་གཞགརིགས་ལ་བཞིར་ནི་ཡོད་པ་སྟེ། །འགྲོ་བ་དག་ནི་རྣམ་པ་ལྔ། །ཞེས་པ་ལྟ་བུ་གཞན་འདྲེན་ཏེ།
དཔེར་བརྗོད་རྟོགས་པར་སླ་ལ། སྡོམ་ནི།
ད་དེ་ན་ར་ལ་ས་དང་། །
ད་དྲག་ཅན་ལ་ཏེ་རྐྱང་ཉིད། །
ག་ང་བ་མ་འ་རྣམས་དང་། །
འདོགས་ཅན་རྐྱང་མཐར་ས་སྟེ་འོ། །ཞེས་པ་བཞིན།
བཞི་པ་འབྱེད་སྡུད་བཤད་པ་ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །༡༢། །
རྗེས་འཇུག་གི་ཡི་གེ་བཅུ་པོ་གང་རྗེས་འཇུག་གི་མཐར་གནས་པ་ལ།
།རྗེས་འཇུག་དྲུག་པ་མ་ཡིག་སྦྱར་ན་དོན་ཕན་ཚུན་འབྱེད་པ་དང་དོན་དུ་མ་ཕྱོགས་གཅིག་ཏུ་སྡུད་པའི་སྒྲར་འགྱུར་ཏེ།
དཔེར་ན་ཕུང་པོ་ནི་གཟུགས་སམ་ཚོར་བའམ་འདུ་ཤེས་སམ་འདུ་བྱེད་དམ་རྣམ་པར་ཤེས་པ་སོགས་གང་རུང་ངོ་།
།ཞེས་སོགས་འབྱེད་པ་དང་། གཟུགས་སམ་ཚོར་བའམ་འདུ་ཤེས་སམ་འདུ་བྱེད་དམ་རྣམ་པར་ཤེས་པ་ནི་ཕུང་པོའོ།
།ཞེས་སོགས་སྡུད་པར་འཇུག་པ་དང་། འགྲེལ་བྱེད་སྔ་མ་རྣམས་སུ་རྟག་གམ་མི་རྟགརིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་།
བྱས་སམ་མ་བྱས། ཤེས་སམ་མ་ཤེས་སོགས་དྲི་བ་དང་ཐེ་ཚོམ་ལྟ་བུ་འབྱེད་སྡུད་ཀྱི་སྒྲར་མ་གྱུར་པའམ་ཡོད་གསུངས་ཀྱང་།
ཁོ་བོ་ནི་འདི་དག་འབྱེད་སྡུད་ཀྱི་སྒྲ་གང་རུང་དུ་བསྡུས་ནུས་སྙམ་སྟེ། དཔེར་ན་དབྱེ་གཞི་སྔོན་དུ་བཀོད་པ་ཆོས་ནི་རྟག་གམ་མི་རྟག་ཅེས་པ་ལྟ་བུ་འབྱེད་པ་དང་།
རྟག་གམ་མི་རྟག་གང་ཡིན་ཡང་བདག་མེད་དོ་ཞེས་པ་ལྟ་བུའི་བསྡུ་གཞི་མཇུག་ཏུ་བཀོད་པ་བསྡུ་བར་འགྱུར་བ་གཞན་ལའང་མཚོན་ནུས་སོ།
།སྨྲ་སྒོ་ལས། འམ་ཞེས་བྱ་བ་འབྱེད་སྡུད་ཡིན། །ཞེས་གསུངས་པའང་དོན་མཐུན་ལ། སྡོམ་ནི།
འབྱེད་སྡུད་སྐབས་སུ་རྗེས་འཇུག་བཅུར། །
རང་འདྲར་མ་ཡིག་སྦྱར་བ་དང་། །
ད་དྲག་ཅན་ལ་ཏ་དང་སྦྱར། །ཞེས་སོ། །
ལྔ་པ་༼འབྱུང་ཁུངས་བཤད་པ་༽ལ་གཉིས། རྣམ་དབྱེ་ལྔ་པ་དངོས། ཞར་བྱུང་དགར་སྡུད་དང་བཅས་བཤད་པ་དང་།
བོད་པའི་རྣམ་དབྱེ་བཤད་པའོ། །
དང་པོ་༼རྣམ་དབྱེ་ལྔ་པ་དངོས་བཤད་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ཡི། །
བཞི་པ་དགུ་པ་ལ་བཅུ་པ། །
སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །
དགར་དང་སྡུད་པའང་དེ་བཞིན་ནོ། །༡༣། །
ཞེས་པ་རྗེས་འཇུག་གི་ཡི་གེ་བཅུ་པོའི་ནང་གི་བཞི་པ་ན་ཡིག་དང་།
དགུ་པ་ལ་ཡིག་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བ་ནས་དང་ལས་ཞེས་པའི་སྒྲ་ནི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་དང་།
དགར་བ་དང་། སྡུད་པའི་སྒྲར་ཡང་འགྱུར་ཏེ། དཔེར་མཚོན་ན། རྒྱུད་བླ་མར། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས།
།ཚོགས་ལས་སྙིང་པོའི་ཡེ་ཤེས་མཆོག་འཐོབ་མཐར། །ཞེས་དང་། དཎྜཱིའི་ཚིག་རྒྱན་ལས།
ལུས་ཕྲ་ཁྱོད་ཀྱི་བཞིན་རས་ནི། །
པདྨའི་ནང་ནས་ཕྱུངས་པ་བཞིན། །ཞེས་དང་།
གངས་རིའི་ངོགས་ནས་ཆུ་རྒྱུན།
རྒྱ་མཚོའི་ནང་ནས་ནོར་བུ་སོགས་འབྱུང་ཁུངས་དང་། དགར་བ་ནི། རིགས་ལས་རྒྱལ་རིགས་མཆོག་ཅེས་དང་།
རིགས་ཀྱི་ནང་ནས་རྒྱལ་རིགས་དཔའ་ཞེས་སོགས་རིགས་ལས་དགར་བ་དང་། ནག་པ་ལས་སྲིད་སྒྲུབ་འཕོང་སྐྱེན་ཅེས་པ་ལྟ་བུ་ལས་ལས་དགར་བ་དང་།
སངས་རྒྱས་གཞན་རྣམས་ལས་ཐུབ་དབང་ཐུགས་བསྐྱེད་ལྷག་ཅེས་པ་ལྟ་བུ་ཡོན་ཏན་ལས་དགར་བ་སྟེ། ཇོ་བོ་གྲགས་འབྱོར་གྱིས་མཛད་པའི་ཀ་ལཱ་པའི་འགྲེལ་པ་སློབ་ཕན་དུ།
རིགས་དང་ཡོན་ཏན་དང་། བྱ་བ་རྣམས་ལས་ཕྱོགས་གཅིག་ཏུ་ཐ་དད་བྱེད་པ་ངེས་པར་དགར་བ་སྟེ། ཞེས་གསུངས་པའི་ཕྱིར་དང་།
རྫས་ལས་དགར་བ་དངོས་སུ་མ་བཤད་ཀྱང་། བུམ་པ་རྣམས་ལས་གསེར་བུམ་ལྟ་བུ་རྫས་ལས་དགར་བར་འགྲེལ་བྱེད་སྔ་མ་རྣམས་སུ་བཀོད་པ་ཤུགས་བསྟན་གྱི་སྒོ་ནས་འཐོབ་པར་མངོན།
སྡུད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཞེས་དང་། རྡོ་རྗེ་གདན་ནས་རི་བོ་གངས་ཅན་གྱི་བར་སོགས་ཡིན་ལ།
སྐབས་འདིར་ལས་ཀྱི་སྒྲ་དང་ནས་ཀྱི་སྒྲ་ལ་འཇུག་པ་ཆེ་ཆུང་གི་ཁྱད་པར་ཡོད་དེ། སྨྲ་སྒོ་ལས།
ལས་ནི་རྒྱུ་དང་འབྱུང་ཁུངས་དང་། །
དགར་བ་ཡིན་ཏེ་ནས་དེ་བཞིན། །
སྡུད་པ་དག་དང་མཚམས་སྦྱོར་ནི། །
ནས་ལ་ཅུང་ཟད་ལྷག་པ་ཡིན། །
ཞེས་གསུངས་པས་གོང་དུ་སྨོས་པའི་སྡུད་པ་དང་།
ཕྱག་འཚལ་ནས་བཤད་པར་བྱ། །ཞེས་པ་ལྟ་བུའི་མཚམས་སྦྱོར་གཉིས་ལ་ནས་ཀྱི་སྒྲ་འཇུག་གི་ལས་ཀྱི་སྒྲ་མི་འཇུག་གོ།
གཉིས་པ་བོད་པ་བཤད་པ་ལ། །
གང་མིང་བརྗོད་པའི་དང་པོ་རུ། །
ཀྱེ་སྦྱར་བ་ནི་བོད་པ་ཡིན། །ཞེས་ཏེ།
གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་སྟེ་ཐོག་མ་ན་ཀྱེ་ཞེས་སྦྱར་བ་ནི་མིང་གང་ལ་སྦྱར་བ་དེ་ཉིད་བོད་པའི་སྒྲ་ཡིན་ཏེ།
དཔེར་ན། ཀྱེ་རྒྱལ་བའི་སྲས་དག་ཅེས་དང་། ཀྱེ་ཁ་ལོ་སྒྱུར་བ། ཀྱེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དག་ཅེས་སོགས་ལྟ་བུའོ།
།
གཉིས་པ་དགར་བརྣན་འབྱེད་སྡུད་སོགས་བཤད་པ་ལ་དྲུགནི་སྒྲ་བཤད་པ། དང་སྒྲ་བཤད་པ། དེ་དང་གང་གི་འཇུག་ཚུལ་བཤད་པ།
བདག་པོ་དང་དགག་སྒྲ་བཤད་པ། ཚིགས་བཅད་འགྲོལ་བའི་མན་ངག་བཤད་པ། རྗེས་འཇུག་མེད་མི་རུང་དུ་བཤད་པའོ།
།
དང་པོ་༼དེ་སྒྲ་བཤད་པ་༽ནི།
གང་མིང་མཐའ་དང་མཐུན་པ་ཡི། །
བཞི་པ་ལ་ནི་ཨི་སྦྱར་བ། །༡༤། །
དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
གང་ཡང་རུང་བའི་མིང་གི་མཐའ་དང་མཐུན་པའི་རྗེས་འཇུག་ཡི་གེ་བཞི་པ་ན་ཡིག་ལ་དབྱངས་ཨི་སྦྱར་བ་ནི་ཞེས་པའི་སྒྲ་འདི་མང་པོའི་ནང་ནས་དམིགས་ཀྱིས་དགར་བ་དང་།
དོན་དེའི་ཁྱད་ཆོས་བྱ་བྱེད་གང་རུང་དང་འབྲེལ་བ་ངེས་བཟུང་ལྟ་བུ་ནན་ཏན་དུ་སྦྱར་བ་བརྣན་པའི་སྒྲ་གཉིས་སུ་འགྱུར་རོ།
།དཔེར་བརྗོད་ན། སྲིད་བསྒྲུབ་ལས་ནི་ནག་པ་འཕོང་སྐྱེན་ཞེས་དང་། སངས་རྒྱས་ཀྱི་ནང་ན་ནི་ཐུབ་པ་ཟས་གཙང་སྲས་ཐུགས་བསྐྱེད་ལྷག་ཅེས་དང་།
ལྷའ་ིཚོགས་འདི་དག་ལས་གདོང་བཞི་པ་འདི་ནི་ཚངས་པའོ། །ལག་པ་བཞི་པ་འདི་ནི་ཁྱབ་འཇུག་གོ། མིག་སྟོང་དང་ལྡན་པ་འདི་ནི་བརྒྱ་བྱིན་ནོ།
།མགྲིན་པ་སྔོན་པོ་འདི་ནི་དབང་ཕྱུག་གོ། ཞེས་པ་ལྟ་བུ་དགར་བ་དང་། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད།
ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་ནི་མངའ་ཞེས་སོགས་བརྣན་པའི་དོན་དུ་འཇུག་གོ།
སྨྲ་སྒོར།
ནི་ནི་དགར་དང་བརྣན་པའི་ཚིག།
དམིགས་སམ་ངེས་པར་འཛིན་པ་སྟེ། །ཞེས་གསུངས།
གཉིས་པ་༼དང་སྒྲ་བཤད་པ་༽ནི།
མིང་གང་རུང་བའི་བར་མཚམས་སུ། །
གསུམ་པ་ལ་ནི་གཉིས་པ་སྦྱར། །
དེ་ནི་སྡུད་དང་འབྱེད་པ་དང་། །༡༥། །
རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །ཞེས་པ་སྟེ།
མིང་གང་ཡང་རུང་བའི་བར་མཚམས་སུ་རྗེས་འཇུག་ཡི་གེ་གསུམ་ད་ཡིག་ལ་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བ་དང་གི་སྒྲ་དེ་ནི་དོན་དུ་མ་གཅིག་ཏུ་སྡུད་པ་དང་གཅིག་ལས་འབྱེད་པ་དང་།
རྒྱུ་མཚན་སྨོས་པ་དང་། ཚེ་སྐབས་སམ། དུས་དང་བྱ་བ་མཉམ་དུ་བརྗོད་པ་དང་། གདམས་ངག་འདོམས་པའི་ཚིག་རྣམས་ལ་འཇུག་ཏེ།
སྨྲ་སྒོ་ལས།
དང་ནི་འབྱེད་དང་སྡུད་པ་དང་། །
རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ། །
ཞེས་ཀྱང་གསུངས་སོ།
།དཔེར་ན། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཞེས་དང་། དེ་དང་དེ་འདྲ་ལ་སོགས་མངར་བའི་སྡེ།
ཞེས་པ་ལྟ་བུ་སྡུད་པ་དང་། ཕུང་པོ་ནི་ལྔ་སྟེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ་ཞེས་སོགས་འབྱེད་པ་དང་།
སྒྲ་ཆོས་ཅན་མི་རྟག་སྟེ་དངོས་པོ་ཡིན་པའི་ཕྱིར་དང་། སྐྱེ་ལྡན་ཡིན་པའི་ཕྱིར་དང་། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར་དང་།
ཞེས་སོགས་རྒྱུ་མཚན་ལ་འཇུག་པ་དང་། ས་གས་ཉ་བའི་ཐོ་རེངས་སྐར་མ་རྒྱལ་ཤར་བ་དང་སྟོན་པས་བྱང་ཆུབ་བརྙེས་སོ།
།དེ་ནས་ཞག་ཞེ་དགུ་འདས་པ་དང་ལྔ་སྡེ་བཟང་པོ་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏོ། །ཞེས་དང་།
ཉི་མ་ཤར་བ་དང་འགྲོ། ནམ་ལངས་པ་དང་སླེབ། ཅེས་སོགས་ཚེ་སྐབས་དང་། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་།
ཉོན་དང་། གྱིས་དང་། སློབ་དང་། ཐུལ་དང་། སྒོམས་དང་སོགས་གདམས་ངག་ལ་འཇུག་པ་རྣམས་སོ། །
གསུམ་པ་༼དེ་དང་གང་གི་འཇུག་ཚུལ་བཤད་པ་༽ལ་གཉིས། དེ་སྒྲ་དང་། སྤྱི་སྒྲ་བཤད་པའོ། །དང་པོ་༼དེ་སྒྲ་༽ནི།
གང་མིང་གི་ནི་ཡ་མཐའ་རུ། །
གསུམ་པ་ལ་ནི་ཨེ་སྦྱར་བ། །
ཐ་སྙད་དབང་དུ་གསུམ་ཡིན་ཏེ། །༡༦། །
དངོས་པོའི་དབང་དུ་བཞི་རུ་འགྱུར། །
དུས་ཀྱི་དབང་དུ་གཉིས་ཡིན་ནོ། །ཞེས་པ་སྟེ།
གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ་ཐོག་མ་ན་རྗེས་འཇུག་གི་ཡི་གེ་གསུམ་པ་ད་ཡིག་ལ་ཨཱ་ལི་གསུམ་པ་ཨེ་སྦྱར་བ།
དེ་ཞེས་བྱ་བའི་སྒྲ་དེ་ནི་ཐ་སྙད་ཀྱི་དབང་དུ་འདས་པ་དང་རྣམ་གྲངས་གཞན་ཅན་དང་ལྷག་བཅས་གསུམ་དང་།
དངོས་པོའི་དབང་དུ་བདེན་པ་དང་། གསང་བ་དང་། བདག་གི་བ་དང་ཕ་རོལ་པོའི་དངོས་པོ་བཞི། དུས་ཀྱི་དབང་དུ་འདས་པའི་དུས་དང་མ་འོངས་པའི་དུས་གཉིས་རྣམས་ལ་འཇུག་སྟེ།
སྒྲ་སྒོ་ལས།
དེ་ཞེས་བྱ་བའི་ཚིག་གི་དོན། །
ཐ་སྙད་དབང་དུ་འཇུག་པ་གསུམ། །
འདས་དང་རྣམ་གྲངས་གཞན་ཅན་དང་། །
ལྷག་མ་དག་དང་བཅས་པ་སྟེ། །
བདེན་པ་དང་ནི་གསང་བ་དང་། །
བདག་གི་བ་དང་ཕ་རོལ་པོའི། །
དངོས་པོ་དག་ལ་འཇུག་པ་བཞི། །
འདས་པ་དང་ནི་མ་འོངས་པའི། །
དུས་ཉིད་ལ་ནི་འཇུག་པ་གཉིས། །ཞེས་གསུངས་པའི་ཕྱིར་རོ། །
སྐབས་འདིར་འགྲེལ་པ་བསྟན་པའི་སྒྲོན་མེ་དང་། དེའི་རྗེས་སུ་འབྲངས་ཏེ་གསལ་བའི་སྒྲོན་མེ་གཉིས་སུ་ཐ་སྙད་ཀྱི་གསུམ་ལ་ཆོས་ཅན་གྱི་ཐ་སྙད།
ཆོས་ཀྱི་ཐ་སྙད། དེ་གཉིས་ཀ་མ་ཡིན་པའི་ཐ་སྙད་དང་། ཡང་ན་ལུས་ངག་ཡིད་གསུམ་གྱི་ཐ་སྙད་དང་།
དངོས་པོ་བཞི་ནི། རིགས། བྱ་བ། ཡོན་ཏན། རྫས་ཏེ། དཔེར་བརྗོད། དེ་བུམ་པའོ། །དེ་མི་རྟག་པའོ།
།དེ་རི་བོང་གི་རྭ་ལས་ཐ་དད་དོ། །དེ་རྒྱལ་རིགས་སོ། །དེ་གཡུལ་ལོ། །དེ་གཟི་བརྗིད་དོ། །དེ་མང་པོས་བཀུར་པའོ།
།ཞེས་དཔེར་བརྗོད་དུ་མཛད། མཁས་པའི་ཡིད་འཕྲོག་ཏུ། ཁོ་བོ་ཐ་སྙད་ཀྱི་དབང་དུ་བྱས་པའི་གསུམ་ནི།
ཀུན་བརྟགས་དང་། །ཡོངས་གྲུབ་དང་། གཞན་དབང་གསུམ་ལ་འཆད་དགོས་པ་ཡིན་ཏེ། འབུམ་ལས་གཟུགས་ནི་བརྟགས་པ་ཙམ་མོ།
།བརྟགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དོ། །དེ་ནས་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ།
།ཞེས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཀུན་གྱི་གཟུང་བྱ་ལ་རྣམ་པར་རྟོག་པས་གང་ཟག་དང་ཆོས་སུ་སྒྲོ་བརྟགས་པས་ཀུན་བརྟགས་ཏེ་ཐ་སྙད་དུ་བྱིས་པའི་སྤྱོད་ཡུལ་དུ་ཡོད་ཅིང་རིགས་པས་དཔྱད་མི་བཟོད་པས་རྫས་ཀྱི་ངོ་བོར་ཅུང་ཟད་ཀྱང་མེད་དོ།
།སུམ་ཅུ་པ་ལས།
རྣམ་པར་རྟོག་པ་གང་གང་གི།
དངོས་པོ་གང་གང་བརྟགས་པ། །
དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །
ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་བཤད་པ་དང་།
དེའི་ངོ་བོ་གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པ་ཡིན་ལ། དེའང་ཀུན་བརྟགས་པའི་ངོ་བོར་གདོད་མ་ནས་མ་གྲུབ་པའི་སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་བདག་མེད་པའི་ངོ་བོར་གྱུར་པ་སྟེ།
དེ་ཉིད་ལས།
གྲུབ་ནི་དེ་ལ་སྔ་མ་པོ། །
རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་གསུངས་པ་དང་།
གཞན་དབང་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་དེ་ཉིད་ཡིན་ལ། དེའང་རང་གི་ས་བོན་ལས།
གཉིས་སུ་སྣང་བའི་ངོ་བོར་སྐྱེ་བའི་ཕྱིར་རྐྱེན་གཞན་གྱིས་དབང་བྱེད་པས་ན་དེ་སྐད་ཅེས་བྱའོ།
།དེ་གསུམ་ལ་ཐ་སྙད་དུ་འཇོག་པའི་རྒྱུ་མཚན་ཡང་། ཀུན་བརྟགས་ནི་བྱིས་པའི་བློས་གང་ཟག་དང་ཆོས་སུ་ཐ་སྙད་རྟོགས།
།ཡོངས་གྲུབ་ནི་འཕགས་པའི་རྣམ་པར་མི་རྟོག་པའི་ཡུལ་ཡིན། །གཞན་དབང་ནི་དེའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རྟོགས་བྱར་བཤད་པས།
དེ་གསུམ་ལ་ཐ་སྙད་དམ་གྲགས་པར་དེ་ཞེས་འཇུག་པར་མངོན་སུམ་གྱི་གྲུབ་བོ། །ཞེས་བཞེད་ཀྱང་།
འགྲེལ་བྱེད་སྔ་མ་ཕལ་ཆེར་ཕྱོགས་གཅིག་ཏུ་སྨྲ་སྒོའི་རྗེས་མཐུན་དུ་བཞེད་ལས། དེ་ཡང་དེའི་རྗེས་སུ་འབྲངས་ལ།
འོན་ཀྱང་རྗེ་ཞ་ལུ་པའི་ཊཱིཀྐར། དེ་ཞེས་བྱ་བའི་འཇུག་པ་ནི་འདིར་གསུམ་དང་། བཞི་དང་། གཉིས་ཀྱི་དབྱེ་བས་རྣམ་པ་དགུ་སྟེ།
འོན་ཀྱང་ཐ་སྙད་ཀྱི་སྐབས་སུའང་འདས་པ་འབྱུང་བ་མི་འདོད་པའི་རྒྱུ་མཚན་ནམ། ཡང་ན་ཐ་སྙད་ཀྱི་དབང་དུ་བྱས་པའི་གསུམ་གྱི་ཡ་གྱལ་གཞན་ཞིག་ཡིན་བརྟགས་པར་བྱའོ།
།ཞེས་གསུངས་པ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཐ་སྙད་ཀྱི་སྐབས་ཀྱི་འདས་དང་ཞེས་པ་གཏམ་གང་དང་གང་བརྗོད་ཟིན་པ་ཡན་ཆད་ལ་འདས་པ་དང་།
།ཕྱི་ནས་བརྗོད་འགྱུར་ལ་མ་འོངས་པའི་ཐ་སྙད་བྱེད་པས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་གཏམ་སྔ་མ་བརྗོད་ཟིན་ཅིང་།
ཕྱི་མ་འགོ་རྩོམ་པའི་ཚིག་དང་། དུས་ཀྱི་དབང་དུ་བྱས་པའི་འདས་པ་ནི། སྔར་གྱི་བྱུང་ཟིན་ལོ་རྒྱུས་བརྗོད་པ་ལ་འདས་པའི་གོ་བ་དང་།
འབྱུང་འགྱུར་བརྗོད་པ་ལ་མ་འོངས་པའི་གོ་བར་འཇོག་པ་འཐད་པའི་ཕྱིར་རོ། །ཞེས་གསུངས་ལ། འགྲེལ་པ་མཁས་པའི་དགའ་སྟོན་དུ་ཐ་སྙད་ཀྱི་སྐབས་ཀྱི་འདས་པ་ངེས་བཟུང་གི་དོན་དུ་བཞེད་འདུག་པ་བདག་ཀྱང་འདི་ཁོ་ན་འཐད་པ་སེམས་ལ།
ཟློས་པ་དང་མ་ངེས་པའི་སྐྱོན་མེད་དེ་འོག་གི་དཔེར་བརྗོད་ཀྱིས་གོ་ནུས་པའི་ཕྱིར། དེ་ལྟ་ན་ཐ་སྙད་ཀྱི་དབང་དུ་བྱས་པ་གསུམ་གྱི་འདས་པ་ནི་དུས་བརྗོད་བྱའི་གཙོ་བོར་མ་སྨྲས་པར།
དེས་ནས་ཞེས་པ་ལྟ་བུ་དང་། སྐྱེས་བུ་དེ་ཞེས་པ་ལྟ་བུ་ངེས་བཟུང་དུ་གྱུར་པ་ཐམས་ཅད་དོན་གྱི་འདས་མ་ཐག་པ་ལྟ་བུར་ངེས་པ་རྣམས་དང་།
རྣམ་གྲངས་གཞན་བརྗོད་པའི་དོན། མངོན་རྟོགས་རྒྱན་ལས།
གང་གང་དོན་ནི་གང་གང་ལ། །
ཇི་ལྟ་ཇི་ལྟར་མཉན་འདོད་པ། །
དེ་དེ་ལ་དོན་དེ་དང་དེ། །
སྒྲ་མེད་ཀྱང་སྟེ་དེ་ལྟར་སྣང་། །ཞེས་དང་།
སྟོན་པའང་དེ་ཡིན་སངས་རྒྱས་ཀྱང་དེ་ཡིན།
དེ་བཞིན་གཤེགས་པའང་དེ་ཡིན་ཞེས་པ་ལྟ་བུ་དང་།
གང་ཞིག་གང་གང་ལ་དགའ་བ། །
དེ་ལ་དེ་དེ་སྔར་བཤད་བྱ། །ཞེས་སོགས་མང་།
ལྷག་བཅས་ལ་འཇུག་པ་ནི།
ཞབས་ལ་བཏུད་དེ་སྤྱི་བོས་བླང་། །ཞེས་དང་། སེམས་བསྐྱེད་དེ་ཚོགས་བསགས། འཇིག་རྟེན་པ་རྣམས་ནི་མཐོང་བའི་ཆོས་ལ་ཚད་མར་འདོད་དེ་ཞེས་སོགས་དང་།
འདིར་ཐ་སྙད་ཅེས་པའི་དོན་ནི། བདེན་གཉིས་ཀྱི་ཟླས་དྲངས་པའི་ཀུན་རྫོབ་བདེན་པ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་པར།
རྗོད་བྱེད་ཀྱི་ཚིག་ལ་ཐ་སྙད་ཅེས་དང་། བརྗོད་བྱའི་དོན་ལ་དངོས་པོ་ཞེས་མིང་བརྟགས་པ་ཙམ་ཡིན་ཏེ།
དཔེར་ན་དོན་བྱེད་ནུས་པའི་དངོས་པོ་ཞིག་ལ་དེ་དང་མཐུན་པའི་མིང་བཏགས་པ་ཡིན་པར། རྗེ་ཞ་ལུ་པའི་གསུང་ལས།
ཐ་སྙད་ནི་དངོས་པོ་ལ་ཐ་སྙད་མེད་པ་འཇུག་ལྡོག་བྱེད་པའི་ཕྱིར་ནན་གྱིས་བརྟགས་པ་སྟེ། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བརྟགས་པ་ལྟ་བུ་དང་།
ཞེས་དང་། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ནོ། །ཞེས་འབྱུང་ཞིང་། དེ་དང་མཐུན་པར་རྣམ་འགྲེལ་ལས་ཀྱང་།
སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། དེ་ནི་ཐ་སྙད་ཆེད་དུ་བྱས། དེ་ཚེ་རང་གི་མཚན་ཉིད་མེད།
དེས་ན་དེ་ལ་བརྡར་མ་ཡིན། ཞེས་གསུངས་པ་བཞིན་ནོ། །
དངོས་པོ་ལ་འཇུག་པ་བཞིའི་བདེན་པའི་དོན་ནི། དེ་བཞིན་ཉིད་ཅེས་དང་། དེ་ཁོ་ན་ཉིད་ཅེས་དང་།
དེ་དེ་བཞིན་ནོ། །ཞེས་སོགས་དང་། གསང་བའི་དོན་ནི། དེ་ཉིད་གཞན་ལ་བསྒྲག་མི་བྱ། །ཞེས་སོགས་དང་།
བདག་གི་བ་ལ་འཇུག་པ། བདག་གི་དེ་ཞེས་དང་། བདག་གི་ནོར་དེ། ངའི་དེ། བདག་གི་ལོངས་སྤྱོད་དེ་སྦྱིན་པའི་འབྲས་བུ་ཡིན་ནོ།
།ཞེས་སོགས་དང་། ཕ་རོལ་པོའི་དངོས་ལ་འཇུག་པ་ནི། ཁྱོད་ཀྱི་ལྷ་དེ། ཁྱོད་ཀྱི་ནོར་དེ། ཁྱོད་ཀྱི་དེ་ཞེས་སོགས་རྣམས་ཏེ།
འདི་དག་ལ་ནི་བརྡ་སྔོན་དུ་སོང་བས་བརྗོད་པ་ཉུང་བས་ཆོག་པ་དང་། གཞན་གྱིས་གསལ་བར་ཤེས་ཀྱི་དྭོགས་པའི་བརྗོད་པ་ལ་ཉེ་བར་མཁོ་བ་ཉིད་དོ།
།
དུས་ཀྱི་གཉིས་ཀྱི་འདས་པ་ནི། དེའི་ཚེ་དེའི་དུས་ན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་ཏོ་ཞེས་སོགས་དང་།
མ་འོངས་པ་ལ་འཇུག་པ་ནི། ང་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་དུ་འགྱུར་རོ།
།ཞེས་སོགས་ལྟ་བུའོ། །མི་འཇུག་པ་ནི་དངོས་པོའ་ིནང་ནས་རང་ཉིད་དང་། དུས་གསུམ་གྱི་ནང་ནས་ད་ལྟ་བ་ལ་དེའི་སྒྲ་མི་འཇུག་སྟེ།
སྨྲ་སྒོ་ལས།
མི་འཇུག་པ་ནི་གཉིས་ཡིན་ཏེ། །
བདག་ཉིད་ད་ལྟ་ཉིད་ལ་སྤང་། །
ཞེས་གསུངས་པ་བཞིན་ནོ།
།
གཉིས་པ་སྤྱི་སྒྲ་བཤད་པ་ནི།
གང་མིང་བརྗོད་པའི་དང་པོ་རུ། །
དང་པོ་ལ་ནི་གཉིས་པ་སྦྱར། །༡༧། །
སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
ཞེས་གསུངས་པས་གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ་རྗེས་འཇུག་གི་ཡི་གེ་དང་པོ་ག་ཡིག་ལ་གཉིས་པ་ང་སྦྱར་བ་གང་ཞེས་པའི་སྒྲ་དེ་ནི།
དོན་སྤྱི་ཙམ་སྟོན་པའི་སྒྲ་ལ་ཁྱབ་པ་ཉིད་དུ་འགྱུར་རོ་ཞེས་པ་སྟེ། དཔེར་བརྗོད་ན། མཛད་པ་བཅུ་གཉིས་ལ་བསྟོད་པར།
གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་དེ། །ཞེས་དང་། ཆོས་མངོན་པ་མཛོད་ལས། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་།
།ཞེས་སོགས་དང་། འདི་ཉིད་ལས་ཀྱང་། གང་ལ་ཡོན་ཏན་མཆོག་མངའ་བའི་སོགས་ཡང་དང་ཡང་དུ་གསུངས་པ་རྣམས་སོ།
།
གཉིས་པ་༼བཞི་པ་བདག་པོ་དང་དགག་སྒྲ་བཤད་པ་༽ལ་གཉིས། བདག་སྒྲ་དང་དགག་སྒྲའོ། །
དང་པོ་༼བདག་སྒྲ་བཤད་པ་༽ནི།
གང་མིང་གི་ནི་མ་མཐའ་ན། །
པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། །༡༨། །
བདག་པོའི་སར་ནི་ཤེས་པར་བྱ། །
ཞེས་པས་གང་ཡང་རུང་བའི་མིང་གི་མ་མཐའ་ན་པུ་རུཥ་ནི་སྐྱེས་བུའི་དོན་ཏེ་རུ་དང་ཥ་ཕྱིས་པས་པུ་དང་།
ལིངྒ་ཞེས་པ་རྟགས་སམ་མཚན་མ་ལ་འཇུག་པས་ན་པུ་ལིངྒ་ནི་ཕོའི་རྟགས་མཚོན་པར་བྱེད་པ་སྟེ། དེའི་སྒྲ་སྦྱར་བ་ནི་བདག་པོའི་ས་ཞེས་བརྗོད་པར་བྱའོ།
།དཔེར་ན། རྟ་པ། གསེར་པ། སངས་རྒྱས་པ། མུ་སྟེགས་པ། ཚོང་པ་ཞེས་སོགས་དང་། ཁ་ཅིག་ཏུ་ཁ་ལོ་སྒྱུར་བ་ཞེས་བ་ཡིག་གིས་གོ་བཅད་པ་དང་།
ཁ་ཅིག་ཏུ་བྱེད་པ་པོ། །ཚོར་བ་པོ་སོགས་པོ་ཡིག་དང་། ཇ་མ། ཆང་མ་སོགས་མ་དང་། རལ་གྲི་ཅན་དང་འཁོར་ལོ་ཅན་སོགས་ཅན་དང་།
བློ་ལྡན་ཤེས་ལྡན་སོགས་ལྡན་གྱི་སྒྲས་ཀྱང་བདག་པོའི་སྒྲ་སྟོན་པར་འགྱུར་ཏེ། སྨྲ་སྒོ་ལས།
པ་དང་ཅན་ནི་བདག་པོའམ། །ལྡན་པའི་དོན་དུ་སྦྱར་བར་བྱ། །ཞེས་གསུངས་པ་བཞིན་ནོ། །
གཉིས་པ་༼དགག་སྒྲ་བཤད་པ་༽ནི།
གང་མིང་བརྗོད་པའི་ཡ་མཐའ་ན། །
སྟྲཱི་ལིངྒའི་སྒྲ་མེད་པ། །
དེ་ལ་སྟྲཱི་ལིངྒ་སྦྱར་ན། །༡༩། །
དགག་པའི་གནས་སུ་ཤེས་པར་བྱ། །
ཞེས་པ་སྟེ། གང་ཡང་རུང་བའི་མིང་བརྗོད་པའི་ཡ་མཐའ་འམ། །འོན་ཏེ་མ་མཐའ་ཡང་རུང་དེར་སྟཱི་ནི་བུད་མེད་དང་།
ལིངྒ་རྟགས་སམ་མཚན་མ་སྟེ་མོ་རྟགས་ཀྱི་སྒྲ་སྔོན་ཆད་མེད་པ་ལ་སླར་སྟྲཱི་ལིངྒའི་སྒྲ་སྦྱར་བ་ན་དགག་པའི་གནས་སུ་སྟེ་ཀུན་ཏུ་ལྡོག་པའི་སྒྲར་ཤེས་པར་བྱའོ།
།དཔེར་ན། གཟུགས་མེད། ཚོར་བ་མེད། ཅེས་དང་། མི་འབྱུང་། མི་ནུབ། སྒྲ་མ་ཡིན། དྲི་མ་ཡིན།
ཞེས་དང་། སྲས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པར།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །
མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་དང་།
གཞན་ཡང་བུམ་པ་མེད་པ་ལ་བུམ་པས་དག་པ་དང་།
བུམ་པས་སྟོང་པ་དང་། བུམ་པའི་དགག་གཞི་དང་། བུམ་པ་ཚད་མས་མ་དམིགས་པ་སོགས་མང་ཞིང་། སྨྲ་སྒོ་ལས་ཀྱང་།
ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན། །
མཚན་ཉིད་དབང་གི་དབྱེ་བ་ཡིས། །
མ་ཡིན་དགག་པ་བཅུ་བཞི་དང་། །
མཚན་ཉིད་དབྱེ་བ་མེད་མོད་ཀྱི། །
ཡུལ་དང་དུས་ཀྱི་དབྱེ་བ་ཡིས། །
མེད་པར་དགག་པ་བཅུ་གཉིས་དང་། །
གང་ལྟར་དགག་པ་འདོད་པའོ། །
ཞེས་གསུངས་པ་ལྟར་རྩ་བའི་དབྱེ་བ་མ་ཡིན་དགག་དང་།
མེད་དགག་གཉིས་རྒྱས་པར་དབྱེ་ན་དེ་ལྟར་ཡོད་མོད་ཀྱིས། སོ་སོའི་དཔེར་བརྗོད་ནི། ལྡོག་པ་བསྡུས་པ་རྩ་འགྲེལ་དང་།
སྨྲ་སྒོའི་འགྲེལ་པ་སོགས་ལས་བཤད་ཅིང་། མེད་དགག་དང་། མ་ཡིན་དགག་གི་ཁྱད་པར་ཡང་། སློབ་ཕན་ལས།
དེ་སྟེ་མ་ཡིན་པར་དགག་པ་དང་། མེད་པར་དགག་པ་ལ་ཁྱད་པར་ཅི་ཡོད་ཅེ་ན་བརྗོད་པར་བྱ་སྟེ།
ཚིག་སྡུད་གང་དུ་བསྒྲུབ་པ་གཙོ་བོར་ཡིན་ཅིང་། དགག་པའི་ཚིག་གཙོ་བོ་མ་ཡིན་པ་དགག་སྒྲ་ཚིག་ཕྱི་མ་དང་འབྲེལ་བ་དེ་ནི་མ་ཡིན་པར་དགག་པ་སྟེ།
དཔེར་ན། བྲམ་ཟེ་མ་ཡིན་པ་འདྲེན་པར་བྱེད་པ་བཞིན་ནོ། །གང་དུ་དགག་པ་གཙོ་བོ་ཡིན་ཞིང་བསྒྲུབ་པ་གཙོ་བོ་མ་ཡིན་པ་བྱ་བའི་ཚིག་དང་ལྷན་ཅིག་འབྲེལ་བ་དེ་ནི།
མེད་པར་དགག་པ་སྟེ། དཔེར་ན། ཤིང་ཟན་མི་ཟ་ཞེས་པ་ལྟ་བུའོ། །འདིར་ཤིང་ཟན་ཟ་བ་མེད་དོ་ཞེས་པའི་དོན་རྟོགས་པར་བྱའོ།
།ཞེས་གསུངས་ཤིང་། གཞན་ཡང་སྒྲ་ཡི་བསྟན་བཅོས་ལྡོག་པ་བསྡུས་པ་ལས་ཀྱང་།
མེད་པ་ཡོད་པ་མི་བསྒྲུབ་ཅིང་། །
མ་ཡིན་པ་ནི་ཡིན་པ་བསྒྲུབ། །
ཅེས་གསུངས་པས། ཡོད་པ་ལ་ཅི་སྟེ་མེད་ཅེས་པ་དང་།
ཡིན་པ་ལ་ཅི་སྟེ་མ་ཡིན་ཞེས་སོགས་བཞིན་ནོ། །
ལྔ་པ་༼ཚིགས་བཅད་འགྲོལ་བའི་མན་ངག་བཤད་པ་༽ནི།
ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །
ཅུང་ཟད་བསྡུས་པ་ཡོད་ན་ཡང་། །
དེ་ནི་དེ་བཞིན་སྦྱར་བར་བྱའོ། །༢༠། །
དེའང་སྡེ་སྣོདསོགས་གསུང་རབ་རྣམས་འཆད་པ་ལ་ཚིགས་སུ་བཅད་པ་དང་།
མཚམས་སྦྱོར་བསྡུས་པ་རྣམས་དབྱེ་བའི་ཚིག་སྔ་ཕྱིའི་ནུས་པ་བསྡུས་པ་རྣམས་ནི་ཚིགས་བཅད་རྐྱང་པའམ་མཚམས་སྦྱོར་དང་རྣམ་དབྱེ་རྣམས་ཕྲལ་ནས་ལྷུག་པར་བཀྲོལ་ཏེ།
དེ་བཞིན་དུ་སྦྱར་ནས་བཤད་པར་བྱའོ། །
དྲུག་པ་༼རྗེས་འཇུག་མེད་མི་རུང་དུ་བཤད་པ་༽ནི།
སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །
མིང་གཞིའི་ཡི་གེ་གང་ལྡན་པའང་། །
ཉིས་སྦྲེལ་ཡོད་དམ་སུམ་སྦྲེལ་ཡོད། །
ཨཱ་ལི་བཞི་ལས་གང་འབྲེལ་ཡང་། །༢༡། །
རྗེས་འཇུག་བཅུ་པོ་མ་ཞུགས་ན། །
མིང་གཞན་སྦྱོར་བ་ཡོད་མི་སྲིད། །
ཅེས་གསུངས་པས་བཤད་ཟིན་གྱི་སྔོན་འཇུག་ལྔ་པོ་གང་རུང་ཡོད་དམ་མེད་ཀྱང་རུང་གིས།
མིང་གཞིའི་ཡི་གེ་སུམ་ཅུ་གང་ཡང་རུང་བ་ཡིན་པ་ལ། ཉིས་སྦྲེལ་ཡོད་དམ། མིང་གཞི་ཁོ་ནའི་ཡི་གེ་ཉི་ཤུ་པོ་གང་ཡང་རུང་བ་མཐར་གནས་པའི་སུམ་སྦྲེལ་ཡོད་པའམ།
ཨཱ་ལི་བཞི་ལས་གང་དང་འབྲེལ་ཡང་རུང་། མཐར་རྗེས་འཇུག་གི་ཡི་གེ་བཅུ་པོ་མ་ཞུགས་ན་མིང་གཞན་གྱི་སྦྱོར་བ་ཐུ་མི་བདག་གིས་བརྡ་སྦྱར་བའི་གསུང་རབ་ལ་ནམ་ཡང་ཡོད་མི་སྲིད་དོ།
།ཞེས་པའོ། །འདིས་ནི་དངོས་སུ་རྗེས་འཇུག་མེད་པ་རྣམས་ཀྱི་མཐར་བདུན་པ་འ་ཡིག་གནས་པ་ལེགས་པར་བསྟན་ཅིང་།
འགྲེལ་པ་མཁས་པའི་དགའ་སྟོན་དང་མཁས་པའི་ཡིད་འཕྲོག་གཉིས་ལས་ཀྱང་བཤད་ལ། དེའི་ཤུགས་ལས་མཐའ་རྟེན་མེད་པ་གང་ཞིག་ལ་ཨཱ་ལི་བཞི་པོ་གང་རུང་དང་འབྲེལ་ན་རིམ་པ་བཞིན་འི་འུ་འེ་འོ་བཞི་གནས་པ་ཡིན་ཏེ།
ཡོ་གའི་དབྱངས་ལ་སོགས་པ་རྡོ་རྗེ་གླུའི་བརྡ་ཆད་རྣམས་ལས་གསལ་བར་མཚོན་ནུས་སོ། །
གསུམ་པ་བསྔགས་པ་བརྗོད་དེ་མཇུག་བསྡུས་པ་ལ་བཞི། རྗེས་འཇུག་ཤེས་པས་མཁས་པར་འགྱུར་ཚུལ།
མཁས་པས་ཉམས་སུ་བླང་ཚུལ། དེའི་ཐོག་མའི་བསླབ་རིམ་བསྟན་པ། བསླབ་པའི་དུས་ཀྱི་བྱ་བ་བསྟན་པའོ།
།
དང་པོ་༼རྗེས་འཇུག་ཤེས་པས་མཁས་པར་འགྱུར་ཚུལ་༽ནི།
རྗེས་འཇུག་བཅུའི་དོན་ཤེས་ན། །
འདྲི་དང་ཀློག་དང་བཤད་རྣམས་ཀྱི། །༢༢། །
མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །
འབྲེལ་པ་སྨྲ་བའི་མཆོག་ཏུ་འགྱུར། །
གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །
དོན་གྱི་སྦྱོར་བ་མ་མཐོང་ཡང་། །༢༣། །
དོན་དང་མཐུན་པའི་སྦྱོར་བ་ཤེས། །
ཞེས་གསུངས་པ་ནི། དེ་ལྟར་རྗེས་འཇུག་བཅུའི་དོན་གྱི་འཇུག་ཚུལ་མཁས་པར་ཤེས་ན་གསུང་རབ་གཙོ་བོར་གྱུར་པའི་ཡི་གེ་འདྲི་བ་དང་།
ཀློག་པ་དང་། གཞན་ལ་བཤད་པ་དང་། བསྟན་བཅོས་རྩོམ་པ་དང་། བརྩམས་པ་ལ་རྩོད་པ་ཟློག་པ་དང་།
གཞན་ལ་བརྩད་ཅིང་དྲི་བར་བྱ་བ་གང་གི་གནས་སྐབས་སུའང་ཚིག་ཕྲད་དང་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བའི་སྒྲ་སྨྲ་བ་ལ་ཐོགས་པ་མེད་ཅིང་།
དེ་བཞིན་དུ་སྔ་ཕྱི་དོན་མི་འགལ་ཞིང་ཚིག་དོན་འབྲེལ་ཆགས་པར་སྨྲ་བའི་འབྲེལ་བའི་གཏམ་ལའང་མཁས་པའི་མཆོག་ཏུ་འགྱུར་ལ།
གཞན་ཡང་རྗེས་འཇུག་གི་དོན་གྱི་འཇུག་ཚུལ་ཤེས་པ་དེས་གསུང་རབ་སོགས་ཀྱི་དོན་གྱི་གནས་ལུགས་རྣམ་པར་འབྱེད་པའི་སྦྱོར་བ་འགྲེལ་པ་ལ་སོགས་པ་མ་མཐོང་བཞིན་དུའང་དོན་རྣམ་པར་འབྱེད་པ་གཞུང་གི་དགོངས་པ་དང་མཐུན་པའི་ངག་ཚིག་གི་སྦྱོར་དོན་དང་མི་འགལ་བ་ལེགས་པར་ཤེས་ནུས་སོ།
།ཞེས་པའོ། །
འདིའི་མཚམས་སྦྱོར་སྒྲ་ཞེས་པ་ནི། སྨྲ་སྒོ་ལས།
བྱེད་དང་བྱའམ་ཡང་ན་ནི། །
བྱ་བ་ཉིད་དུ་སྦྱོར་བ་གང་། །
ཚིག་གཉིས་རིམ་པ་དུས་གཅིག་ཏུ། །
སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །
ཞེས་བྱ་བྱེད་ལས་གསུམ་ཕན་ཚུན་སྦྱོར་བའི་ཚིག་ལ་མཚམས་སྦྱོར་དུ་བཤད་པ་དང་།
ཅིང་ལ་སོགས་པ་བསྡུ་བ་དང་། མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །ཞེས་ཕྲད་ལ་མཚམས་སྦྱོར་དུ་བཞེད་པའི་ཚུལ་གཉིས་ལས།
སྔ་མ་ནི་སྨྲ་སྒོ་ལྟར་ན་འབྲུ་མང་པོའི་ཚིག་སྡུད་ལས་ཕྱོགས་ཙམ་གྱི་བར་གྱི་ཚིག་སྡུད་བཅུ་དང་།
སྒྲ་མདོ་གཞན་ནས་ཚིག་སྡུད་ལྔར་བཤད་པའང་ཡོད་ཅིང་། ཕྱི་མ་ཚིག་ཕྲད་ལ། ཕྲད་ཙམ་དང་། ཕྲད་འདུས།
རྒྱན་རྣམས་སུ་གསུངས་པ་ལས། གང་། ཅི། ཅིའི། དེ། འདི། ད། ན། སྟེ། ཏེ་དང་། དང་། ནི། ཀྱང་།
ཡང་། འང་། ཁོ་ན། ཉིད། ཙམ། འབའ་ཞིགཤ་སྟགསྩོགས། པ། ཅན། ལྡན། བ། ཀྱི། གྱི། འི། ཡི། ཀྱིས།
གྱིས། གིས། ཅིང་། ཞིང་། ཤིང་། ཅེ། ཞེ། ཅེས། ཞེས། ཅིགཞིགཤིགལ། དུ། ཏུ། སུ། རུ། ར། འོ།
གོངོ་། དོ། ནོ། བོ། མོ། རོ། ལོ། སོ། ཚུལ། འདྲ། བཞིན། ནས། ལས། ལ་སོགས་པ་རྣམས་ལ་ནི་ཚིག་ཕྲད་ཅེས་གསུངས།
དེ་བཞིན་དུ། གང་ཕྱིར། ཅི་ཕྱིར། དེ་ཕྱིར། ག་ལ། ཅི་ལ། དེ་ལ། གང་ལ། དེ་ཡང་། གང་ལྟར།
ཅི་ལྟར། ཇི་ལྟར། གང་ཞིགཅི་ཞིགཇི་ཞིགསུ་ཞིགགང་དགསུ་དགདེ་དགཇི་སྙེད། དེ་སྙེད། འོན་ཏེ།
འོན་ཀྱང་། འོ་ན། ཇི་བཞིན། དེ་བཞིན། གལ་ཏེ། ཅི་སྟེ། དེ་སྟེ། འདི་སྟེ། དེ་ལྟར། འདི་ལྟར།
དེ་ཉིད་ལ་སོགས་པ་ནི་ཕྲད་གཉིས་འདུས་སོ། །འོ་ན་ཡང་། འོན་ཏེ་ན། གལ་ཏེ་ཡང་། གལ་ཏེ་ན། ཅི་སྟེ་ན།
དེ་ལྟར་ཡང་ན། དེ་ལྟ་ན། འདི་ལྟ་སྟེ། འདི་ལྟར་ཡང་། གང་གི་ཕྱིར་ན། ཅིའི་ཕྱིར་ན། དེའི་ཕྱིར་ན།
གང་གི་ཚེ་ན། དེའི་ཚེ་ན། དེ་ལྟ་ན་ནི། འོ་ན་ནི། ཞེས་བྱ་བ་ལ་སོགས་པ་ནི་ཕྲད་མང་པོ་འདུས་པའོ།
།ཤིན་ཏུ། ཀུན་ཏུ། རབ་ཏུ་ཡང་དག་པར། རྣམ་པར་ལ་སོགས་པ་ནི་གསལ་བྱེད་ཀྱི་རྒྱན་དང་། མཛེས་བྱེད་ཀྱི་རྒྱན་ཅི་རིགས་སུ་སྦྱོར་བའི་ཕྲད་དེ།
སྐབས་སྐབས་སུ་ནི་བསྟན་བྱ་ལྷག་མ་གཞན་སྟོན་པས་དོན་གསལ་བར་བྱེད་པའི་རྒྱན་དང་། སྐབས་སྐབས་སུ་ནི་དོན་ཟུར་པ་མི་སྟོན་ཡང་ཚིག་དེ་དང་དེ་དག་གི་ཁ་སྐོང་དུ་འཇོག་པས་ཚིག་མཛེས་བྱེད་ཀྱི་རྒྱན་དུ་གཞུང་འདི་ཉིད་དང་སྨྲ་སྒོ་སོགས་སུ་གསུངས་པས་ཅུང་ཟད་རྒྱས་པར་སྤྲོ་ན།
གང་ཞིག་རང་རྒྱལ་དོན་མེད་ཅིང་། །
དོན་གྱི་མིང་ལ་གསལ་བྱེད་པ། །
ཚིག་གི་ཕྲད་ཅེས་བྱ་བ་སྟེ། །
དེ་ལྡན་འཕྲད་དང་བཅས་པ་ཡིན། །
ཞེས་གསུངས་པ་ལྟར་ཡིན་ལ།
དེ་ལ་ཕྲད་ཀྱི་འཇུག་པ་ནི།
གང་ནི་འདྲི་བའི་ཚིག་གི་དོན། །
སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ། །
ཞེས་སོགས་ནས། ཇི་སྐད་བསྟན་པའི་ཆ་གཉིས་ལྡན།
།ཞེས་པའི་བར་ཏེ། འདིའི་དོན་ཕལ་ཆེ་བ་ཞིག་ནི་སྔོན་དུ་བཤད་པ་ལྟར་ཡིན་ལ། འདིར་དེར་མ་འདུས་པའི་ཕྲད་འགའ་ཞིག་བརྗོད་པ་ལ།
དེ་ཉིད་ལས།
ཅི་ལ་སོགས་པ་དེ་བཞིན་ཏེ། །
སྐབས་ཀྱི་ཁྱད་པར་བརྩི་བར་བྱ། །
ཞེས་པས། ཅི་ཞེས་པ་ཕལ་ཆེར་གང་དང་མཐུན་པར་འདྲི་ཞིང་སྤྱི་ལ་ཁྱབ་པའི་སྒྲར་འགྱུར་ལ།
གང་དག་དང་། སུ་དག་ཅེས་པ་ལྟ་བུའི་སྐབས་སུ་གང་དང་འཇུག་པའི་ཡུལ་མི་མཐུན་པར་འགྱུར་བ་ཡོད་དེ།
ཅི་དག་ཅེས་པ་ལྟ་བུ་གང་དག་དང་དོན་ཕྱོགས་མི་མཐུན་པ་བཞིན་ནོ། །
འདི་ཚིག་འདས་དང་མ་འོངས་དང་། །
སྐབས་ཀྱི་དངོས་གཞན་དག་ལ་འཇུག།
གང་ཞིག་ལ་ནི་བལྟོས་བྱས་པའི། །
ཉེ་བ་དག་དང་མངོན་སུམ་པའི། །
དངོས་པོ་དག་ཀྱང་གཉིས་ཡིན་ནོ། །
ཞེས་འདི་ཞེས་པའི་སྒྲ་གསལ་བ་དང་།
དེ་བཞིན་དུ་དངོས་གཞན་ལ་འཇུག་པ་གཉིས་ཡོད་པའི་དང་པོ་ལ། །བདག་གི་དྲུང་གི་འདི་ཞེས་པ་ལྟ་བུ་ཉེ་བར་གསལ་བ་དང་།
འདི་མཐོང་ཞེས་པ་ལྟ་བུ་མངོན་སུམ་དུ་གསལ་བ་ལ་འཇུག་པ་དང་། སྒྲ་མི་སྙན་ལ་བལྟོས་ན་རི་རབ་འདི་འཛམ་བུ་གླིང་ལ་ཐག་ཉེ་འོ་ཞེས་པ་ལྟ་བུ་བལྟོས་པའི་དོན་ཏོ།
།མི་འཇུག་པ་ནི་དེ་ཉིད་ལས།
ལྐོག་ཏུ་གྱུར་དང་རིང་བ་དང་། །
གལ་ཏེ་བསྟན་བྱ་དུས་ཉིད་ན། །
འདས་དང་མ་འོངས་སྤང་བར་བྱ། །
ཞེས་པས་དོན་ལྐོག་ཏུ་གྱུར་པ་དང་དངོས་པོ་རྒྱང་རིང་བ་ལ་མི་འཇུག་ཅིང་།
དེ་བཞིན་དུ་འདི་ཞེས་བྱ་བ་འདས་པ་དང་མ་འོངས་པའི་དུས་སྟོན་བྱེད་དུ་མི་འཇུག་གོ། དེ་ཉིད་ལས།
ད་ནི་སྐབས་སུ་བབ་པའི་ཚིག།
ད་ལྟར་བྱུང་ལ་སྦྱར་བ་སྟེ། །
འདས་པའི་སྐབས་ལ་རྣམ་པར་སྤང་། །
ཞེས་པས། ད་ནི་ཞེས་པའི་སྒྲ་ནི་ད་ལྟ་འཆད་པར་འགྱུར་བའི་དུས་ལ་སྦྱོར་བའི་སྐབས་སུ་བབ་པའི་ཚིག་སྟེ།
ད་ནི་ཐོ་རངས་ཀྱི་དུས་ལ་ཟིན་ནོ་ཞེས་པ་ལྟ་བུ་ལ་འཇུག་གི་འདས་པའི་དོན་སྟོན་པ་ལ་འཇུག་པ་མ་ཡིན་ནོ།
།དེ་ཉིད་ལས།
ན་ཞེས་བྱ་བའི་ཚིག་གི་དོན། །
དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་། །
རྒྱུ་མཚན་དོན་གྱིས་བསྟན་པ་དང་། །
ལས་དང་ཆེད་དང་བརྟེན་གནས་དང་། །
ཕྱི་ཚིག་དོན་གཞན་སོགས་སྟོན་དང་། །
འོས་པར་དཀའ་བ་མཆོག་འཛིན་པས། །
ཕྱི་ཚིག་ངེས་པར་བྱེད་པ་དང་། །
དེ་ལས་ལྡོག་པ་ཉིད་དང་ནི། །
འགལ་བའང་མི་འགལ་སྟོན་པ་དང་། །
སྨོན་དང་འདྲི་དང་ཐེ་ཚོམ་བཞི། །
ཚེ་སྐབས་རྣམས་ལ་འདི་མཐོང་ངོ་། །
ཞེས་གསུངས་པས་ལ་དོན་གྱི་སྒྲ་ལྔ་ལ་འཇུག་ཚུལ་གོང་དུ་སྨོས་ཟིན་ཀྱང་།
དེར་མ་འདུས་པ་ཁ་དོག་དཀར་ན་ལྷ་ཞེས་པ་ལྟ་བུ་དམིགས་ཀྱིས་འབྱེད་པ་དང་། རྒན་ན་ཚོད་ཆེ་ལྟ་བུ་རྒྱུ་མཚན་དང་།
དེས་ན་ཆོས་ལ་བསླབ་པར་བྱའོ་ལྟ་བུ་རྒྱུ་མཚན་དོན་གྱིས་བསྟན་པ་དང་། གང་ན་དུ་བ་ཡོད་ན་མེ་ཡོད་ཅེས་པ་ལྟ་བུ་ཕྱི་ཚིག་གིས་དོན་གཞན་སྟོན་པ་དང་།
ལྷའང་ཕྱག་འཚལ་ན་མི་ལྟ་ཅི་སྨོས་ཞེས་པ་ལྟ་བུ་མི་འོས་པའི་ཚིག་གིས་ཕྱི་མ་ངེས་པར་བྱེད་པ་ལྟ་བུ་དང་།
དོན་དམ་པ་དབྱེར་མེད་ན་ཀུན་རྫོབ་ཏུ་དབྱེར་ཡོད་ཅེས་པ་ལྟ་བུ་འགལ་བའང་མི་འགལ་བར་སྟོན་པ་དང་།
བྱང་ཆུབ་ཀྱི་སྙིང་པོའི་ཕྱིར་བདག་རྫོགས་པའི་བྱང་ཆུབ་འཐོབ་པར་བྱ་ན་ཞེས་པ་ལྟ་བུ་སྨོན་པའི་དོན་དང་།
གཟུགས་གཟུགས་སུ་རུང་བ་ཡིན་ན་འདི་ཅིས་གཟུགས་སུ་རུང་ལྟ་བུ་འདྲི་བའི་གཞི་དང་། ས་བོན་ཡོད་ན་མྱུ་གུ་འབྱུང་ངམ་མི་འབྱུང་ཞེས་པ་ཐེ་ཚོམ་གྱི་གཞི་ལྟ་བུ་རྣམས་ལའང་འཇུག་གོ།
ཁོ་ན་ནི། དེ་ཉིད་ལས།
ངེས་པར་བཟུང་བའི་ཚིག་གི་དོན། །
གཞན་མི་ལྡན་དང་གཞན་ལ་མིན། །
ལྡན་པ་ཙམ་དུ་འཛིན་པ་དང་། །
མ་ངེས་པ་ནི་རྣམ་པ་གཉིས། །
དེ་བཞིན་མི་བསླུ་བ་ཉིད་དང་། །
ཁོ་ན་དག་ནི་རྣམ་པ་དྲུག།
ཅེས་ངེས་བཟུང་གི་དོན་ལ་འཇུག་པ་དེ་ཁོ་ན་ཉིད་དང་།
།གཞན་ལྡན་རྣམ་གཅོད་ཀྱི་ངག་དེ་བཞིན་གཤེགས་པ་ཁོ་ན་ལ་ཡོན་ཏན་ཡོངས་སུ་རྫོགས་པ་མངའ་འོ་ཞེས་པ་ལྟ་བུ་དང་།
གཞན་མི་ལྡན་པར་ངེས་པ་ནི།
ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །
བཅོ་བརྒྱད་བཤད་པ་གང་ཡིན་དང་། །
རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །
ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །
ཞེས་པ་ལྟ་བུ། གཞན་ལ་མི་ལྡན་པར་མ་ངེས་པ་ནི།
སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་ཞེས་པ་ལྟ་བུ་དང་། གཞན་ལ་མི་ལྡན་པར་ངེས་པ་ནི། སྲིད་སྒྲུབ་ལས་ནག་པ་ཁོ་ན་འཕོང་སྐྱེན་ཞེས་པ་ལྟ་བུ་དང་།
དོན་དེ་དེ་ཁོ་ནའོ་ཞེས་པ་ལྟ་བུ་བདེན་ཅིང་མི་བསླུ་བའི་དོན་ལ་འཇུག་པ་སྟེ་དྲུག་གོ། རྣམ་འགྲེལ་ལས།
ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །
བྱེད་པས་མི་ལྡན་གཞན་ལྡན་དང་། །
ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད། །
ཁྱད་པར་ཁྱད་པར་ཅན་དག་དང་། །
བྱ་བ་དག་ནི་ལྷན་གཅིག་བརྗོད། །
ཅེས་ཚིག་ཕྲད་ཐ་དད་པར་བྱེད་པའི་དབྱེ་བས་མི་ལྡན་རྣམ་གཅོད་ཀྱི་ངག་ཁྱད་པར་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་དཔེར་ན་ནག་པ་འཕོང་སྐྱེན་ཞེས་པ་དང་།
གཞན་ལྡན་རྣམ་གཅོད་ནི། ཁྱད་པར་ཅན་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་ནག་པ་ལས་སྲིད་གྲུབ་འཕོང་སྐྱེན་ཞེས་པ་དང་མི་སྲིད་རྣམ་གཅོད་ཀྱི་བྱ་བ་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་མཚོ་སྐྱེས་ལ་སྔོན་པོ་སྲིད་པར་འགྱུར་ཞེས་པ་ལྟ་བུ་དེ་ཉིད་ལས།
གང་ཕྱིར་དག་འབྲས་རྣམ་གཅོད་ཕྱིར། །
དཔེར་ན་ནག་པ་འཕོང་སྐྱེན་པའམ། །
སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །
སྔོན་པོ་མཚོ་སྐྱེས་འགྱུར་ཤེས་བཞིན། །
ཅེས་གསུངས། འོ་ན་དེར་ཁོ་ན་ཞེས་པའི་ངོས་བཟུང་གི་ཚིག་དངོས་སུ་དགོས་སམ་ཞེ་ན་ཡོད་ན་རུང་གིམེད་ཀྱང་བརྗོད་འདོད་ལས་དོན་རྟོགས་པར་འགྱུར་ཞེས་སྟོན་པ་ལ།
དེ་སྦྱར་མེད་ཀྱང་བརྗོད་འདོད་ལས། །
དེ་དོན་ཉིད་ནི་རྟོགས་པར་འགྱུར། །
ཞེས་གསུངས་པ་རྣམ་གྲངས་སོ།
།ཉིད་ཀྱི་སྒྲ་ནི་སྨྲ་སྒོ་ལས།
ཉིད་ནི་དེ་བཞིན་ཅུང་ཟད་དུ། །
ཕྱི་ཚིག་ཐ་དད་མིན་པ་དང་། །
དངོས་པོའི་རྐྱེན་དུ་འགྱུར་བའོ། །
ཞེས་པས་ཕལ་ཆེར་ཁོ་ན་དང་དོན་མཚུངས་ལ།
ཅུང་ཟད་མི་འདྲ་བ་ཚིག་ཕྱི་མ་རང་ལས་ཐ་མི་དད་པར་སྦྱོར་བ་ཨུཏྤལ་ཉིད་སྔོན་པོ་ཞེས་པ་ལྟ་བུ་དང་།
དངོས་པོའི་རྐྱེན་དུ་འགྱུར་བ་སྲ་བ་ཉིད་ཅེས་པ་ལྟ་བུ། ཙམ་གྱི་སྒྲ་ནི། དེ་ཉིད་ལས།
ཚད་འཛིན་ལྷག་མ་འགོག་པ་ཡི། །
ཙམ་ཞེས་བྱ་བ་རྣམ་པ་གཉིས། །
ཞེས་ཚད་འཛིན་པ་རྡུལ་ཕྲ་མོ་ཙམ་མོ།
།རི་རབ་ཙམ་མོ་ཞེས་དང་། །ལྷག་མ་འགོག་པར་རེ་ཞིག་དེ་ཙམ་མོ་ཞེས་པ་ལྟ་བུ། གཞན་ཡང་ལྷག་མ་འགོག་པ་ལ་འབའ་ཞིག་དང་ཤ་སྟག་སོགས་ཀྱང་འཇུག་སྟེ།
དེ་ཉིད་ལས།
འབའ་ཞིག་ལ་སོགས་དེ་བཞིན་སྦྱར། །ཞེས་གསུངས།
དོན་ལྷག་པར་སྟོན་པའི་ཕྲད་ནི།
ཡང་དག་པ་དང་། ཡོངས་སུ་དང་། ཀུན་ཏུ་དང་། རབ་ཏུ་དང་། རྣམ་པ་དང་། ཉེ་བར་དང་། ཤིན་ཏུ་ལ་སོགས་པ་སྟེ།
ཡང་དག་ཡོངས་སུ་ཀུན་ཏུ་སོགས། །
སྒྲ་བཞིན་དང་ནི་ཕྲད་དུའོ། །
ཞེས་གསུངས། ཚུལ་གྱི་སྒྲ་ནི།
ཚུལ་ནི་འདྲ་དང་སྨད་པ་དང་། །
སྒོ་དང་སྡོམ་པ་མཚན་ཉིད་དང་། །
ཐབས་དང་རིགས་པ་དོན་དང་འདོད། །
ལེགས་པ་དག་ལ་འཇུག་པ་ལས། །
འདྲ་བར་སྦྱར་བ་ཕྲད་དུ་འདོད། །
ཅེས་དོན་བཅུར་གསུངས་པའི་འདྲ་བར་འཇུག་པ་ནི་མཚུངས་པ་གསལ་བྱེད་ཀྱི་སྒྲར་བཤད་པ་བཞིན་དང་།
སྨད་པ་ལ་འཇུག་པ་ནི་མི་ངན་པ་ལ་མིའི་ཚུལ་ཞེས་པ་དང་། ཐབས་སྒོ་ལ་འཇུག་པ་ནི་ཚུལ་དེ་ལ་ཞུགས་ཤིག་ལྟ་བུ།
སྡོམ་པ་ལ་འཇུག་པ་ནི་ཚུལ་ཁྲིམས་ལྟ་བུ། མཚན་ཉིད་ལ་འཇུག་པ་ནི་ངག་ཚུལ་ལྟ་བུ། ཐབས་ལ་འཇུག་པ་ནི་རིགས་ཚུལ་ལྟ་བུ།
རིགས་པ་ལ་འཇུག་པ་ནི་བྱ་བ་ཚུལ་ལྡན་བྱས་ལྟ་བུ། དོན་ལ་འཇུག་པ་ནི་ཚུལ་བཟུང་ལྟ་བུ། འདོད་པ་ལ་འཇུག་པ་ནི་བྱ་ཚུལ་ལྟ་བུ།
ལེགས་པ་ལ་འཇུག་པ་ནི་ཚུལ་བཞིན་ཡིད་ལ་བྱེད་ལྟ་བུའོ། །བཞིན་གྱི་སྒྲ་ནི།
བཞིན་ལ་སོགས་པའི་ཚིག་གི་དོན། །
མ་ནོར་བ་དང་ཡིན་པ་དང་། །
འདྲ་བ་དག་ཏུ་སྦྱོར་བའོ། །
ཞེས་དེ་བཞིན་གཤེགས་པ་ལྟ་བུ་མ་ནོར་བ་དང་།
དེ་དེ་བཞིན་ནོ་ཞེས་དང་། རབ་བཏགས་གསལ་བྱེད་ཀྱི་བཞིན་སྒྲ་ལྟ་བུ་ཡིན་པའི་དོན་དང་། །མཚུངས་པ་གསལ་བྱེད་ཀྱི་བཞིན་སྒྲ་ལྟ་བུ་འདྲ་བའི་དོན་ནོ།
།ཅིང་གི་སྒྲ་ནི།
ཅིང་ལ་སོགས་པ་བསྡུ་བ་དང་། །
མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །
ཞེས་པ་སྔ་མ་ཀྱང་སོགས་དང་དོན་མཐུན་ལ།
ཕྱི་མ་འདོད་ཅིང་ཆགས་པ་ཞེས་པ་ལྟ་བུ་དང་། གལ་ཏེ་ཕྲད་གཉིས་འདུས་པའམ། ཡང་ན་མང་པོ་འདུས་པ་ན།
སྔ་ཕྱི་ཕན་ཚུན་ཟིལ་གནོན་དང་། །རང་གི་ཆ་ལྡན་དག་ཏུ་སྦྱར། །
གང་ལ་དམིགས་འཛིན་མི་བྱེད་དང་། དམིགས་འཛིན་རྟེན་དང་ཕྲད་གྱུར་ན། །
གཉིས་པར་འགྱུར་བ་མཐུ་ཡིན་ནོ། །ཕྱོགས་གཅིག་ཁོང་དུ་ཆུད་པ་ལས། །
ཕྱོགས་གཅིག་འདྲི་བར་བྱེད་པ་ནི། །འོ་ན་ཞེས་པའི་ནུས་པའོ། །
དེ་ལ་དམིགས་འཛིན་སྔ་མ་བཞིན། །གཞན་འདྲེན་བྱེད་པ་སྟེ་ཡིན་ཏེ། །
ན་ཡི་ཕྱོགས་གཅིག་དག་ཏུ་བྱེད། །དེ་གཉིས་ལྡན་པའི་ཕྲད་རྣམས་ནི། །
དམིགས་འཛིན་ལྡན་མི་ལྡན་གཉིས་ཏེ། །སྔ་མ་དོན་གྱིས་བསྡུ་བར་བྱ། །
ཡོད་ན་སྔ་མ་དངོས་སུ་སྡུད། །གལ་ཏེ་ཇི་སྟེ་འོན་ཏེ་དང་། །
དེ་དེ་ན་ཞེས་སྦྱར་བར་བྱ། །འོན་ཀྱང་འོ་ན་ཡང་ཞེས་པ། །
བསྡུ་བ་གཉིས་ལྡན་གཉིས་བསྡུ་བྱ། །མཐུན་དང་ཐ་དད་སྐབས་ཀྱི་མཐུའོ། །
གང་ལྟར་ཇི་ལྟར་དེ་ལྟར་དང་། །ཇི་བཞིན་དེ་སྐད་ལ་སོགས་པ། །
ཇི་སྐད་སྟོན་པའི་ཆ་གཉིས་ལྡན། །
ཞེས་སོགས་འབྱུང་བ་གོ་སླའོ།
།འདི་དག་ཚིག་གི་ཕྲད་སྨྲ་སྒོ་ལས་བཤད་པ་ལྟར་གངས་ཅན་པའི་སྒྲ་དང་མཐུན་པར་བཀོད་པ་ཡིན་གྱི།
སྤྱིར་སྨྲ་སྒོ་འདི་ཉིད་དཔང་ལོ་ཙཱ་བས་དགག་པ་དུ་མ་དང་བཅས་ཏེ་ཕྲད་དང་རྣམ་དབྱེ་མ་ཕྱེད་པ་དང་།
ཕྲད་འདུས་སོགས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པར་བཤད་ནས། ཇི་སྐད་དུ། དེའི་ཕྱིར་སྨྲ་སྒོ་ནི་རྒྱ་གར་གྱི་པཎྜིཏས་བརྩམས་པ་མ་ཡིན།
བོད་ཀྱི་པཎྜིཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ་མཁས་པར་རློམ་པ་བློ་གསལ་པོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་།
།ཞེས་གསུངས་པ་མཁས་པ་འགའ་ཞིག་དུས་དེར་བསྟན་བཅོས་འདི་ཧ་ཅང་དར་ཆེ་བས། ཀ་ཙན་སོགས་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་འཕྲིན་ལས་ལ་གནོད་པ་བྱུང་བར་བརྟེན།
དགོངས་པ་ཅན་གྱི་གསུང་ཡིན་གསུངས་པའང་འདུག་ཅིང་། གཞན་པ་ཕལ་ཆེར་པཎ་ཆེན་སྨྲྀ་ཏིའི་གསུང་ཡིན་པར་བཞེད་ལ།
བསྟན་འགྱུར་དཀར་ཆག་སྒྲིག་པོ་རྣམས་ཀྱིས་ཀྱང་། སྨྲྀ་ཏིའི་མཛད་བྱང་དང་བཅས་ཏེ་དེར་འཇུག་པར་མཛད།
རོང་ཟོམ་ཆོས་བཟང་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་སྔ་ཕྱིའི་མཁས་པ་མང་པོས་རྒྱས་འགྲེལ་གྱིས་གཏན་ལ་ཕབ་མོད།
དོན་ལ་སྨྲྀ་ཏིའི་གསུང་ཡིན་མིན་ཇི་ལྟར་ནའང་སུམ་རྟགས་དང་དགོངས་པ་ཕལ་ཆེར་མཐུན་པའི་གངས་ཅན་པའི་སྐད་ལ་ཉེ་བར་མཁོ་བར་མཐོང་ལ།
དེས་ནི་ཚིག་གིས་དོན་སྟོན་པ་ལ་ཚིག་སྦྱོར་དགོས་ཤིང་། དེས་ཀྱང་དོན་གསལ་པོར་སྟོན་པ་ལ་ཕྲད།
ཕྲད་འདུས། ཚིག་རྒྱན་རྣམས་མེད་མི་རུང་གི་ཡན་ལག་ཡིན་པས། འདི་དག་གི་སྦྱར་མཚམས་ཚིག་སྔ་ཕྱིའི་འགྲོས་དང་བསྟུན་པའི་མཚམས་སྦྱོར་བྱེད་དགོས་པར་གསུངས་པས།
དེ་ཉིད་ཡིན་གྱིས། ལེགས་པར་སྦྱར་བའི་བསྟན་བཅོས་ཀྱི་མཚམས་སྦྱོར་དང་འཁྲུལ་བར་མི་བྱའོ།
།
གཉིས་པ་༼མཁས་པས་ཉམས་སུ་བླང་ཚུལ་༽ནི།
རྗེས་འཇུག་སྦྱོར་བ་མཁས་པ་ན། །
ལུང་གི་དོན་དང་སྦྱོར་བ་དང་། །
བླ་མའི་མན་ངག་གསུམ་སྦྱར་ནས། །༢༤། །
དོན་གྱི་ཐོག་ཏུ་དབབ་པར་བྱ། །
ཞེས་གསུངས་པས། རྗེས་འཇུག་བཅུའི་སྦྱོར་བ་མཁས་པར་ཤེས་པ་ན།
མདོ་སྡེ་རྒྱན་ལས།
མཉམ་པ་ཉིད་དང་དོན་གཞན་དང་། །
དེ་བཞིན་དུ་ནི་དུས་གཞན་དང་། །
གང་ཟག་གི་ནི་བསམ་པ་ལ། །
དགོངས་པ་རྣམ་པ་བཞིར་ཤེས་བྱ། །
ཞེས་གསུངས་པ་ལྟར་མཉམ་པ་ཉིད་ལ་དགོངས་པ་དང་།
དོན་གཞན་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་སྟེ་དགོངས་པ་ཅན་བཞི་དང་།
ཡང་དེ་ཉིད་ལས།
ཞུགས་པ་ལྡེམ་པོར་དགོགས་པ་དང་། །
མཚན་ཉིད་ལྡེམ་པོར་དགོངས་པ་དང་། །
གཉེན་པོ་ལྡེམ་པོར་དགོངས་པ་དང་། །
བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །
ཉན་ཐོས་དང་ནི་ངོ་བོ་ཉིད། །
དེ་བཞིན་ཉེས་པ་འདུལ་བ་དང་། །
བརྗོད་པ་ཟབ་པ་ཉིད་ལ་ནི། །
ལྡེམ་པོར་དགོངས་པ་རྣམ་པ་བཞི། །
ཞེས་གསུངས་པ་ལྟར་ལྡེམ་དགོངས་བཞི་དང་།
ཀུན་བརྟགས། གཞན་དབང་། ཡོངས་གྲུབ་སྟེ་མཚན་ཉིད་གསུམ་ལ་སོགས་པའི་ལུང་གི་དོན་ནང་རིག་པ་དང་།
སྒྲ་དང་ཚད་མ་བཟོ་གསོ་བ་སྟེ་ཐུན་མོངས་བའི་རིག་པའི་བསྟན་བཅོས་སོགས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་མཐུན་པར་སྦྱོར་བ་དང་།
བརྒྱུད་པ་རྣམ་པར་དག་པའི་བླ་མའི་མན་ངག་དང་བཅས་གསུམ་སྦྱར་ནས་ཚིག་གིས་དོན་གྱི་ཐོག་ཏུ་དབབ་པར་བྱ་སྟེ།
དེ་ལའང་ཤིན་ཏུ་རྟོགས་པར་སླ་བ་རྣམས་མངོན་སུམ་གྱི་རིགས་པ་དང་། ཅུང་ཟད་རྟོགས་པར་དཀའ་བ་རྣམས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དང་།
ཤིན་ཏུ་རྟོགས་པར་དཀའ་བ་ལྐོག་གྱུར་གྱི་དོན་རྣམས་སྔ་ཕྱི་དངོས་ཤུགས་མི་འགལ་བའི་ལུང་རྣམ་པར་དག་པས་གཞལ་དགོས་པས།
གཞལ་བྱའི་གནས་གསུམ་དཔྱད་པ་གསུམ་གྱིས་བརྟག་དགོས་པར། ལུང་གི་དོན་དང་སྦྱོར་བ་དང་། །ཞེས་པས་བསྟན་ནས།
དེའི་ཚིག་ཕྱི་མས་ནི། དེ་དག་ཐམས་ཅད་ཀྱང་བླ་མའི་མན་ངག་དག་ལ་བརྟེན་དགོས་པར་བསྟན་ཅིང་།
དེའི་དོན་མདོ་སྡུད་པ་ལས་ཀྱང་།
སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །
བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །
ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །
དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །
སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟན་ཏོ་ཞེས། །
ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །
ཞེས་གསུངས་པ་ལྟར་རོ།
།
གསུམ་པ་༼དེའི་ཐོག་མའི་བསླབ་རིམ་བསྟན་པ་༽ནི།
བསླབ་ལ་བརྩོན་པའི་གང་ཟག་གིས། །
དང་པོར་ང་རོ་རྣམས་ལ་སྦྱང་། །
སྔོན་འཇུག་རྗེས་འཇུག་མིང་གཞི་གསུམ། །༢༥
ཀློག་གི་ཆེད་དུ་བསླབས་པ་ཡིན། །
རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །
མཉན་བསམ་བསྟན་པའི་ཆེད་དུ་སྦྱར། །
ཡན་ལག་༼མན་ངག་༽དེ་དག་མཐུ་ཡིས་ནི། །༢༦། །
འབྲས་བུའི་ཆེད་དུ་དོན་ལ་དབབ། །
བསླབ་པའི་རིམ་པ་འདི་ཡིས་ནི། །
གང་ཞིག་འབད་པ་ཆུང་ངུས་ཀྱང་། །
ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །༢༧། །
དེ་ཕྱིར་དང་པོར་འདི་ཉིད་བསླབ། །
དེ་ནས་རྒྱས་པའང་མཉན་བྱས་ཏེ། །
བསླབ་པ་གང་ལ་དད་པ་ཡི། །
གཞུང་ཉིད་བླ་མ་དག་ལ་མཉན། །༢༨། །
ཞེས་གསུངས་པ་ནི་བསླབ་པར་བྱ་བའི་གནས་མཐའ་དག་ལ་བརྩོན་པའི་གང་ཟག་ལས་དང་པོ་པ་དེས་ཐོག་མར་ང་རོ་རྣམས་ལ་རང་རང་གི་འབྱུང་ཁུངས་ནས་ལེགས་པར་ཐོན་པའི་སྐད་ཀྱིས་སྦྱང་བར་བྱ་ཞིང་།
དེ་ནས་སྔོན་འཇུག་ལྔ་དང་མིང་གཞི་སུམ་ཅུ་དང་། རྗེས་འཇུག་བཅུ་སྟེ་གསུམ་པོ་རྣམས་དབྱེ་བསྡུ་སྦྱར་ཚུལ་སོགས་གཞུང་འདི་ཉིད་དུ་རྒྱ་ཆེར་བསྟན་པ་ནི་ཀློག་གི་ཆེད་འདིར་བསྟན་པས་བརྩོན་པས་བསླབ་པར་བྱ་བ་ཡིན་ལ།
བསྟན་བཅོས་ཕྱི་མ་རྟགས་འཇུག་ནས་བྱུང་བའི་སྔོན་འཇུག་དང་རྗེས་འཇུག་གཉིས་གང་ལ་འཇུག་པ། གང་གིས་འཇུག་པ།
ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་བཞིའི་སྦྱོར་བ་ནི་བླ་མ་ལས་ཆོས་མཉན་པ་དང་། རང་ཉིད་ཀྱིས་བསམ་པ་དང་།
གཞན་ལ་བསྟན་པའི་ཆེད་དུ་སྦྱར་བ་ཡིན་ལས། ཡན་ལག་དེ་དག་གི་མཐུ་འམ་ནུས་པ་ཡིས་ནི་འབྲས་བུའི་མཆོག་རྣམ་མཁྱེན་གྱི་གོ་འཕང་འཐོབ་པར་བྱ་བའི་ཆེད་དུ་གསུང་རབ་ཀྱི་དོན་རྣམས་ཡང་དག་པའི་རིག་པས་གཏན་ལ་དབབ་པར་བྱའོ།
།དེ་ལྟ་བུའི་བསླབ་པའི་གོ་རིམ་ཁྱད་པར་འཕགས་པ་འདིས་ནི་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ།
སྐྱེས་བུ་གང་ཞིག་འབད་པ་ཆུང་ངུས་ཀྱང་འདི་ཉིད་ལ་ཅུང་ཟད་བསླབས་ན་ཤེས་རབ་མྱུར་དུ་གྲོལ་བར་འགྱུར་བ་དེའི་ཕྱིར།
མཁས་པར་འདོད་པ་རྣམས་ཀྱིས་དང་པོར་གཞུང་འདི་ཉིད་ལ་བསླབ་པར་བྱ་ཞིང་། དེ་ཤེས་ནས་བརྡ་སྤྲོད་པའི་གཞུང་རྒྱས་པའང་མཉན་པར་བྱ་བ་དང་།
དེ་རྣམས་ཁོང་དུ་ཆུད་པར་བྱས་ནས་ལྷག་པ་ཚུལ་ཁྲིམས། ལྷག་པ་ཤེས་རབ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གསུམ་རང་ཉིད་གང་ལ་དད་པའི་གཞུང་ཉིད་ནས་བརྩམས་ཏེ།
སྡེ་སྣོད་གསུམ་བླ་མ་རྣམས་ལས་མཉན་པར་བྱ་ཞིང་། དེའི་དོན་ཚུལ་བཞིན་ཡིད་ལ་བགྱི་བས་འབད་པར་བྱའོ།
།ཞེས་གསུངས་ལ། འདིའི་སྐབས་ཀྱི་དང་པོར་ང་རོ་ལ་སྦྱང་ཚུལ་ནི། འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག་ལས།
དང་པོར་ང་རོ་དྲང་པོ་སྟེ། །ཀ་་ཞེས་བྱ་བ་ནས་ཨ་ཞེས་བྱ་བའི་བར་ལ་བསླབ་སྟེ། སྨྲ་བའི་སྒོ་ལས།
ང་རོ་དྲང་པོ་ལས་གྱུར་པ། །
ཀ་སོགས་སྡེ་ནས་རིམ་བཞིན་དུ། །
ཞེས་གསུངས་པ་ལྟར་འདིར་ཡང་ཡི་གེ་སུམ་ཅུ་ལ་ངག་འབྱོངས་པ་དང་།
ཨཱ་ལི་བཞི་པོ་རྣམས་དེ་དག་ལ་སྦྱར་ཏེ། སྨྲ་བའི་སྒོ་ལས།
དྲང་པོ་དག་ལ་ཇི་ལྟ་བ། །
ང་རོས་གཞན་ལའང་དེ་བཞིན་ཏེ། །
ཞེས་གསུངས་པ་ཡིན་ཏེ།
དེའང་དང་པོ་ལ་བསྟན་ན། ཀའི་གུ་གུ་ཀིཀའི་ཞབས་ཀྱུ་ཀུཀའི་འགྲེང་བུ་ཀེཀའི་སྣ་རུ་ཀོཞེས་ཡི་གེ་སུམ་ཅུ་པོ་ཀུན་ལ་ང་རོ་བཞི་པོ་སྦྱར་ལ་ངག་སྦྱང་ངོ་།
།ཞེས་དང་། དེ་རྣམས་སྦྱར་ནས་སྦྱོར་ཀློག་ལ་འཛུད་པ་སྔོན་འཇུག་དང་པོས་འཕུལ་བ། དཔེར་ན། ག་འོག་ཅ།
གཅའི་ཞབས་ཀྱུ་གཅུ་གཅུ་ལ་ག་ས་གཅུགས་ཞེས་རྗེས་འཇུག་དང་བཅས་པ་དང་། སྔོན་འཇུག་ལྔ་པོ་ཀུན་ལ་འཕུལ་ཡིག་གི་སྒྲ་དང་བཅས་པས་ཀློག་པ་ནི།
ཇི་ལྟར་བདག་ཅག་འགྲོ་བ་རྣམས་ཀྱི་བླ་མ་རིན་པོ་ཆེ་བསོད་ནམས་རྩེ་མོས་གསུངས་པ། །
གས་འཕུལ་ཐོག་མར་རྐན་ནས་དབྱུང་། །
དས་འཕུལ་ལྕེ་རྩེ་གློད་པ་ལས། །
བ་མས་འཕུལ་བ་ཐོག་མར་ནི། །
མཆུ་བཙུམ་པ་ལ་ཁྱད་པར་སྣ། །
འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་། །
འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། །
གོ་རིམ་བཞིན་དབྱུང་། །
ཞེས་གསུངས་པ་ལྟར་རང་རང་གི་སྒྲ་དང་བཅས་པ་སྦྱོར་ཀློག་ལ་ལེགས་པར་འབྱོངས་པར་བྱ་སྟེ།
།དེ་ནི་ཀློག་མཁས་པར་བྱ་བའི་ཆེད་དུ་བསླབ་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལེགས་པར་མངོན་ཞིང་།
དེ་ལྟ་བུའི་ང་རོའི་གདངས་ཚུལ་བཞིན་མ་བསླབས་པས། དེང་སང་རྐྱང་པའི་སྐབས་སུའང་མིག་ལ་སྨིག་དང་།
བུ་ལ་སྤུ་སོགས་འཁྲུལ་པར་འབད་པ་མང་བ་མངོན་སུམ་དུ་མཐོང་ཞིང་། འདིའི་རྗེས་འཇུག་བཞིའི་སྐབས་སུ་འགྲེལ་པ་གཞན་རྣམས་གོང་དུ་སྨོས་པ་དང་བཞེད་ཚུལ་མཐུན་ལ།
མཁས་པའི་ཡིད་འཕྲོག་ལས། ལོ་ཆེན་ནམ་མཁའ་བཟང་པོ་དང་དྷརྨ་པཱལ་བྷ་དྲ་གཉིས་ཀས་རྟགས་འཇུག་ནས་བྱུང་བ་ལྟར།
རྗེས་འཇུག་བཞིའི་སྦྱོར་བ་སྟེ། གང་ལ་འཇུགགང་གིས་འཇུགཇི་ལྟར་འཇུགཅིའི་ཕྱིར་འཇུག་པ་རྣམས་ལ་བཤད་པ་ནི་སྐབས་སུ་མ་བབ་ཅིང་།
དོན་དང་ཡང་མ་འབྱོར་ཏེ། ཀློག་དག་པར་ཤེས་ནས་རྗེས་འཇུག་བཅུ་དང་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞིའི་སྦྱོར་བ་སླར་བསྡུ་སོགས་སྐབས་གསུམ་པར་བཤད་པ་ནི་གངས་ཅན་པ་ཀུན་གྱིས་སློབ་དཔོན་ལས་ཆོས་མཉན་པ་དང་།
ཐོས་པའི་དོན་རང་ཉིད་ཀྱིས་བསམ་པ་དང་། ཤེས་ནས་གཞན་ལ་བསྟན་པའི་ཆེད་དུ་ཐུ་མི་སམྦྷོ་ཊས་སྦྱར་བ་ཡི་གེའི་སྦྱོར་བའི་ཚོགས་འདིའི་ཡན་ལག་དེ་དག་མཐུ་ཡིས་ནི་ཞེས་པར།
ཞ་ལུ་ལོ་ཆེན་གྱིས་མཉན་པ་སོགས་ཀྱི་ཡན་ལག་དེ་དག་གི་མཐུ་ཡིས་ནི་ཞེས་དང་། མཁས་པའི་དབང་པོ་དབུས་པ་བློ་གསལ་གྱིས།
གསལ་བྱེད་ལུས་དང་དབྱངས་བཞི་ཡན་ལག་ཏུ་བཤད་ལ་ཁོ་བོ་ནི་ཐུ་མིས་ཡི་གེའི་སྦྱོར་བའི་ཚོགས་སྦྱར་བ་སོ་སོར་ཕྱེ་བ་སླར་བསྡུ་དང་།
རྣམ་དབྱེ་སོགས་ཡན་ལག་ཏུ་འདོད་ལ། ཡན་ལག་དེ་དག་སྐབས་ཐོབ་སོ་སོར་སྦྱོར་ཤེས་པའི་མཐུ་ཡིས་ནི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་བྱ་བའི་ཕྱིར་རོ།
།ཞེས་གསུངས་པའི་བཞེད་པ་རྗེས་འཇུག་ཅེས་པས་རྗེས་འཇུག་བཅུ་དང་། བཞི་ཞེས་པ་དབྱངས་བཞིར་བཞེད་འདྲ་བས།
དེ་ལྟར་ན་རྗེས་འཇུག་བཅུ་དང་དབྱངས་བཞི་ཀློག་པའི་ཆེད་དུ་བསླབ་མི་དགོས་པར་ཤུགས་ཀྱིས་བསྟན་པར་སོང་བས་དེ་ནི་ནམ་ཡང་མི་འཐད་དེ།
ཀློག་ཚུལ་ལ་གོང་དུ་རྗེས་འཇུག་བསྟན་པ་དང་དངོས་འགལ་དུ་སོང་བའི་ཕྱིར་དང་། དབྱངས་བཞི་སྦྱར་བའི་སྦྱོར་ཀློག་མང་དུ་བསླབ་དགོས་པའི་ཕྱིར་རོ།
།ཡན་ལག་གི་ངོས་འཛིན་ཡང་སླར་བསྡུ། རྣམ་དབྱེ་སོགས་ལ་མཛད་པ་མི་འཐད་དེ། རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ་བུམ་པའོ་ཞེས་པའི་སྒྲ་ལྟ་བུའི་འོ་དེ་ཡན་ལག་ཏུ་འགྱུར་ཏེ་རྣམ་དབྱེ་ཡིན་པའི་ཕྱིར་དང་།
དེ་ལྟར་ན་ཡི་གེ་དང་རྣམ་དབྱེའི་གཞི་མཐུན་མང་དུ་འབྱུང་བས་ཡན་ལག་ཅན་དང་ཡན་ལག་གཅིག་ཏུ་ཐལ་པ་སོགས་ཀྱི་སྐྱོན་དུ་འགྱུར་བས་སོ།
།
བཞི་པ་༼བསླབ་པའི་དུས་ཀྱི་བྱ་བ་བསྟན་པ་༽ནི།
སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །
ལེ་ལོ་གཡེང་བ་རྣམ་པར་སྤང་། །
ཟོ་བཟང་དད་པ་ལ་བརྟེན་པ། །
སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །༢༩། །
དེ་ལ་དུས་སུ་འདོམས་པར་བྱ། །
ཅིག་ཤོས་དེ་ལས་ལྡོག་པའོ། །༣༠། །
ཞེས་པ་ནི། ལས་དང་པོ་པས་གཞུང་ལུགས་འདི་ལ་བསླབ་པའི་ཚེ་ཁེངས་པ་མེད་པས་སློབ་དཔོན་དེ་དགེ་བའི་བཤེས་གཉེན་ཉིད་དུ་འཛིན་ཅིང་།
ཐོས་བསམ་ལ་སྒྱིད་ལུག་པའི་ལེ་ལོ་དང་། །བྱ་བ་ཕལ་པ་ལ་ཆགས་པའི་གཡེང་བ་རྣམ་པར་སྤངས་ནས། ཟོ་བཟང་བ་སྟེ་རང་བཞིན་བཟང་བའམ་ཟོ་མདོག་བཟང་བས་བཞིན་གྱི་མདངས་གསལ་བ་འཛུམ་པ་དང་བཅས་པས་རྟག་སྦྱོར་གྱི་བརྩོན་འགྲུས་དང་།
དང་བ་དང་བཅས་པའི་གུས་སྦྱོར་གྱི་བརྩོན་འགྲུས་གཉིས་ལ་བརྟེན་པའི་སྐྱེ་བུ་དེས་ནི་མྱུར་དུ་རྟོགས་པར་འགྱུར་ཏེ།
ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །ཞེས་གསུངས་པའི་ཕྱིར་དང་། དེ་ལྟ་བུའི་ཕྱིར་དང་།
དེ་ལྟ་བུའི་གང་ཟག་དེ་ལ་དུས་སུ་གང་བབ་པའི་ཚེ་འདོམས་པར་བྱ་ཞིང་། ཅིག་ཤོས་ནི་སྐབས་ཀྱི་ཟླ་ལ་འཇུག་པས་སྔར་བཤད་པའི་སྐྱེས་བུ་བརྩོན་འགྲུས་ཅན་དེ་ལས་གོ་ལྡོག་པ་དེས་ནི་མྱུར་དུ་རྟོགས་པར་མི་ནུས་པས་རེ་ཞིག་བཏང་སྙོམས་སུ་བྱ་ལ།
ཅི་ཞེ་ན། དེའང་དོན་དུ་གཉེར་ཞིང་འཇུག་པར་གྱུར་པ་ན། སླར་དེ་ལའང་འདོམས་པར་བྱའོ། །སྐབས་འདིར།
དེ་ལྟར་བཤད་དེས་དེང་ནས་འདིར། །
ཀུན་གྱིས་དེ་ལྟར་རྟོགས་གྱུར་ཅིག།
ཅེས་པ་ནི་རྗེ་ཞ་ལུ་པའི་ཊཱིཀ་ཚན་སོགས་འགྲེལ་པ་གཞན་རྣམས་ནས་མ་བཤད་པས།
མཁན་པོའི་གསུང་དུ་མ་བཞེད་པ་འདྲ་ནའང་། བསྟན་པའི་སྒྲོན་མེར་འདྲེན་པར་མཛད་འདུག་པ་བསྟན་བཅོས་འདི་ཉིད་ཀྱི་ཐ་མར་དགེ་བའི་ལེགས་སྨོན་དུ་མཁན་པོས་མཛད་དམ་སྙམ།
གསུམ་པ་༼བསྔགས་པ་བརྗོད་དེ་མཇུག་བསྡུ་བ་༽ནི། བྱཱ་ཀ་ར་ཎའི་རྩ་བ་ཤློཀ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ།
།ཞེས་པ་ནི་རྩོམ་པ་མཐར་ཕྱིན་པའི་བྱ་བ་སྨོས་པ་ཡིན་ལ། བསྟན་པའི་སྒྲོན་མེར་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པོ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ་ཞེས་གསུངས་པ་ལྟར་ན་འདི་ཉིད་བསྟན་བཅོས་བརྒྱད་ཀྱི་ལྔ་པ་ཡིན་པར་མངོན་ནོ།
།
གངས་ཅན་ཕུན་ཚོགས་ར་བ་རབ་ཡངས་པར། །
དོན་བཟང་པད་དཀར་གྱིས་མཛེས་ཚིག་གི་རྫིང་། །
མ་དག་དྲི་མ་བགྲུངས་པའི་ཀེ་ཏ་ཀཿ།
བློ་གྲོས་བུམ་པར་འཁྱིལ་བའི་ལྷ་ཡི་བུ། །
བཀྲ་ཤིས་གྲངས་ཀྱི་རྣམ་པར་དབྱེ་བའི་ཚིག།
ཕྲད་དང་བཅས་པའི་ལེགས་བཤད་ངོ་མཚར་གཟུགས། །༼སྦྱར་བའི་གཟུགས་ཅན།༽
རྣམ་འགྱུར་བརྒྱ་ཕྲག་འཆར་བའི་རི་བོང་ཅན། །
གཟུར་གནས་དྲན་དབང་མཆོད་པའི་ཡོན་དུ་སྦྲེང་། །༼ཏིང་ངེ་འཛིན།༽
བརྡ་སྤྲོད་རིགས་ལམ་བྱེ་བའི་འཆི་མེད་བཅུད། ༼ཆ་ཤས་གཟུགས་ཅན།༽
སྙིང་གི་ཡོལ་གོར་འཁྱིལ་བའི་ག་མ་ཀཿ།
མྱོས་པའི་བཞེད་སྒྲ་དབྱངས་བདུན་རྫོགས་པའི་གླུ། །
སྐྱུག་མཁས་འགྲོ་བའི་དཔལ་མོ་འདི་ན་སྣང་། །
དུས་གསུམ་བྱ་བྱེད་ཚིགས་གི་མེ་ཏོག་ཕྲེང་། །
རྣམ་དཔྱོད་སྲ་བུར་བརྒྱུ་ལ་མི་ངལ་བར། །
མཉེན་འཇམ་སོར་རྩེའི་ཟློས་གར་འཕྲུལ་པོ་ཆེ། །
བསྒྱུར་འདི་རིག་བྱེད་བདག་པོས་སྤྲུལ་ལམ་སྙམ། །༼རབ་བཏགས་ཀྱི་རྒྱན།༽།
རྟགས་ཀྱི་འཇུག་པ།
གཉིས་པ་རྟགས་ཀྱི་འཇུག་པ་བཤད་པ་ལ་ལྔ་ལས། དང་པོ་མཛད་པ་པོ་དང་། གཉིས་པ་ཕྱོགས་ནི་སྔ་མ་དང་མཐུན་ལ།
གསུམ་པ་མཚན་དོན་དང་། འགྱུར་ཕྱག་གི་དང་པོ་༼མཚན་དོན་༽ནི། རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱབཏཱར་ནཱ་མ།
བོད་སྐད་དུ། ལུང་དུ་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཞེས་དང་།
གཉིས་པ་༼འགྱུར་ཕྱག་༽ནི། བྱཱཀརཎའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་འཇམ་པའི་དབྱངས་ལ་འདུད་པ་སྟེ་གོ་སླ་ལ།
བཞི་པ་གཞུང་ཚད་ནི་ཤློཀ་སུམ་ཅུ་སོ་བཞི་རྐང་པ་གཅིག་གིས་ལྷག་པའོ། །ལྔ་པ་དངོས་ཀྱི་དོན་ལ་གསུམ།
སྒོ། གཞུང་དོན། མཇུག་གི་དོན་ནོ། །དང་པོ་༼སྒོ།༽ནི།
སྨྲ་བའི་སྐྱེ་མཆོག་སྨྲ་བའི་རྒྱལ། །
ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །
ཞེས་པ་སྟེ་ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་སྐྱེས་བུ་ཐམས་ཅད་ཀྱི་མཆོག་དང་སྨྲ་བ་པོ་དེ་དག་གི་ཆོས་ཀྱི་རྒྱལ་པོར་གྱུར་པ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་ཡིན་ལ།
དེ་ཉིད་ལ་བསྟན་བཅོས་ཕྱི་མ་འདི་ཉིད་རྩོམ་པའི་སྔོན་དུ་སླར་ཡང་ཕྱག་འཚལ་ལོ་ཞེས་འདུད་པར་མཛད་པའོ།
།
གཉིས་པ་གཞུང་གི་དོན་ལ་གསུམ། མིང་གཞིའི་ཡི་གེ་སོ་སོའི་རྟགས་ཀྱི་དབྱེ་བ་བཤད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།
རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །དང་པོ་༼མིང་གཞིའི་ཡི་གེ་སོ་སོའི་རྟགས་ཀྱི་དབྱེ་བ་བཤད་པ་༽ནི།
ཕོ་ཡི་ཡི་གེ་འབའ་ཞིག་ལ། །
སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །
སྡེ་ཚན་ལྔ་རུ་དྲིལ་བྱས་ལ། །
ཡི་གེ་སུམ་ཅུ་ཐམ་པ་ལ་ཕོ་མོ་མ་ནིང་གསུམ་དུ་དབྱེ།
ཕོ་དང་མ་ནིང་མོ་དང་ནི། །༡། །
ཤིན་ཏུ་མོ་དང་བཞི་བཞི་རུ། །
སྡེ་པ་བཞི་པ་ཡན་ཆད་དབྱེ། །
ལྷག་མ་བཅུ་བཞི་གནས་པ་ལ། །
ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །༢། །
ཝ་ནི་བ་དང་སྦྱར་བར་བྱ། །
ལྷག་མ་དྲུག་ནི་མོ་རུ་སྦྱར། །
ར་ལ་ཧ་ནི་མོ་གཤམ་སྟེ། །
མ་ནིང་མཚན་མེད་ཅེས་ཀྱང་བྱ། །༣། །
ཞེས་པ་སྟེ་སྤྱིར་ཡི་གེ་ལ་ཕོ་དང་མོ་གཉིས་ཏེ།
དབྱངས་ཡིག་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་ཡིག་ཡིན་པར་འདིར་ཤུགས་བསྟན་མཆོག་གི་སྦྱོར་བའི་སྒོ་ནས་བསྟན་ལ།
དེའི་ཕྱིར་གསལ་བྱེད་ཀྱི་ཡི་གེ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོ་ཡིག་ཡིན་པར་དངོས་སུ་བསྟན་པར་བཞེད་ནས།
ཕོ་ཡི་ཡི་གེ་འབའ་ཞིག་ཅེས་གསུངས་པ་ཡིན་ལ། དེལའང་།
སྤྱིར་བཏང་བ་ལ་དམིགས་ཀྱིས་གསལ། །
བསྟན་བཅོས་ལ་ནི་གཅེས་པར་འདོད། །
ཅེས་གསུངས་པའི་དོན་བཞིན་སྤྱིར་ཕོའི་ཡི་གེ་གསལ་བྱེད་ལ།
སྡེ་པ་ཕྱེད་དང་བརྒྱད་དུ་གནས་པ་ལ་དམིགས་གསལ་གྱི་སྒོ་ནས་སྡེ་ཚན་ལྔ་རུ་དྲིལ་བར་བྱས་ནས་བཤད་པར་བྱ་ལ།
དེ་ལྔ་པོ་ནི་ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་མམ་མ་ནིང་མཚན་མེད་དང་ལྔ་ལས།
དང་པོ་བཞི་རིམ་པ་བཞིན། སྡེ་པ་དང་པོ་ཀ་སྡེའི་དང་པོ་ཀ་ཡིག་ཕོ། གཉིས་པ་ཁ་ཡིག་མ་ནིང་། གསུམ་པ་ག་ཡིག་མོ།
བཞི་པ་ང་ཡིག་ཤིན་ཏུ་མོ་དང་། དེ་བཞིན་དུ་གཉིས་པ་ཅ་སྡེ། གསུམ་པ་ཏ་སྡེ། བཞི་པ་པ་སྡེ་ཡན་ཆད།
ཅ་ཏ་པ་ཕོ། ཆ་ཐ་ཕ་མ་ནིང་། ཇ་ད་བ་མོ། ཉ་ན་མ་ཤིན་ཏུ་མོར་དབྱེ་བར་བྱས་ལ། ལྷག་མ་ཡི་གེ་བཅུ་བཞི་གནས་པ་དེ་ལ།
ཙ་སོགས་ཏེ་ཙ་ཚ་ཛ་གསུམ་ནི་གོང་གི་ཅ་ཆ་ཇ་གསུམ་པོ་དང་སྦྱར་ནས། ཙ་ཕོ། ཚ་མ་ནིང་། ཛ་མོ་ཡིག་དང་།
ཝ་ནི་གོང་གི་བ་དང་སྦྱར་བས་མོ་དང་། དེ་བཞིན་དུ་ལྷག་མ་ཞ་ཟ་འ་ཡ་ཤ་ས་དྲུག་ཀྱང་མོའི་ཕྱོགས་སུ་གཏོགས་ལ།
ར་ལ་ཧ་གསུམ་ནི་མོ་གཤམ་མམ་མ་ནིང་མཚན་མེད་ཅེས་ཀྱང་བྱ་བས་དེ་ལྟར་ལྔར་དབྱེ་བར་བྱ་ཞིང་།
ཨ་ཡིག་ནི་རྟགས་མེད་པས་གང་གིས་ཕྱོགས་སུའང་མ་ལྷུང་བར་བཞག་ལ། དོན་འདི་ལ་དགོངས་ནས་རྗེ་ཞ་ལུ་པས།
སུམ་ཅུ་པ་ལ་ཕྱོགས་ལྷུང་མེད། །ཅེས་གསུངས་ཤིང་། འགྲེལ་པ་མཁས་པའི་དགའ་སྟོན་དུ།
ར་ལ་ཧ་ཨ་མོ་གཤམ་སྟེ། །ཞེས་པ། ཕྱིས་ཡི་གེ་ཉམས་པ་ཡིན་ཞེས་དང་། དྲི་ཚིག་དཔྱད་ཀྱི་ངལ་གསོའི་འབབ་སྟེགས་སུ།
སྐབས་འདིར་གསལ་བྱེད་སུམ་ཅུ་པོ་རྣམས་ལ།
ཕོ་མོ་མ་ནིང་རྟགས་རྣམས་འབྱེད་པའི་ཚེ། །
ཨ་ཡིག་རྟགས་མེད་ཅེས་དང་ཕོ་རྟགས་ཞེས། །
འཁྱོག་བརྗོད་སྤངས་པའི་དྲང་གཏམ་སྨྲ་བ་སུ། །
ཞེས་བཀོད་པའི་ལན། ཐུ་མི་ངལ་གསོ་སྤྱིར་བཏང་ཕོ་ཡིག་དང་།
དམིགས་གསལ་མཁས་པའི་དགའ་སྟོན་དང་མཐུན་པར་མོ་གཤམ་དུ་བཞེད་པ་ལྟར་འཐད་མོད་ནའང་། གྲགས་ཆེ་བའི་དབང་གིས་སྤྱིར་བཏང་ཕོ་ཡིག་ཏུ་བཤད་པ་གཞུང་གི་དངོས་བསྟན་དང་།
དམིགས་གསལ་རྟགས་མེད་དུ་བཤད་པ། ཤུགས་བསྟན་ཡིན་ཕྱིར་འདི་ཙམ་དངོས་འགལ་དུ་མི་འགྲོ་བས། དྲང་གཏམ་དེ་སྐད་དུ་སྨྲ་ལ།
འདིས་མཚོན་སྤྱིར་བཏང་དམིགས་གསལ་གྱི་དབྱེ་བ་གཞན་ནས་ཀྱང་མང་དུ་འབྱུང་ཕྱིར་འཁྱོག་བརྗོད་དུ་འགྱུར་བའི་དྭོགས་པ་མ་དགོས།
དེ་དག་གི་སྡོམ་དུ་ནི།
ཀ་ཅ་ཏ་པ་ཙ་རྣམས་ཕོ། །
ཁ་ཆ་ཐ་ཕ་ཚ་མ་ནིང་། །
ག་ཇ་ད་བ་ཛ་ཝ་ཞ། །
ཟ་འ་ཡ་ཤ་ས་རྣམས་མོ། །
ང་ཉ་ན་མ་ཤིན་ཏུ་མོ། །
ར་ལ་ཧ་ནི་མོ་གཤམ་མོ། །
གཉིས་པ་སྔོན་འཇུག་གི་འཇུག་པ་བཤད་པ་ལ་གསུམ། ཐུན་མོང་དུ་སྔོན་རྗེས་བསྡུ་བའི་ཚུལ་བཤད་པ།
སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ། དེའི་འཇུག་ཚུལ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་༼ཐུན་མོང་དུ་སྔོན་རྗེས་བསྡུ་བའི་ཚུལ་བཤད་པ་༽ནི།
མོ་ཡི་ཡི་གེ་ནང་ནས་ནི། །
འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །
འཇུག་པ་བཅུ་ཡི་ནང་ནས་ནི། །
སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །༤། །
ཞེས་པས་མོ་ཡིག་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅུ་གཉིས་དང་།
དེའི་སྟེང་དུ་ཤིན་ཏུ་མོ་ང་ཉ་ན་མ་བཞི། མོ་གཤམ་གྱི་ཡི་གེ་ར་ལ་ཧ་གསུམ་ཡང་བསྣན་པའི་བཅུ་དགུ་པོའི་ནང་ནས་རྗེས་འཇུག་གི་ཡི་གེ་ག་ང་ད་ན་བ་མ་འ་ར་ལ་ས་བཅུ་དབྱུང་བར་བྱ་ཞིང་།
འཇུག་པའི་ཡི་གེ་བཅུ་པོ་དེའི་ནང་ནས་ནི་སྔོན་འཇུག་གི་ཡི་གེ་ག་ད་བ་མ་འ་ལྔ་དབྱུང་བར་བྱའོ་ཞེས་སོ།
།
གཉིས་པ་སྔོན་འཇུག་རྟགས་ཀྱི་དབྱེ་བ་བཤད་པ་ལ།
སྔོན་འཇུག་ཡི་གེ་ལྔ་པོ་ལ། །
ཕོ་དང་མ་ནིང་མོ་དང་ནི། །
ཤིན་ཏུ་མོ་དང་བཞི་རུ་དབྱེ། །
ཞེས་གསུངས་པས། དེ་ལྟར་གོང་དུ་སྨོས་པའི་སྔོན་འཇུག་གི་ཡི་གེ་ལྔ་པོ་དེ་ལ་བ་ནི་སྔོན་འཇུག་གི་ཡི་གེ་ཕོ་དང་།
ག་ད་གཉིས་མ་ནིང་། འ་མོ། མ་ནི་ཤིན་ཏུ་མོ་དང་བཅས་ཏེ་བཞི་རུ་དབྱེ་བར་བྱའོ། །ཞེས་པ་སྟེ།
འོག་ནས་ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་སོགས་ཀྱི་རིགས་པས་གཞན་དུ་མི་འཁྲུལ་བར་ངེས་པའི་ཕྱིར་རོ།
།སྡོམ་ནི།
སྔོན་འཇུག་ཡི་གེ་ལྔ་པོ་ལའང་། །
བ་ཕོ་ག་ད་གཉིས་མ་ནིང་། །
འ་མོ་མ་ནི་ཤིན་ཏུ་མོ། །ཞེས་སོ། །
གསུམ་པ་དེའི་འཇུག་ཚུལ་རྒྱས་པར་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། །ལན་གྱི་རྒྱས་པར་བཤད་པའོ།
།དང་པོ་༼དྲི་བས་མཚམས་སྦྱར་བ་༽ནི།
དེ་དག་རེ་རེའང་བཞི་བྱེད་དེ། །༥། །
གང་ལ་འཇུག་བྱེད་གང་གིས་འཇུག།
ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག།
ཅེས་པ་སྟེ། སྔོན་འཇུག་ལྔ་པོ་དེ་དག་རེ་རེའང་བཞི་བཞི་བྱེད་དེ་དེའི་ཚུལ་མིང་གཞི་གང་ལ་འཇུག་པར་བྱེད་ཅིང་།
ཞར་ལ་མིང་གཞི་འགའ་ཞིག་ལ་མི་འཇུག་པའི་ཚུལ་ཡང་ཇི་ལྟ་བུ། ཡི་གེ་རང་གི་ངོ་བོ་གང་གིས་འཇུག་པར་བྱེད།
སྒྲ་དང་དོན་གྱི་ཚུལ་ཇི་ལྟར་འཇུག་པར་བྱེད། དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེས་དྲི་བ་བཞིའི་སྒོ་ནས་མཚམས་སྦྱར་ཏེ་འཆད་པར་བྱེད་དོ།
།
གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ་བཞི། གང་ལ་འཇུག་པར་བྱེད་པ་བཤད་པ། གང་གིས་འཇུག་པར་བྱེད་པ་བཤད་པ།
ཇི་ལྟར་འཇུག་པར་བྱེད་པ་བཤད་པ། ཅིའི་ཕྱིར་འཇུག་པར་བྱེད་པར་བཤད་པའོ། །དང་པོ་༼གང་ལ་འཇུག་པར་བྱེད་པ་བཤད་པ་༽ལ་གཉིས།
གང་ལ་འཇུག་པ་དངོས་བཤད་པ་དང་། དེ་མི་འཇུག་པ་བཤད་པའོ། །
དང་པོ་༼གང་ལ་འཇུག་པ་དངོས་བཤད་པ་༽ནི།
གང་ལ་འཇུག་པར་བྱེད་ཅེ་ན། །
ཕོ་ནི་ཕོ་དང་མོ་ལ་འཇུག། ༦། །
མོ་ནི་མོ་དང་མ་ནིང་ལའོ། །
མ་ནིང་ཡང་ནི་ཕོ་མོ་ལའོ། །
ཤིན་ཏུ་མོ་ནི་མ་ནིང་དང་། །
མོ་དང་ཤིན་ཏུ་མོ་ཉིད་ལའོ། །༧། །
ཞེས་ཏེ་སླར་ཡང་དྲི་བ་རྗེས་སུ་བརྗོད་དེ།
སྔོན་འཇུག་དེ་དག་གིས་ཡི་གེ་གང་དང་གང་གི་སྔོན་ལ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་ཕོ་ཀ་ཏ་ཙ་གསུམ་གྱི་སྔོན་དུ་རྐྱང་བརྩེགས་གཉིས་ཀའི་སྒོ་ནས་འཇུག་པ་དང་།
ཅ་ལ་རྐྱང་འཕུལ་ཁོ་ན། མོ་ག་ད་གཉིས་ལ་རྐྱང་བརྩེགས་གཉིས་ཀ་དང་། ཞ་ཟ་ཤ་ས་བཞི་ལ་རྐྱང་འཕུལ་ཁོ་ནའི་སྒོ་ནས་འཇུག་ཅིང་།
སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་མོ་ག་ཇ་ད་བ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་ལྔ་སྟེ་བཅུར་རྐྱང་འཕུལ་ཁོ་ནའི་སྒོ་ནས་འཇུག་པ་དང་།
དེ་བཞིན་དུ་སྔོན་འཇུག་གི་མ་ནིང་ག་ཡིག་ནི་ཕོ་ཅ་ཏ་ཙ་གསུམ་དང་། མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་དེ་བཅུ་གཅིག་དང་།
སྔོན་འཇུག་གི་མ་ནིང་ད་ཡིག་ནི་ཕོ་ཀ་དང་པ། མོ་ག་ང་བ་མ་སྟེ་དྲུག་ལ་རྐྱང་འཕུལ་ཁོ་ནའི་སྒོ་ནས་འཇུགསྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་བཞི་དང་།
མོ་ག་ད་ཇ་ཛ་བཞི། ཤིན་ཏུ་མོ་ང་ཉ་ན་གསུམ་བཅས་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནའི་སྒོ་ནས་འཇུག་གོ།
སྡོམ་ནི།
བ་ཡིག་སྔོན་འཇུག་ཕོ་ཡིན་པས། །མིང་གཞིའི་ཕོ་ཡིག་ཀ་ཅ་དང་། །
ཏ་ཙ་མོ་ཡིག་ག་ད་ཞ། །ཟ་ཤ་ས་ན་ར་ལའོ། །
མོ་ཡིག་འ་ནི་མིང་གཞི་ཡི། །མོ་ཡིག་ག་ཇ་ད་བ་ཛ། །
མ་ནིང་ཁ་ཆ་ཐ་ཕ་ཚ། །མ་ནིང་ག་ནི་ཕོ་ཏ་ཅ། །
ཙ་དང་མོ་ཡིག་ད་ཞ་ཟ། །ཡ་ཤ་ས་ན་ཉ་ལ་འོ། །
མ་ནིང་ད་ནི་ཕོ་ཀ་པ། མོ་ཡིག་ག་ང་བ་མར་རོ། །
ཤིན་ཏུ་མོ་ཡིག་མ་ཉིད་ནི། །མ་ནིང་ཁ་ཆ་ཐ་ཚ་མོ། །
ག་ཇ་ད་ཛ་ང་ཉ་ནར། །ཞེས་སོ། །
གཉིས་པ་མི་འཇུག་པ་བཤད་པ་ནི།
མི་འཇུག་པ་ནི་འདི་ལྟ་སྟེ། །
ཕོ་ནི་མ་ནིང་ལ་མི་འཇུག།
མོ་ཡང་ཕོ་ལ་འཇུག་མི་འགྱུར། །
མ་ནིང་རང་ལ་རང་མི་འཇུག། ༨། །
རང་གི་སྡེ་དང་འཕྲད་པ་ན། །
ཕོ་ཡང་མོ་ལ་འཇུག་མི་འགྱུར། །
མ་ནིང་མོ་ཡང་དེ་བཞིན་ནོ། །༩། །
ཞེས་པ་སྟེ་སྔོན་འཇུག་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅིང་།
དེ་བཞིན་དུ་སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མ་ཡིན་ཞིང་།
སྔོན་འཇུག་གི་མ་ནིང་རང་ག་ད་གཉིས་མིང་གཞིའི་མ་ནིང་ཁ་ཆ་ཐ་པ་ཚ་རྣམས་ལ་མི་འཇུག་པ་དང་། བཞི་ཚད་དུ་གནས་པའི་རང་གི་སྡེ་དང་ཕྲད་པ་ན་སྔོན་འཇུག་གི་ཕོ་བ་ཡིག་ཀྱང་མིང་གཞིའི་མོ་ལ་འཇུག་པ་མི་འགྱུར་ཏེ།
དཔེར་ན་བ་ཡིག་བ་ཡིག་གི་སྔོན་དུ་མི་འཇུག་པ་བཞིན་ནོ། །དེ་བཞིན་དུ་སྔོན་འཇུག་མ་ནིང་ག་ཡིག་ཕོ་ཀ་དང་།
མོ་ག་ང་། སྔོན་འཇུག་མ་ནིང་ད་ཡིག་ཕོ་ཏ་དང་། མོ་ད་ན་ལ་མི་འཇུག་པ་དང་། སྔོན་འཇུག་གི་མོ་འ་ཡིག་མོ་ཟ་འ་མ་གསུམ་ལ་མི་འཇུག་པ་དེ་བཞིན་དུ་རང་སྡེ་རང་ལ་མི་འཇུག་པར་ཤེས་པར་བྱ་བ་ཡིན་ནོ།
།
གཉིས་པ་གང་གི་འཇུག་པར་བྱེད་པ་ནི། རྗེ་ཞ་ལུ་པས། རྗེས་འཇུག་གི་གཞུང་འདིར་ཡང་ཅུང་ཟད་ཚིག་བསྒྱུར་བའི་སྒོ་ནས་ཡར་དྲངས་ཏེ།
གང་གི་ལྔ་པོ་དེ་དག་གིས། །ཞེས་སོགས་སྦྱར་ཏེ་འཆད་པར་མཛད་ལ། མཁས་པ་འགའ་ཞིག་གཞུང་སྔ་མའི་སྐབས་སུ་ཕོ་ནི་ཞེས་པ་དང་།
མོ་ནི་ཞེས་པ་དང་། མ་ནིང་ཡང་ནི་ཞེས་པ་དང་། ཤིན་ཏུ་མོ་ནི་ཞེས་པ་རྣམས་ཀྱིས་བསྡོམས་ཏེ་བསྟན་པས་ཆེད་དུ་གཉེར་ནས་འོག་མའི་གཞུང་མ་བླངས་ཀྱང་འཐུས་ལ།
རྗེ་ཞ་ལུ་པ་སོགས་ཕྱིས་ཀྱིས་མཁས་པ་རྣམས་ཀྱི་བཞེད་པ་ལྟར་བཤད་ཀྱང་འགལ་བ་མེད་ཅེས་གདམ་ང་མཛད།
མཁས་པའི་དགའ་སྟོན་དུ།
གང་གི་འཇུག་པར་བྱེད་ཅེ་ན། །
གང་གིས་ལྔ་པོ་དེ་དག་གིས། །
ཞེས་པའི་ཚིག་རྐང་གཉིས་པོ་འདི་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཆད་པར་གདོན་མི་ཟ་ལ།
དེ་འདྲ་ཞིག་མེད་ན་ས་བཅད་ཀྱི་དོན་མ་ཚང་བར་མ་ཟད་ཇི་ལྟར་འཇུག་པར་བྱེད་ཅེ་ན་ཞེས་པ་དང་འབྲེལ་བར་མི་འགྱུར་རོ།
།ཞེས་གསུངས་སོ། །
གསུམ་པ་ཇི་ལྟར་འཇུག་པ་བཤད་ནི།
ཇི་ལྟར་འཇུག་པར་བྱེད་ཅེ་ན། །
ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །
མ་ནིང་རན་པར་འཇུག་པ་ཡིན། །
མོ་ནི་ཞན་པའི་ཚུལ་གྱིས་ཏེ། །
ཤིན་ཏུ་མོ་ནི་མཉམ་པས་སོ། །༡༠། །
ཞེས་གསུངས་ཏེ། དེའང་སྔོན་འཇུག་ལྔ་པོ་དེས་སྒྲའམ་གདངས་ཀྱི་ང་རོ་ཇི་ལྟ་བུ་འཇུག་པར་བྱེད་ཅེས་འདྲི་བར་བྱེད་ན།
ལན་དུ་ཕོ་ནི་འཇིག་རྟེན་ན་སྐྱེས་པ་སྐད་ཀྱི་ང་རོ་ཐོས་བཞིན་སྒྲ་དྲག་པོར་བརྗོད་པའི་སྒོ་ནས་འཇུག་པར་བྱེད་ལ།
མ་ནིང་ནི་སྐད་གདངས་རན་པའི་སྒོ་ནས་འཇུག་པ་སྟེ། དེ་བཞིན་དུ་མོ་དང་ཤིན་ཏུ་མོ་ནི་སྐད་གདངས་ཞན་པའི་ཚུལ་གྱི་འཇུག་གོ།
བཞི་པ་དགོས་པ་ཅིའི་ཕྱིར་འཇུག་པར་བཤད་པ་ལ་གཉིས། དྲི་བས་མཚམས་སྦྱར་དང་། ལན་གྱིས་རྒྱས་པར་བཤད་པའོ།
།དང་པོ་༼དགོས་པ་ཅིའི་ཕྱིར་འཇུག་པར་བཤད་པ་༽ནི། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཞེས་པ་སྟེ་སྔོན་འཇུག་དེ་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེས་འདྲི་བ་ན་ཞེས་པའོ།
།གཉིས་པ་༼དྲི་བས་མཚམས་སྦྱར་༽ལ་བཞི། ཕོའི་འཇུག་པ་བཤད་པ། མ་ནིང་གི་འཇུག་པ་བཤད་པ། མོའི་འཇུག་པ་བཤད་པ།
ཤིན་ཏུ་མོའི་འཇུག་པ་བཤད་པའོ། །
དང་པོ་༼ཕོའི་འཇུག་པ་བཤད་པ་༽ནི།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
ཞེས་པ་སྟེ་ཕོའི་ཡི་གེ་བ་ཡིག་ནི་དུས་འདས་པ་དང་།
གཞན་བྱ་བ་བསྒྲུབ་པ་ལ་འཇུག་ཅིང་། འདི་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པ་མཁས་པའི་རྒྱན་ལས།
སྔོན་འཇུག་གི་ཕོ་བ་ཡིག་ནི་དུས་གསུམ་ལས་འདས་པ་དང་། བདག་གཞན་གཉིས་ལས་གཞན་དང་། བྱ་བ་བསྒྲུབ་པ་རྣམས་ལ་འཇུག་ཅེས་གསུངས།
འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག་ཏུ་དེའང་ཕོའི་སྒྲ་སྔོན་དུ་ཞུགས་པ་དེ་ནི་དུས་ཀྱི་དབང་དུ་བྱས་ན་འདས་པ་སྟོན་ཅིང་།
དངོས་པོའི་དབང་དུ་བྱས་ན་གཞན་སྟོན་ཏེ། འདིར་གཞན་གྱི་སྒྲས་ནི་བྱེད་པ་པོ་སྐྱེས་བུ་ལས་གཞན་བྱེད་པ་པོ་ལ་བསྒྲུབ་པར་བྱ་བའི་ལས་ཀ་སྟོན་པའི་ཕྱིར་འཇུག་གོ་ཞེས་དང་།
དབུས་པ་བློ་གསལ་གྱིས། སྔོན་འཇུག་གི་ཕོ་བ་ནི་དུས་འདས་པ་དང་། དངོས་པོ་གཞན་དང་།
ཞེས་གསུངས་ཤིང་། བློ་གསལ་མགུལ་རྒྱན་དང་མཁས་པའི་རྒྱན། མཁས་པའི་དགའ་སྟོན་སོགས་སུ་དོན་འདས་པ་དང་།
གཞན་བརྗོད་པ་དང་། བསྒྲུབ་བྱ་སོགས་བྱ་བྱེད་གཉིས་ཀྱི་ནང་ནས་བྱ་བ་གོ་བའི་ཕྱིར་འཇུག་ཅེས་སོགས་ཕལ་ཆེར་མཐུན་ཀྱང་།
རྗེ་ཞ་ལུ་པའི་ཊཱིཀྐར། དུས་འདས་པ་དང་། དངོས་པོ་གཞན་དང་། བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་གཙོ་ཆེའོ།
།ཞེས་གསུངས་པ་ལ་མཁས་པ་ཕྱི་མ་འགའ་ཞིག་གི་གཞན་གྱིས་དཔེར་བརྗོད། བདག་མྱ་ངན་ལས་འདས་ནས་གཞན་མྱ་ངན་ལས་ཟློ།
ཞེས་སོགས་གསུངས་པ་མི་འཐད་པར་མཛད་ནས། འདིའི་སྐབས་ཀྱི་གཞན་གྱི་བྱེད་ལས་ད་ལྟ་བ་ལ་བདག་ཅེས་བྱ་སྟེ།
བྱེད་པ་པོ་བདག་ལ་ཡོད་པའི་ལས་ཡིན་པས་སོ། །བྱ་བ་གཞི་ལ་ཡོད་པའི་ལས་ད་ལྟ་བ་གཞན་ཞེས་བྱ་སྟེ།
བྱེད་པ་པོ་ལས་གཞན་བྱ་བ་བྱེད་པ་ལ་ཡོད་པའི་ལས་ཡིན་པས་སོ། །ཞེས་དང་། ཀ་ལཱ་པར། གང་བྱེད་མཁན་དེ་བྱེད་པ་པོ།
གང་བྱ་བ་དེ་ལས་སོ། །ཞེས་གསུངས་པས། བྱེད་པ་པོས་གང་བྱ་བ་ནི་ལས་སམ་བྱ་བ་ཡིན་ལ། དེ་ལ་དབྱེ་ན་བྱེད་པ་པོ་ལ་ཡོད་པའི་ལས་དང་།
བྱ་བ་གཞི་ལ་ཡོད་པའི་ལས་གཉིས་ཡོད། བྱེད་པ་པོ་དང་ངོ་བོ་གཅིག་པའི་ལས་ནི་བྱེད་ལས་ཏེ། དཔེར་ན་སྟ་རེས་ཤིང་གཅོད་པའི་བྱ་བ་སྟ་རེ་དང་ངོ་བོ་གཅིག་པ་དང་།
བྱ་བ་བྱེད་པ་དང་ངོ་བོ་གཅིག་པའི་ལས་ནི་བྱ་བ་གཞི་ལ་ཡོད་པའི་ལས་ཡིན་ཏེ། དཔེར་ན་དུམ་བུར་སོང་བ་ཤིང་ཁོ་ན་ལ་ཡོད་པས་ཤིང་བཅད་པ་ཤིང་དང་ངོ་བོ་གཅིག་ཡིན་པ་བཞིན།
ཉི་ཁྲི་དག་ལྡན་ལས་ཀྱང་། ཇི་ལྟར་ན་མཛད་པ་ཆོས་ཀྱི་སྐུ་ཡིན་ཞེ་ན་མཛད་པ་དང་མཛད་པ་པོ་ཐ་མི་དད་པ་ཡིན་པའི་ཕྱིར་རོ།
།ཞེས་གསུངས་པ་དང་། དཔེར་བརྗོད་མདོར་བསྡུ་ན། ཆོས་འཆད་པར་བྱེད་པ་ལྟ་བུ་བྱེད་ལས་ད་ལྟར་བ་འདི་དང་།
སླད་ནས་འབྱུང་བའི་མོའི་འཇུག་པ་བདག་དོན་གཅིག། འཆད་པར་འགྱུར་ཞེས་པ་ལྟ་བུ་བྱེད་ལས་མ་འོངས་པ་བཤད་པར་བྱ་ཞེས་པ་ལྟ་བུ་བྱ་བ་གཞི་ལ་ཡོད་པའི་ལས་ད་ལྟར་བ་བཤད་ཟིན་ལྟ་བུ་བྱ་བ་གཞི་ལ་ཡོད་པའི་ལས་འདས་པ་སྟེ་འདི་གཉིས་སྐབས་འདིའི་གཞན་དང་འདས་པའི་ཡུལ་ལ་འཇུག་པའི་དཔེར་བརྗོད་ཡིན་པའི་ཕྱིར།
དཔལ་ཤཱཀྱ་མཆོག་ལྡན་གྱིས།
ཆོས་ལ་འཇུག་པའི་སྒོར། །
བྱེད་པ་པོ་དང་བྱ་བ་གཉིས། །
བྱེད་པོ་བདག་དང་མིང་ཡིན་ཏེ། །
བྱ་བ་གཞན་དང་དུས་གསུམ་མོ། །ཞེས་དང་།
ཡང་ན་དུས་དང་དངོས་པོ་དང་། །
མིང་དང་བྱ་བ་སོ་སོར་དབྱེ། །
དངོས་པོ་ལ་ཡང་བདག་དང་གཞན། །
བདག་ནི་བྱེད་པ་གཞན་བྱ་བ། །
ཞེས་སོགས་གསུངས་པའང་འདི་དང་མཐུན་ཞིང་།
དྲི་ཚིག་ཏུ།
ཕོ་ནི་འདས་དང་གཞན་བསྒྲུབ་ཅེས་བྱ་བའི། །
གཞན་ཞེས་བྱ་བའི་ཚིག་ནུས་ཁྱད་པར་བ། །
འཆད་པོ་འགའ་སྣང་སུམ་རྟགས་བསྟན་བཅོས་འདིའི། །
ལེགས་བཤད་མཛོད་སྒོ་འབྱེད་མཁས་ཡིན་ནམ་ཅི། །
ཞེས་གསུངས་པ་བདག་གཞན་གྱི་ཟླས་ཕྱེ་བའི་གཞན་ཡིན་པར་འགྲེལ་བྱེད་མཁན་པོ་ཕལ་ཆེར་མཐུན་ཀྱང་།
རྗེ་ཞ་ལུ་ལོ་ཆེན་སོགས་གོང་དུ་དྲངས་པ་ལྟར་བཞེད་པ་མི་མཐུན་ཙམ་ཡོད་མོད། བྱ་བ་གཞི་ལ་ཡོད་པའི་ལས་ཡིན་པས་གཞན་ཞེས་སྨོས་པ་ཡིན་གྱི།
དུས་འདས་པ་དང་། བསྒྲུབ་བྱ་མ་ཡིན་བཀའ་དང་བསྟན་བཅོས་ཞེས་པ་ལྟ་བུ་ལ་འཇུག་པར་བཞེད་པའང་འདུག་པ་འཐད་པར་མ་སེམས་སོ།
།
དཔེར་བརྗོད་ན་བ་ཡིག་འདས་པ་ལ་འཇུག་པ། ལོགས་སུ་བཀར། ཁུ་བ་བཀུས། སྣོད་བཀང་ངོ་། །བཀྲས་པར་གྱུར།
ཤིང་བཀས་སོ། །མེ་ཏོག་བཀྲམ་མོ། །ཆུ་བཀག་གོ། རི་མོར་བཀོད་དོ། །ཟུར་དུ་བཀོལ་ཏོ། །ལག་པ་བཀན་ཏོ།
།ཐག་པས་བཀྱིགས། ཆོས་བཀླགས། རྒྱལ་པོའི་བཀྲབས། གོས་བཀབ་བོ། །སྲོག་བཀུམས། ཁྲལ་བཀལ་ལོ།
།དྲི་མ་བཀྲུས། ས་བརྐོས། ནོར་བརྐུས། ལག་པ་བརྐྱངས། སྣུམ་བསྐུས། ལྷས་བསྐྱངས། དབང་བསྐུར་ཏོ།
།ཆུ་བསྐྱིལ་ཏོ། །རྟར་བསྐྱོན་ཏོ། །ནོར་བསྐྱིས་སོ། །ཐུགས་དམ་བསྐངས། མཚོ་བསྐམས། ཞབས་བསྐུལ་ཏོ།
།ཕྱིར་བསྐྲད། བྱ་བ་བསྐྱུར་ཏོ། །ལག་པ་བསྐྱོད་དོ། །རྐང་པ་བསྐུམས། ལྷ་བསྐྱེད་ཏོ། །སྐོར་བ་བསྐོར་ཏོ།
།ཁེངས་བསྐྱུངས་སོ། །ཆོས་བགྱིས་སོ། །གྲངས་སུ་བགྲངས། མིག་བགྲད་དོ། །ནོར་བགོས། འབྲས་བགྲུས།
ཆུ་བསྒྲུངས། གྲི་བརྒྱབ་བོ། །དྲན་མེད་བརྒྱལ་ཏོ། །ལམ་དུ་བརྒྱུགས། མིག་ཏུ་བརྒྱུས། ཆུ་བརྒལ་ཏོ།
།བརྒྱན་ཟིན། རིམ་པར་བརྒྱུད་དོ། །ལམ་བསྒགས། རྒྱལ་མཚན་བསྒྲེངས། རིགས་བསྒྲེས། འཕྲང་དུ་བསྒུགས།
འཇིགས་ལས་བསྒྲལ་ཏོ། །ཆོས་བསྒྲགས། འོད་བསྒྲིབས། ལྷ་བསྒོམས། རིག་པ་བསྒྲིམས། ནོར་བསྒྲུབས་སོ།
།རྡོ་བསྒྲུགས། ཆོས་བསྒྱུར་ཏོ། །གྲལ་དུ་བསྒྲིགས། བསྒྱེལ་ཟིན། ཟན་བསྒོངས། བཀའ་བསྒོས།
བུ་རམ་བསྒར་ཏོ། །དུ་བ་བརྔུབས། བཙས་མ་བརྔས། གསེར་གྱིས་བརྔན་ཏོ། །གཏོར་མ་བསྔོས་སོ། །བསྟོད་པས་བསྔགས་སོ།
།གཞན་མཚང་བསྔོགས། ཞབས་ཀྱིས་བཅགས། སྣོད་དུ་བཅུག་གོ། ལམ་བཅོས་སོ། །ཁྲིམས་བཅས། གྲིས་བཅད་དོ།
།བྲེ་ལ་བཅལ་ཟིན། ཕྱིར་བཅིལ་ཏོ། །ནོར་བཅབས། རྟ་བཅིབས། ཤིང་བཅག་གོ། མིག་བཅར་ཏོ། །ཐག་པས་བཅིངས།
ལས་བཅོལ་ཏོ། །དགྲ་བཅོམས། གཏན་དུ་བཅགས་སོ། །ཆུ་བཅུས། ཕན་ཚུན་བརྗེས། བརྗོད་ཟིན། བརྗེད་དོ།
།རྗེས་སུ་བསྙེགས། ཁ་བསྙོགས། གོས་བརྙིངས། གོ་འཕངས་བརྙེས། གཞན་གྱིས་བརྙས། གོས་བརྙན་ཏོ།
།ལག་པས་བསྙབས། འཕྲེད་ལ་བསྙལ་ཏོ། །ཡོ་བྱད་བསྙུངས་སོ། །གཞན་ལ་བསྙད་དོ། རྗེས་སུ་བསྙགས།
འཁོར་བར་བསྙེངས། ནོར་གྱིས་བསྙེམས། གཞན་ལ་བསྙོན་ཏོ། །སྙུན་གྱིས་བསྙུན་ཏོ། །ལྷ་བསྙེན་ཏོ།
།ཆེ་ཆུང་བསྙམས་སོ། །མར་ཁུ་བསྙུགས་སོ། །ཕྱིར་བསྙིལ་ཟིན། གྲིས་བཏུབས། སྲང་ལ་བཏེག་གོ།
མགོ་བོས་བཏུད་དོ། །མེ་ཏོག་གཏོགས། མཚོན་བཏབས། རྒྱན་བཏགས། ཁུང་ནས་བཏོན། སྦྱིན་པ་བཏང་ངོ་།
།གདན་བཏིང་། སྣ་ཐག་བཏུངས། སྔགས་བཏུས། ལེགས་པར་བརྟགས་སོ། །ལུས་བརྟས། རྣག་བརྟོལ་ཏོ།
།སྡིག་ལ་བཏབས་སོ། །སྐུ་བལྟམས། མིག་བལྟས། གོས་བལྟབས། ས་གཞི་བསྟར་རོ། །ཟས་བསྟབས། ལྷ་བསྟེན་ཏོ།
།ཆོས་བསྟན་ཏོ། །ཆས་བསྟད་དོ། །མངོན་པར་བསྟོད་དོ། །ཡེ་ཤེས་པ་བསྟིམས། རྗེས་བདས། ལག་ཏུ་བདར་ཟིན།
སྤོས་བདུགས། གཞུ་བདུངས། ཐལ་མོ་བརྡབས། རྔ་བརྡུངས། གྲི་བརྡར་ཏོ། །ཆལ་མར་བརྡལ་ཟིན། གཡབ་མོ་བརྡུལ་ཏོ།
།སླར་བལྡབས། སྐྱོ་མ་བལྡགས། སེམས་བསྡམས། གྲོགས་དང་བསྡོངས། དབང་དུ་བསྡུས། མཉམ་དུ་བསྡེབས།
དགྲ་ལ་བསྡོས། གཞན་ལ་བསྡིགས། འོག་ཏུ་བསྡོགས། ཆོས་བསྡུར་ཏོ། །སྟན་ལ་བསྡད་དོ། །ཁ་མཆུ་བསྡུམས།
ནོར་བརྣོགས་སོ། །ཡིད་ལ་བརྣགས། ནན་ཏན་བརྣན། ཟས་ཀྱིས་བརྣངས། རྫས་ལ་བརྣབས། ཕྱག་ཏུ་བསྣམས་སོ།
།སྣོན་མ་བསྣན་ཏོ། །སྣག་ཚ་བསྣུར་ཏོ། །ནོར་བཙལ་ཏོ། །བུ་བཙས། ཤ་བཙོས། ཆང་བཙགས། གོས་ཚེམས།
ནོར་བཙོངས། དམ་དུ་བཙིར་ཏོ། །སྣོད་དུ་བཙུད། མིག་བཙུམས། ཤིང་བཙུགས། ཐོ་བཙམས། ཧ་ཅང་བཙངས།
ཤ་བཙབས། སྟེང་དུ་བརྩེགས། བསྟན་བཅོས་བརྩམས། མཁར་བརྩིགས། གྲངས་བརྩིས། རྩེ་མོ་བརྩེས། དྲིས་ཤིང་བརྩད་དོ།
།སྣོད་དུ་བརྫངས། གོས་བརྫེས། མར་བརྫིས། གཞན་ལ་བརྫུན་ཏོ། །སྡོར་བརྫོགས། ཇ་བཞེས། སྐྲ་བཞར་ཏོ།
།སྟེང་དུ་བཞག་གོ། སྟན་ལས་བཞེངས། སྟན་ལ་བཞུགས། ལམ་དུ་བཞུད་དོ། །ཤིང་བཞོགས་སོ། །བསྙེན་བསྐུར་བཟབས།
ཟས་བཟས། བཟུང་ནས་བསྡད། སྣོད་བཟེད་དོ། ཆང་གི་བཟིའོ། །སྔགས་བཟླས། ཚོགས་བཟླུམས། གཡུལ་བཟློག་གོ།
བྱིན་གྱིས་བརླབས། ཁོག་ཏུ་བརླམས། དགྲ་བོ་བརླག་གོ། ཆུས་བརླན་ཏོ། །དཔེ་བཤུས། ཕན་ཚུན་བཤུད།
རྩིག་པ་ཤིགམེས་བཤུར་ཏོ། །ཆུས་བཤལ་ཏོ། །ཕྱིར་བཤོས། འཕྲང་ལ་བཤར་ཏོ། །སྐྱོ་ནས་བཤུམས། སྡིག་པ་བཤགས།
ཆོས་བཤད་དོ། །ཕན་ཚུན་བཤེར་ཏོ། །གཏོར་མ་བཤམས། ཚོགས་བསགས། དྲི་མས་བསངས། ཡིད་ལ་བསམས། དུད་འགྲོ་བསད།
ནོར་བསབས། ཡོལ་བ་གསལ། རི་མོ་བསུབས། བསྒྲིབ་པ་བསྲབས། གཞུང་བསྲངས། ཕན་ཚུན་བསྲེས། གཞན་ལ་བསྲིངས།
མེས་བསྲེགས། ཆུ་བསྲུབས། ནོར་བསྲུངས། གཡོ་སྒྱུས་བསླུས། གྲོགས་ཀྱི་བསླད། ཕྱོགས་སུ་བསླན།
ཆོས་བསླབས། ཕྱིར་བསློགནོར་བསླངས།
༈དངོས་པོ་གཞན་བསྒྲུབ་དང་འབྲེལ་བ་བྱ་བའི་ཡུལ་ལ་འཇུག་པ་ནི། རྣམ་པར་བཀྲ། སྨན་བཀུ།
བཀའ་དྲིན་བཀུར། སྤ་བཀོང་། མགོ་བཀད། སྣོད་བཀང་། ཤིང་བཀས། མེ་ཏོག་བཀྲམ། ཆུ་བཀགརི་མོར་བཀོད།
ཟུར་དུ་བཀོལ། ལག་པ་བཀན། ཐག་པས་བཀྱིགཆོས་བཀླགཚོན་བཀྱེ། གོས་བཀབ། ཁལ་བཀལ། ནོར་བཀྲེན།
ནས་བཀྲབ། ལོགས་སུ་བཀར། བཀས་བཀྱོན། མདུན་དུ་བཀུགསྲོག་བཀུམ། བྲན་དུ་བཀོལ། མདུད་པ་བཀྲོལ།
དགོངས་པ་བཀྲལ། དྲི་མ་བཀྲུ། འདོད་ལ་བརྐམ། ནོར་བརྐུ་ལག་པ་བརྐྱང་། ས་བརྐོ། བརྟུན་པ་བསྐྱེད།
རྒྱན་བཀོན། རེ་བ་བསྐང་། ཡུལ་གྱི་བསྐལ། ཞབས་བསྐུལ། བགེགས་བསྐྲད། མཚོ་བསྐྱིལ། ཆོས་བསྐྱར།
ནོར་བསྐྱི། རྟར་བསྐྱོན། སྐྱས་བསྐྱ། སྐུ་བསྐྱོད། སྐོར་བ་བསྐོར། སྣུམ་བསྐུ། ཟས་བསྐྱུད།
ཤིང་བསྐྲུན། རྒྱབ་ཏུ་བསྐྱུར། སྣོད་བསྐྱམ། ཁེངས་པ་བསྐྱུང་། ལས་བགྱིད། གྲངས་བགྲང་། མིག་བསྒྲད།
ནོར་བགོ། འབྲས་བགྲུ། ཚོད་བགམ། གད་མོ་བགད། ཆོས་བགྱི། བཀའ་བགྲོས། ལམ་དུ་བསྒྲོད། བརྩད་ཅིང་བརྒལ།
ཕྲེང་བས་བརྒྱན། དུས་བརྒྱད། སྨྲ་བའི་བརྒྱ། དཀྱུས་རིང་བརྒྱུགཞལ་བརྒྱས། གྲི་བརྒྱབ། རིམ་པར་བརྒྱུད།
དྲན་མེད་བརྒྱལ། སེང་གེ་རྣམ་བསྒྱིངས། བུ་རམ་བསྒར། ཆུར་བགོང་། འཕྲང་དུ་བསྒུགཡོལ་བས་བསྒྲིབ།
ལམ་བསྒགཆོས་བསྒྲགལྷ་བསྒོམ། རིག་པ་བསྒྲིམ། ནོར་བསྒྲུབ། རྡོ་བསྒྲུགགཏོར་མ་བསྒུལ། གཞན་ལ་བསྒྲུན།
གྲལ་བསྒྲིགབཀའ་བསྒོ། རྒྱལ་མཚན་བསྒྲེང་། རིགས་བསྒྲེ། མདུན་དུ་བསྒྱེལ། བཙས་མ་བརྔ། དུ་བ་བརྔུབ།
ནོར་གྱིས་བརྔན། རྔོན་པས་བརྔོན། ཡོས་བརྔོད། གཏོར་མ་བསྔོ། གཞན་མཚང་བསྔོགགཞན་ལ་བསྔགདགྲ་བོ་བཅོམ།
ཤིང་བཅགམིག་བཅར། རྐེད་པ་བཅད། སྣོད་དུ་བཅུགལས་བཅོལ། བཟོ་བཅོ། ཐག་པས་བཅིང་། ཆུ་བཅུ། ཤིང་བཅེར།
ནོར་བཅོལ། འཕྲང་ལ་བཅུར། ཁྲིམས་བཅའ། ནོར་བཅབ། གཏམ་བརྗོད། ཕན་ཚུན་བརྗེ། བརྗེད་པར་བྱ།
གཟི་བྱིན་བརྗིད། གོས་བརྙན། རྐང་བརྙང་། གཞན་ལ་བརྙས། ལག་པས་བརྙོབ། ཆུ་བརྙོགགོས་བརྙིངས།
ཕྱིར་བརྙིལ། ལྷ་བསྙེན། ཟས་བསྙོད། ནས་བསྙོར། བསྙོན་བཙུགས། ཕན་ཚུན་བསྙམ། སྙུན་གྱིས་བསྙུན།
མར་ཁུ་བསྙུགཚང་དུ་བསྙལ། དགྲ་བཏུལ། ལག་པས་བཏེགམགོ་བོས་བཏུད། ཕུར་བུས་བཏབ། བདུད་རྩི་བཏུང་།
མགོ་བཏོན། རྒྱན་བཏགས། སྦྱིན་པ་བཏང་། གདན་བཏིང་། སྔགས་བཏུ། སྣ་ཐག་བཏུང་། རིན་པོ་ཆེ་བརྟགགཞན་ལ་བརྟུལ།
གནས་སུ་བརྟོལ། བློ་བུར་གྱི་བརྟད་པ། ཞབས་བརྟན། ལུས་བརྟ། ནན་དུ་བརྟུན། ལག་ཏུ་བསྟར། ཞལ་དུ་བཏབ།
ཞབས་བསྟན། ཆོས་བསྟན། གནས་སུ་བསྟི། སྣ་བསྟད། བླ་མ་བསྟོད། ལྷ་བསྟིམས། མནར་བའི་བསྟིར།
བསྟང་བས་བཟུང་བ། བློ་སྣ་བསྟུང་། ཡང་ཡང་བསྟུང་། མིག་བལྟ། སྐུ་བལྟམ། གཞན་ལ་བལྟོས། ལག་ཏུ་བདར།
སྤོས་བདུགཞུ་བདུང་། དངོས་པོ་བདམ། རོ་བདའ། རྔ་བརྡུང་། གྲི་བརྡར། དབྱུག་པ་བརྡེགདུད་མོ་བརྡུབ།
ཐལ་མོ་བརྡབ། ཆུ་བརྡོལ། སྐྱོ་མ་བལྡགབུ་རམ་བལྡད་པ། སླར་བལྡབ། ངག་བསྡམ། ཉེས་པ་བསྡོམ། ཁ་མཆུ་བསྡུམ།
ཕན་ཚུན་བསྡུར། ནང་དུ་བསྡད། སོས་བསྡལ། དབང་དུ་བསྡུ། གཞན་ལ་བསྡོ། གྲོགས་དང་བསྡེབ། གཞན་ལ་བསྡིགའོག་ཏུ་བསྡོགནོར་བརྣོགསེམས་ལ་བརྣགརྫས་ལ་བརྣབ།
མཚོན་བསྣུན། སྣག་ཚ་བསྣུར། སྙན་བསྣན། ཕན་ཚུན་བསྣོལ། །མཇུག་མ་བསྣར། ཟོག་བསྣན། སྔོ་བཙོང་།
བཀའ་བཙན། ངག་བཙུན། བུ་བཙའ། ཁ་བཙོགཤིང་བཙུགཤ་བཙོ། ཆུ་བཙིར། ནོར་བཙལ། གྲངས་བརྩི། ཆོས་ལ་བརྩོན།
ཀུན་ལ་བརྩེ། དྲི་བས་བརྩད། མཁར་བརྩིགབསྟན་བཅོས་བརྩམ། རྩེ་མོ་བརྩེ། སྣོད་དུ་བརྫང་། གོས་བརྫེ།
ཟན་བརྫི། དཔའ་བོར་བརྫུ། གཞན་ལ་བརྫུན། ཆུས་བཞེར། གཞན་གྱིས་བཞམས། མེ་ཏོག་བཞད། མར་ཁུ་བཞུ།
སྟན་ལས་བཞེང་། སྟན་ལ་བཞུགས། སྐྲ་བཞར། ལམ་དུ་བཞུད། ཤིང་བཞོགསྟེང་དུ་བཞགའོ་མ་བཞོ། མགྲོན་ལ་བཟབ།
ཟས་བཟའ། སྣོད་བཟེད། ལག་པས་བཟུང་། ཡིད་ཀྱི་བཟོད། བྱ་བ་བཟེ། དྲག་སྔགས་བཟླ། ཕྱིར་བཟློགགཤེར་གྱིས་བརླན།
བྱིན་གྱིས་བརླབ། དགྲ་བོ་བརླགཁོག་ཏུ་བརླམ། སྤྱོད་པ་བརླིང་། བློ་བརླུགམཁར་བཤིགཐོག་བཤུ།
ལག་པས་བཤུད། སྡིག་པ་བཤགཆུས་བཤལ། ཚོད་མ་བཤུར། བཞན་ལ་བཤུད། ཆོས་བཤད། ཆུ་བཤོ། ལམ་གྱིས་བཤུལ།
དུད་འགྲོ་བཤའ། ཕན་ཚུན་བཤེར། ཚོགས་བསགདྲི་མ་བསང་། ཡིད་ལ་བསམ། བཀའ་དྲིན་བསབ། ཡོལ་བ་བསལ།
བསྔུན་ནས་བསུ། རི་མོ་བསུབ། ཞབས་བསིལ། ཞལ་བསོ། གཞུང་བསྲོང་། ཞོ་བསྲུབ། ངང་བསྲིང་། ནོར་བསྲུང་།
ནོར་བསྲེལ། བཟོད་པས་བསྲན། བློ་བསྲས། ནོར་བསྲི། བློ་མི་བསྲུན། རྫས་བསྲེགདངོས་པོ་བསྲེ།
ནོར་བསླང་། ཆུ་བསླད། སྟེང་དུ་བསླན། གཞན་བསྲུང་། ཆོས་བསླབ།
༈གཉིས་པ་སྔོན་འཇུག་མ་ནིང་དགོས་པ་གང་གི་ཕྱིར་འཇུག་པ་ནི།
མ་ནིང་གཉིས་ཀ་ད་ལྟར་ཆེད། །
ཅེས་པས་སྔོན་འཇུག་མ་ནིང་གི་ཡི་གེ་ག་ད་གཉིས་ནི།
བདག་གམ་བྱེད་པ་པོ་ལ་ཡོད་པའི་ལས་དང་། གཞན་ནམ་བྱ་བ་གཞི་ལ་ཡོད་པའི་ལས་གཉིས་ཀ་དང་། དུས་ད་ལྟ་བ་བསྒྲུབ་པའི་ཆེད་དུ་འཇུག་པ་ཡིན་ཏེ།
དེའང་ག་ཡིག་བདག་ལ་འཇུག་པ་ནི། དཔེར་བརྗོད་ནི། རང་ཉིད་གཅིག་པུ། གཅུད་ལ་བོར་བ། ཡིད་གཅུགས་པ།
ཁ་གཅང་། ཕངས་པའི་གཅེས། ལུས་གཉོང་བ། ཚིག་གཅམ་བུ། གཞན་གྱི་གཉེར་མ། ནང་ཁྲོལ་གཉེ་མ། གཉོད་ཆུང་བ།
གཉའ་བ། གཉིད་ལོག་པ། གཏན་ཚིགས། གདུང་བ་མེད་པ། ཁ་གདངས་པ། བྱེད་ཀྱི་གདོང་། གནང་བ་མཛད།
ཞེ་གནོང་། གནད་གཅོད། གནས་ལུགས་ཀྱི་དོན། སྤྱི་བོའི་གཙུགརང་བཞིན་གཅང་། རྣམ་གཞགནང་ཁྲོལ་གཞགཡིད་གཞུང་པ།
བློ་གཞོལ། ལུས་ཀྱི་གཡང་། བརྟག་གཞིགགཅུག་པ། གཟུ་བོའི་བློ། གཟི་མདངས་ཆེ་བ། གཟུ་ལུམ་ཆེ་བ།
གཟུགས་མཛེས་པ། བློའི་གཟུང་བ། སེམས་ཀྱི་གཡེང་བ། བྱ་བ་གཡེལ་བ། རིག་པ་གཡེར་བ། ལོག་པར་གཡེམ་པ།
ལུས་གཡིགས་པ། ལག་པ་གཡས་གཡོན། སྐྱི་གཡའ། གཡལ་ཤོར་བ། ལསུ་གཤེར། སེམས་ཀྱི་གཤིས། གསུས་པ་ཆེ་བ།
ཁ་གསག་བྱས་པ། ལུས་ཀྱི་གསང་ཁུང་། སྐྲའི་གསེབ། གསོང་པོའི་ངགརྣ་བ་གསང་བ་སོགས་སོ། །
༈ག་ཡིག་གཞན་ལ་འཇུག་པ་ནི། གཅན་གཟན། ལ་གཅན་པ། སྒྲ་གཅན། མེ་ཏོག་གི་གཅལ། གཅེན་དང་གཅུང་།
ཁགཅང་མཁན། གཅོང་རོང་། རྣམ་གཅོད། ཡོངས་གཅོད། གཅིའུའི་དཔྱད། གཅོམ་སྐྱུངས། གཅད་བྱའི་ཤིང་།
སྤང་བྱའི་གཉེན་པོ། བཀའ་གཉན། གྲངས་ཀྱི་གཉིས། མཛའ་བའི་གཉེན། རུས་ཀྱི་གཉོས། དུད་འགྲོ་གཉན།
གཉུག་མའི་གཤིས། གཉུག་མར་གནས། མཛོད་ཀྱི་གཉེར་པ། རི་བོའི་གཏོས། སེམས་གཏུམ་པ། ཆུའི་གཏིང་།
གཏུན་དང་གཏུན་ཤིང་། ནོར་གྱི་གཏེར། སྒོའི་གཏན་པ། སྙན་པའི་གཏམ། རྣམ་ཞག་གཏན། གདུང་གཏག་བཏང་བ།
ཟན་གྱི་གཏོར་མ། སྤྱད་ཀྱི་གཏར་གམུན་པ་གཏིབས་པ། གྲངས་ཀྱི་གཏམས། གཏུར་བུ། བསམ་གཏན་སྒོམ་པ།
ཁོངས་སུ་གཏོགས་པ། གཏང་བྱའི་རྫས། གཏི་མུག་ཆེ་བ། གདོད་ནས་དག་པ། གདུག་པ་ཅན། གདོན་མི་ཟ་བ།
ཉིན་མོའི་གདུགས། སྐད་ཀྱི་གདངས། གདམངས་ངགགདུང་རབས། རྒྱན་གྱི་གདུ་བུ། འདིང་པའི་གདན། ཞེས་པའི་གདའ།
ཡུལ་གྱི་གདགས། དྲེའུའི་གདོང་། སྦྲུལ་གྱི་གདེངས་ཀགྲུའི་གདོས་པ། ལུས་ཀྱི་གདུང་བ། ཤིང་གི་གདོང་མ།
གདོལ་བའི་རིགས། གདགས་པའི་གདོས་བུ། བསྙུན་གདངས་པ། གནོད་བྱེད་གདོན། གོས་གདིང་བ། གདུལ་བྱའི་འགྲོ་བ།
ཐུད་ཀྱི་གདར། ནམ་མཁའི་གནམ། གནའ་བོའི་དུས། མདོག་གནག་པ། དོན་གྱི་གནད། གནོད་པའི་བགེགས།
དུད་འགྲོའི་གནགགནས་ཁང་། གྲིབ་གནོན་གྱི་གདོན། ཁྲེལ་བའི་གནམ་པོ། གཞུའི་གནམ་རུ། དུས་ཀྱི་གནངས།
གཙུབ་ཤིང་། གཙུབ་སྟན། དུད་འགྲོའི་གཙོད། དྲི་གཙང་ཁང་། ཡུལ་གཙང་སྟོད། མི་གཙིགས་པའི་བློ།
གཙིགས་ཆེ་བ། དཔྱད་གཙགས་བུ། གཞལ་བྱའི་གནས། གཞོན་ནུའི། རྣམ་གཞག་བསླབ་པའི་གཞི། གཞུང་དུ་མེད་པ།
དངོས་པོ་གཞན། དུས་ཀྱི་གཞེས། མདའ་གཞུའི་མཚོན། གཡང་གཞི། འཕྲིན་ལས་གཞུང་གསང་། དྲུང་གི་གཞོགས།
གཞལ་ཡས་ཁང་། སྣོད་གཞོང་པ། གཞོགས་སྟེགས་བྱས་པ། གླུ་གཞས་བྱས་པ། ཚེར་མ་གཟེང་། གཅན་གཟན།
སྟན་གྱི་གཟར། རྔུལ་གཟན། གཟར་བུ། གཟར་ཐགགཟའ་སྐར། རི་གཟར་བ། གཟི་མདངས། འོད་གཟེར། ནོར་བུ་གཟི།
གྲུ་གཟིངས། མཐོང་བའི་གཟུགས། རིག་པའི་གཟུངས། གཟུགས་མོ་བྱེ་ཐུར། དུད་འགྲོ་གཟིགསྔོ་གཟི་མ།
གཟོད་མའི་དུས། གཟུངས་བཏབ་པ། དུས་ཀྱི་གཟོད་མ། རྡོ་གཟེག་མ། སྐྱོན་གྱི་གཡའ། གཡུར་ཟ་བ།
ཞེས་སའི་གཡར། གཡོན་མ་དང་གཡེན་མ། གཡུང་མིའི་རིགས། དུད་འགྲོ་གཡག་དང་གཡི། དམག་གི་གཡུལ།
བྲན་གྱི་གཡོགལག་པས་གཡབ་མོ། གྲུའི་གཡུར་མ། རིན་ཅེན་གཡུ། གཡན་པའི་ནད། མིག་གཡོར་གྱི་གཟུགས།
ནོར་གྱི་གཡང་། རྟག་པའི་གཡུང་དྲུང་། བདེ་བར་གཤེགས་པ། བདུད་སྡེའི་གཤེད་མ། ཁའི་གཤགས། གཤེན་རབས་ཀྱི་གཤང་།
སྣོད་ཀྱི་གཤོར། དམའ་བའི་གཤོངས། གདོད་མའི་གཤིས། མཉེས་གཤིན་པ། ཆོས་ལུགས་གཤའ་མ། སྐྲ་གཤོར་བ།
ཞིང་ས་གཤིན་པོ། རྨོ་བའི་གཡེལ། ཤ་བའི་གཤིན། བྱའི་གཤོག་པ། མཇུག་གི་གཤམ། ཆུའི་གཤེར། རིགས་མོ་གཤམ།
སྨོད་པའི་གཤུང་བ། གཤེ་བའི་སེམས། རྒྱལ་བའི་གསུང་། གསེག་གཤང་། ཁ་གསེག་གི་ཚིགའོད་གསལ་གྱི་དོན།
འཁར་གསིལ། གསེག་ཀ་ལི། བོན་གྱི་གསས་ཁང་། མི་གསོན་པོ། རིན་ཆེན་གསེར། ཆུད་གསོན་པ། གསད་བྱའི་མི།
གསོས་སྨན་བསྟེན་པ། གྲངས་ཀྱི་གསུམ་རྣམས་སོ། །
༈ག་ཡིག་ད་ལྟར་བ་ལ་འཇུག་པ་ནི། ཞལ་ཆེ་གཅོད། གཅི་བ་གཅིས། ལུས་གཅུ། ཡིད་གཅུགས། ཚར་གཅོད།
རྡོ་གཅོགརྩད་ནས་གཅུན། གཞན་ལ་གཅལ། ཕུག་ཏུ་གཅུར། ལག་པ་གཅུ། གྲོས་གཅོམ། ཡིད་ལ་གཅགས། གཅོད་བྱ་གཅོད།
བཟའ་ཕྱིར་གཉགདོན་དུ་གཉེར། བཟང་ངན་གཉུལ། མཐོ་སར་གཉགསྤོས་གཏུལ། སྦྱིན་པ་གཏོང་། ཁྲག་གཏར།
དྲུང་དུ་གཏུགམེ་ཏོག་གཏོར། སྤྲིན་གཏིབས། ཕྱག་ཏུ་གཏད། སྣ་གཏུགཆུ་གཏིགསེ་གོལ་གཏོགམགོ་གཏུམ།
མཚང་གཏོལ། གཞན་ལ་གདམས། མིང་གདགས། གྱེན་དུ་གདེགཐུག་པ་གདུ། བསྟོད་པ་གདོན། དམ་གདགས། གསལ་གདབ།
གདུལ་བྱ་གདུལ། སྲང་ལ་གདེགཐིག་གདབ། ཁ་མིག་གདངས། གྲི་གུག་གདེངས། དགོངས་པ་གནང་། ཉེ་བར་གནས།
ནང་དུ་གནས། ཟིལ་གྱིས་གནོན། ལུགས་གཞན་གནུབས། གཙུབ་ཤིང་གཙུགས། མཆེ་བ་གཙིགས། སྙན་གཙེར།
གཞན་གྱིས་གཙེ། གཙག་བུས་གཙགབློས་གཞལ། ཡིད་གཞུང་། བློ་གཞལ། འཚོ་གཞེས། བརྟག་གཞིག་གཞིབས།
ལྕག་གིས་གཞུ། བུ་ལོན་གཞལ། ཆོས་སྒོར་གཞུགལམ་དུ་གཞུགཁུ་བ་གཞིབ། བགེགས་གཞོམ། ཕྲག་ལ་གཟར།
གཟེར་བུ་གཟུགས། དྲིན་གཟོ། མནལ་གཟིམས། སྡོང་མི་གཟུགཟོན་སྐྱོར་གཟབས། རྣར་གཟོན། དགེ་ལ་གཟོད།
ལམ་གཟུར། ཆུད་གཟོན། སེམས་གཡེངས། ས་གཡོས། གཞན་ལ་གཡེམ། གཡབ་མ་གཡོབ། ཟས་གཡོས། སྐྱི་གཡའ།
གོས་གཡོགལམ་དུ་གཤེགས། གཤོལ། གཤིབས། གཞན་ལ་གཤེ། གཡུལ་གཤོམ། ཆུས་གཤེར། ཤུབ་བུར་གཤུང་།
རི་དྭགས་གཤོར། དུམ་བུར་གཤོགཆོས་གསུང་། ཆུད་གསན། སྐྲ་གསིལ། རྡོ་རྗེ་གསོར། གསག་གསིལ།
ལུས་པོ་གསིགཚོགས་གསོགནང་གསེས། བལ་གསེད། མཛད་པ་གསོང་། དུད་འགྲོ་གསོད། སྙན་དུ་གསོན་རྣམས་སོ།
༈། ད་ཡིག་བདག་ལ་འཇུག་པ་ནི། ལུས་ཀྱི་དཀུ། མིག་གི་དཀྱུས། ཁའི་དཀན། ཡོད་ཀྱི་དགུ། དགའ་བའི་དགྱེས།
སེམས་དགའ་བ། འཇིགས་པས་དངངས། ལུས་ཀྱི་དཔྲལ་བ། དཔུང་པ། དཔྱི་མགོསེམས་དཔའ་བ། མགོའི་དབུ།
འགྱུ་བའི་དབུགས། བློ་དམུན་པ་དང་། ༈གཞན་གྱིས་ཡུལ་ལ་འཇུག་པ་ནི། དཀོན་མཆོག་དཀར། དཀྱིལ་འཁོར་དཀྱིལ།
དཀོས་ཐག་དཀྲུགས། དཀའ་མཛོད་དཀྱུས། དྲི་དཀུ་བ། གྲངས་ཀྱི་དཀྲིགས། ཉོན་མོངས་པའི་ཀུན་དཀྲིགས།
དཀའ་བ་སྤྱད། དུས་ཀྱི་དགུན། གྲངས་ཀྱི་དགུམང་ཚིག་དགུདབྱིབས་དགྱེ་བ་དང་དགུ་པ། དགང་གཟར་བླུགས།
དགེ་བའི་བྱ་བ། སྡང་བའི་དགྲ། ཕ་བ་དགོ་དགོདགང་བླ་བ། དགེ་སྦྱོང་། དགྲ་བཅོམ་པ། དུད་འགྲོ་དགོ་བ།
དགོན་པ། དགོན་དུང་ཅན། ནམ་མཁའི་དགུ་ཚིགས། དགོས་པ་དང་། དངོས་པོ། དངོམ་ཆེ་བའི་གསེར། དངུལ།
ངོས་ཀྱི་དངོས། སྙན་དངགས། ཚར་དུ་དངར་བའམ་རོ་དངར། ཆུའི་དངོ་། དྲིའི་དངོ་། དངན་ཐེན། དངོས་གྲུབ་དངོས།
ཟིལ་དངར། དཔག་ཚད། རྒྱལ་པོའི་དཔྱ། དཔྱང་ཐགདམག་གི་དཔུང་། དཔེ་དང་། དཔེར་བྱ། སྐུའི་དཔེ་བྱད།
མཛེས་པའི་དཔེན་པ། དཔོན་སློབ་དང་དཔོན། དུས་དཔྱིད་ཀཤིང་ང་དཔུང་བཅད། མཐོ་བའི་དཔངས། དཔག་བསམ་ཤིང་།
རྗེས་སུ་དཔག་པ། བཀྲེན་པའི་དབུལ། དབང་པོའི་དབང་ཕྱུགདབྱུ་གུ་དང་དབྱུག་པ། སེམས་ཅན་དབྱི།
དབྲེ། ཞ་ཉེའི་དབྱར་འདབ། སྐར་མ་དབོ། ཆུའི་དབའ་རླབས། དབྱིག་མོར་དབྱུགས། ལྷའི་དབང་པོ།
དམགམོད་མི་དམའ། དམངས་རིགས་དམན་པ། ནད་དམུ་ཆུ། དམིགས་པ་མེད་པ། གཙང་དམེ་སོགས། ༈ད་ལྟ་བ་ལ་འཇུག་པ་ནི།
སྤྲིན་དཀྲིགས། ཞོ་དཀྲུགས། དཀོར་མཛོད་དཀྲོགས། ཞགས་པས་དཀྲིགས། དཀར་ཡོལ་དཀྱུས། ཆག་དཀྲུམས་བཅོས།
སེམས་དཀྲུགས། མེ་ཏོག་དགྲམ། རྒྱན་དགོད། ཚལ་པར་དགས། མཐའ་ལ་དགར། ཆུས་དགགབུམ་པ་དགང་། དགོངས་བཅིངས།
དགྲོལ། གོས་དགགཚུར་དགགབདེ་བར་དགོད། གད་མོ་དགོད། སྲོག་དགུམ། བུག་པ་དགོགཡི་གེར་དགོད།
དཔྱི་མགོ་དཔྱོད། དཔག་བྱ་དཔོགགཞན་གྱིས་དཔོད། རྗེས་སུ་དཔགརྟོག་ཅིང་དཔྱོད། ཡེ་ཤེས་དབབ།
གདུགས་དབུབ། བསོད་སྙོམས་དབུལ། དམའ་དབབ། དབྱིག་དབྱིག་དབུར། ཕན་ཚུན་དབྱེ། ཆུ་དབོ། ནོར་དབྲོགརྫིང་དབོ།
དབུགས་དབྱུང་། ཁ་ནས་དབྲི། རལ་གྲི་དབྱུགབུག་པ་དབུགབསོད་སྙོམས་དབུལ། མྱུག་མྱུག་དམྱུགས།
ཡིད་ཀྱིས་དམིགས། ཅུང་ཟད་དམན། སྙིང་ནས་དམོད། འཛུམ་དམྱུལ་རྣམས་སོ། །
གསུམ་པ་མོ་ཡིག་གི་འཇུག་པ་བཤད་པ་ནི།
མོ་ནི་བདག་དང་མ་འོངས་ཕྱིར། །
ཞེས་པས་མོ་ནི་དངོས་པོ་བདག་དང་།
དུས་མ་འོངས་པ་སྟོན་པའི་ཕྱིར་འཇུག་པ་གཙོ་ཆེ་ཞིང་དོན་གྱི་བདག་གཞན་གཉིས་ཀ་ལ་འཇུག་པ་ཡོད་ཀྱང་དངོས་བསྟན་ལྟར་བདག་གི་ཁོངས་སུ་བསྡུས་ནས་དཔེར་བརྗོད་ན།
མོ་ཡིག་བདག་ལ་འཇུག་པ་ནི། འཁར་རྔ། བརྟེན་པའི་འཁར་བ། བྱ་བའི་འཁོབས། གྲང་བའི་འཁྱག་པ། ངག་འཁྱལ་བ།
གདུགས་འཁྱིར་པ། དུང་གཡས་འཁྱིལ། ཟས་ཀྱི་འཁུར་བ། ཡུལ་མཐའ་འཁོབ། སེམས་འཁྲེན་པ། འཁྲིག་ཚིགརྩ་བའི་འཁྲིས།
འཁྲུ་བའི་ནད། འཁོས་ཆེ་ཆུང་། ལུས་འཁྱོག་པོ། སྲིད་པའི་འཁྲི་ཤིང་། རུས་ཀྱི་འཁོན། ཞིང་གི་འཁྲུན།
གསེར་གྱི་འཁོར་ལོ། མི་འཁྱུག་པོ། རིན་ཅེན་འཁར་བ། འཁྲུ་མ་མཁན། གཞན་འགའ་ཞིགས་འགོལ་བ། ལུས་ཀྱི་འགྲམ།
ཚོང་དུས་འགྲོན་པོ། འགོང་པོའི་གདོན། སྲིད་པའི་འགྲོ་བ། སྐབས་རེས་འགའ། འགྱུར་བྱེད་ཀྱི་རྫས།
འཆག་པའི་གནས། འཆབ་པའི་ཉེས་པ། འཆལ་བའི་ངགའཆུས་པའི་ཤིང་། ཞེན་པའི་འཆེལ། འཆོལ་བའི་སྤྱོད་པ།
ལས་ལ་འཇུག་ཆེ་བ། འཇམ་པའི་དབྱངས། འཇེབས་པའི་ངགའཇུད་མཐུན་མ། ལུས་འཇོལ་འཇོལ། འཇོ་སྒེག་ཅན།
རྩྭ་འཇག་མ། ནམ་མཁའི་འཇའ་ཚོན། ཟས་འཇང་བ། དབྱིབས་འཇོང་བ། ཤ་འཇམ་པ། སྲིད་བུར་འཇུར། སྲིད་ཀྱི་འཇིང་།
རྒྱ་མཚོའི་འཇིང་། འཇའ་མོ་སླེབ་པ། འཇའ་ས་ལོན་པ། སྲོག་ཆགས་འཇིབ། ཁང་པའི་འཇའ། རྩ་འཇིང་།
འཇབ་བུར་འཇབས་པ། འཇལ་ནས་འཇུ་བ། འཇུངས་པའི་སེམས། འཇིག་རྟེན་ཁམས། སའི་འཇིམ་པ། འོས་པའི་འཐད་པ།
ནན་ཏན་འཐན་པ། མཁྲེགས་པའི་འཐས་པ། སྨོད་ཚིག་ཚིག་འཐིང་སླད། སྲབ་འཐུག་འཐོར་འཐུང་གི་ཆུ།
བློ་འཐུམས་པ། དུ་བ་འཐུལ་བ། རྐང་པ་འཐེང་པོ། གོས་འཐེབ་ཁྲོལ། །ཆས་ཀ་འཐོར་བ། འཐབ་ཀྲོལ།
ཆུའི་འདམ། ཟན་འདུར་འདུར། ལག་པ་འདར་བ། སྐྱོ་མ་འདལ་བ། དུས་འདས་པ། ངེས་བཟུང་གི་འདི། འདུལ་སྦྱོང་བྱེད་པ།
ས་འདོལ་པ། བློ་འདུན་པ། འདམ་བུའི་འདབ་མ། བསླུ་བའི་འདྲིད། ལུས་ཀྱི་འདོམས། མདའི་འདོམ།
འདམ་ཀ་བཏང་བ། མི་འདོད་མེད། འདབ་ཆགས་བྱ། རྟ་འདོ་བ། ལྷ་འདྲེ། བློ་འདྲོགས་པ། འདྲེག་མཁན།
འདྲེས་པའི་འདྲེན་པ། འདས་པོའི་འདང་། འདག་ཆལ། འདུ་འཛིའི་བློ། འདུ་ཤེས་དང་འདུ་བྱེད། འདོད་ཆགས།
འདུས་བྱས། འཕྲལ་གྱི་འདྲེགསྨོད་པའི་འཕྱས། འཕྱོན་མའི་བློ། དུས་འཕྱི་བ། ཡན་པར་འཕྱག་པ།
ལྟོ་འཕྱེ་དང་འཕྱེ་བོ། སྒྱུ་འཕྲུལ། འཕྲིན་ལས། འཕྲིན་ཡིགའོད་འཕྲོ་བ། ནམ་འཕང་། ཤིང་རྟའི་འཕང་ལོ།
འཕག་འཕག་བྱེད་པ། ཕན་ཚུན་འཕྱུགས་པ། ཤིང་གི་འཕལ་གའཕྲལ་གྱི་བྱ་བ། ཕྱག་དང་འཕྱགསྒོ་འཕར།
འཕྲེང་བ། མདའི་འབེམ། རབ་འབྱམས། བརྟེན་པའི་འབྲོངས། མཛེས་པའི་འབྱེས། སྦྱར་བའི་འབྱར། དུད་འགྲོ་འབྲི་དང་འབྲོང་།
རབ་འབྲིང་འབྱེད། ལས་འབྱོངས་པ། འབྲུ་དང་འབྲས་བུ། སྐད་ཆེན་འབྲུགནད་ཀྱི་འབྲུམ་བུ། ཕན་ཚུན་འབྲེལ་བ།
རུས་ཀྱི་འབྲོམ། འབྲུབ་ཁུང་། འབྲེལ་གཏམ། འབྱུང་པོ། སྨྱོ་འབོགསྐྲ་འབལ་བ། ལུས་ཀྱི་འཚོག་མ།
ལུས་སྟོབས་འཚག་པ། ཤེས་པ་དང་ཆོག་པའི་འཚལ། ལོངས་པའི་འཚར་བ། འཚུབ་མ་ལངས་པ། སྔ་ཕྱི་འཚལ་བ།
བྲོ་འཚལ་བ། འོད་འཚེར་བ། སྲོག་འཚོ་བ། འཚང་རྒྱ་བ། སེམས་ཀྱི་འཛིན་པ། ཆུ་འཛག་པ། ཟད་པའི་འཛངས།
བཟླས་པའི་འཛབ། འཛམ་བུའི་སྒྲ། འདུ་འཛི་སེམས། གོས་འཛར་བ། ཆུ་འཛར་བ། བཞིན་འཛུམ་པ། རྡོ་འཛེང་།
སྐད་འཛེར་བ། ལོགས་སྐྱེས་འཛེར། འཁྲུགས་པའི་འཛག་འཇོགའཛག་མོ་སོགས་སོ། ༈། དུས་མ་འོངས་པ་ལ་འཇུག་པའི་དཔེར་བརྗོད་ནི།
སྐུད་པ་འཁལ་བ། བློ་འཁུམས་པ། གཞན་ལ་འཁུབ། ཁྲལ་འཁུལ་པ། ཡུལ་གཞན་འཁྱམས་པ། གཞན་དུ་འཁྱར་བ།
བཅིངས་པའི་འཁྱིག་པ། མགུལ་ནས་འཁྱུད་པ། བྲོས་པའི་འཁྱུས་པ། བརྟེན་པར་འཁྲ་བ། བྲོ་འཁྲབ་པ།
ཕོ་མོ་འཁྲིག་པ། གནས་སུ་འཁྲིད་པ། ཤིང་ལ་འཁྲིལ་པ། ཁྲལ་འཁྲི་བ། སེམས་འཁོལ། ལུས་འཁྲུགས་པ།
ཇ་མི་འཁྲུ་བ། ཁུར་འཁུར་བ། གཞན་དུ་འཁྱོལ་བ། གཞན་ཏུ་འཁྱེར་བ། ནོར་གྱིས་འགེང་བ། འགྲོངས་པར་འགྱུར་བ།
ཕན་ཚུལ་འགྱེས་པ། ནོར་འགྱེད་པ། མཆོད་རྫས་འགྲེམ་པ། རེ་འདོད་འགྲུབ་པ། ལས་ལ་འགྲུས་པ། གཞུང་དོན་འགྲེལ་པ།
ལམ་དུ་འགྲོ་བ། འགྲོགས་པར་འགྱུར་བ། སྲོག་འགགས་པ། མགྲོན་པོ་འགུགས་པ། རྒྱན་པོ་འགྱེད་པ།
མཆུ་འགུལ་བ། ཉི་མ་འཆར་བ། སྲོག་འཆད་པ། འཆི་བར་འགྱུར་བ། བློ་འཆེལ་བ། ཚུལ་འཆོས་པ། བྱ་བ་འཆོལ་བ།
གལ་གྱིས་འཆུ་བ། སྔ་ཕྱི་འཆེལ་བ། བློ་འཆལ་བ། ཞགས་པས་འཆིང་བ། བློས་འཇལ་བ། ཚད་འཇལ་བ། འདོད་པ་འཇོ་བ།
ཡིད་བརྟན་འཇིག་པ། ཕྲུ་གུ་འཇིལ་བ། ཐུགས་རིན་འཇལ་བ། ཟུང་དུ་འཇུག་པ། འོ་མ་འཇོ་བ། ཁྲག་འཇིབ་པ།
གོས་ལ་འཇུ་བ། འཇབ་པ། གཞན་འཇུན་པ། རང་སར་འཇོག་པ། གཞན་ལ་འཇལ་བ། འཇོམས་པར་འགྱུར་བ། སྐྱིན་པ་འཇོལ་བ།
སྡུག་བསྔལ་འཇིལ་བ། འདུས་བྱས་འཇིག་པ། ཁུང་དུ་འཇུག་པ། ཉེ་བར་འཇོག་པ། སྨན་འཐག་པ། ཕན་ཚུན་འཐབ་པ།
གྲོགས་སུ་འཐམས་པ། ཐག་པས་འཐེན་པ། ཤ་འཐོག་པ། ནང་ནས་འཐོན་པ། ཆུ་འཐུང་བ། བློ་འཐིབ་པ། གྱེན་དུ་འདེགས་པ།
ཡི་གེར་འདྲི་བ། ལག་ནས་འདོན་པ། སེམས་ལ་འདོད་པ། བློ་འདུན་པ། བདུད་འདུལ་བ། རྒྱན་འདོགས་པ།
ཁུང་བུ་འདྲུ་བ། ཤིང་འདྲུད་པ། སྤྱན་འདྲེན་པ། ཞབས་འདྲེན་པ། ཚུལ་འདུས་པ། གཅིག་ཏུ་འདྲེས་པ།
དྲི་མ་འདག་པ། ཕྱིར་འདོན་པ། སྔོན་དུ་འདོང་བ། རྗེས་སུ་འདེད་པ། བླ་མར་འདུད་པ། མིང་འདོགས་པ།
གསོལ་བ་འདེབས་པ། སྨོད་ཅིང་འཕྱ་བ། མདའ་འཔེན་པ། ནོར་འཕྲོགས་པ། དར་འཕྱར་བ། ལག་ཏུ་འཕྲོད་པ།
རླབས་འཕྱོ་བརྐེད་པར་འཕྱང་བ། ཕར་འཕྱུགས་པ། དབུ་ཐུམ་འཕུར་པ། ནང་དུ་འཕུལ་བ། མཁར་འཕུར་བ།
ཆོས་མིན་འབྱེད་པ། ཚོན་འབྱུག་པ། ཆུ་འབྲུབ་པ། ཆང་འབྱོ་བ། ལྕེས་འབྱོག་པ། མཚང་འབྲུ་བ། ཚེ་འབྱེད་པ།
ཚིག་འབྱིན་པ། རྗེས་སུ་འབྲང་བ། རྒྱལ་འབོགས་པ། ཕྱིར་འབྱེར་བ། གཞན་ལ་འབྲོས་པ། ཁ་འབྲི་བ།
འབྲིད་པ། སྒོ་འབྱེ་བ་དང་། འབྱེད་པ། སྒྲིབ་པ་འབྱང་བ། ངན་འགྲོར་འབྱིང་བ། ཕྱིར་འབྱོན་པ།
ཆོས་འབྱུང་བ། ཕྱག་འཚལ་བ། ནང་དུ་འཚང་བ། བློ་འཚབས་པ། གནོད་ཅིང་འཚེ་བ། ཆོག་པའི་འཚལ། རྒྱལ་བའི་འཚེངས་པ།
ལུས་འཚོ་བ། ཟས་འཚེད་པ། ནོར་འཚོལ་ཞིང་འཚོང་བ། སྐྱིན་པ་འཚབས་པ། ངལ་འཚོ་བ། དགེ་འདུན་འཚོག་པ།
དྲི་བའི་འཚལ། ཆུ་འཚོག་པ། དྲི་བའི་འཚལ། ཆུ་འཚག་པ། མེས་འཚིག་པ། ཏིལ་འཚིར་བ། དངོས་པོ་འཛིན་པ།
ཆུད་འཛའ་བ། ཟད་པའི་འཛད་པ། བྱ་བ་འཛོལ་བ། ཕན་ཚུན་འཛིངས་པ། སྣོད་ལ་འཛུད་པ། བདུད་རྩིའི་འཛེད་པ།
ས་ལ་འཛུལ་བ། དེ་སྐད་འཛེར་རོ་སོགས་སོ། །
བཞི་པ་ཤིན་ཏུ་མོའི་འཇུག་པ་བཤད་པ་ནི།
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །༡༡། །
ཞེས་པ། ཤིན་ཏུ་མོ་མ་ཡིག་ནི་དངོས་པོ་བདག་གཞན་གཉིས་དང་།
དུས་གསུམ་ག་ལ་མཉམ་པ་ཉིད་དུ་འཇུག་སྟེ། དཔེར་བརྗོད་ན། བདག་གཞན་གཉིས་ལ་མཉམ་པར་འཇུག་པ་ནི།
མཁན་པོ། ནམ་མཁའ། མཁར། མཁལ་མ། མཁོ་བ། མཁྱུད་དཔྱད། མཁུར་ཚོས། མཁུར་འཛུམ། སྔོ་མཁན་པ། ཞུ་མཁན།
ནད་མཁྲིས་པ། ལག་པའི་མཁྲིག་མ། སྔར་མཁོ། མགར་བ། མགལ་མ། མགྲིན་པའི་མགུར། མགུལ། མགོཡ་མགལ།
མ་མགལ། མངོན་ཤེས། ཆོས་མངོན་པ། མངའ་བདགམངར་གསུམ། མངའ་ཐང་། མངག་གཞུགལུས་ཀྱི་མངལ། མངན་བགྲང་པ།
ཡི་གེའི་མཆན་བུ། སྒྱུ་མའི་མཆན་བུ། ཁ་མཆུ། དུར་གྱི་མཆད་པ། མཆིག་དང་མཆིག་གུནོར་བུ་མཆིང་བུ།
རྒྱ་མཚོའི་མཆིང་། བཀལ་མཆིད། ནང་ཁྲོལ་མཆིན་པ་དང་མཆེར་པ། རུས་ཀྱི་མཆིམས། དཀོན་མཆོགགཞུ་མཆོགམཆིས་བྲང་།
ལྕགས་ཀྱུའི་མཆིལ་པ། བྱེའུ་མཆིལ་པ། མཆིལ་ལྷམ། མཆི་མ། མཆེ་བ་དང་མཆུ། །ཡོད་པའི་མཆི། སྐྱེ་མཆེད།
ལུས་ཀྱི་མཇིང་པ། མཇུག་མ། མི་བརྗེད། མཉན་ཡོད། སྔོ་ར་མཉེ། འདབ་མ་མཉེན་པ། །གྲུའི་མཉན་པ།
རྣ་བས་མཉེན་པ། གྲོགས་ཀྱི་མཉེས་གཤིན། སྨད་ཀྱི་མཐང་། ཡུལ་མཐའ་འཁོབ། མང་ཚིག་མཐའ་དགཁ་དོག་མཐོན་མཐིང་།
ནུས་མཐུ། མཐུན་མི་མཐུན། ནམ་མཁའ་སོགས་ཀྱི་མཐོངས། མཐོ་འཚམ་པ། ཉེས་པ་མཐོལ་བ། བྱེའུ་མཐིང་རིལ།
རྟ་མཐུར་མཐུད་པ། སོར་མོའི་མཐེ་བོ། མཐེའུ་ཆུང་། ཚད་ཀྱི་མཐོ། དཔངས་ཀྱི་མཐོ། མེ་མདགཚོན་མདངས།
མདའ་མདུང་། མདེའུ། དཔྲལ་བའི་མདོངས། མདོ་དང་མདོར་བསྡུས། མདོགམདོངས་གསོལ། ར་མདའ། མདོས་རྒྱགམདང་སང་།
ལུང་པ་མདའ། རྒྱབ་མདུན། འོག་ཏུ་མནན་པ། མནའ་བསྐྱལ་བ། མནོག་ཆུང་བ། མནའ་མ། ནོམ་པའི་མནངས་པ།
མནབ་རྩལ། སྐྱོན་མཚང་། མིང་གི་མཚན། མཚན་ཉིད། དུད་འགྲོ་མཚའ། ཕྱོགས་མཚམས། མཛེས་པའི་མཚར།
དུར་གྱི་མཚུན། རུས་ཀྱི་མཚུར། མཚོ། མཚེའུ། ཉིན་མཚན། ལུས་ཀྱི་མཚོག་མ། མཚོན་ཆའི་ཕྱག་མཚན།
སྔོ་མཚན། མཚེ་མ། བྱ་མཚའ་ལུ། ངོ་མཚར་བ། ཁྱིམ་མཚེས། མཛེས་པའི་མཛོད་སྤུ། མཛེ་དང་མཛེར་པ།
བང་མཛོད། མཛད་པ་མཛོད། དཔའ་མཛངས་སོགས་སོ། །
དུས་གསུམ་མཉམ་པ་ཉིད་དུ་འཇུག་པ་ནི། ཆོས་དེ་ལ་མཁས་སོ། །དེ་ལ་མཁས། མཁས་པར་འགྱུར། ཞེས་པ་ལྟ་བུ།
དཔེ་མཁྱུད། ཆོས་མཁྱེན། མཁྲེགས། མཁྲང་། མགྱོགས། མགྲོན། མངའ་མངོན། མཆི། མཆོགམཆིས། མཆོངས།
མཆོད། མཆོར། མཇལ། མཉེད། མཉེས། མཐུན། མཐོང་། མདུད། མནར། མནབས། མཚར། མཚོན། མཚུངས། མཛེས།
མཛངས་ལ་སོགས་པའོ། །
ཞར་བྱུང་བྱ་བྱེད་ཀྱི་དབྱེ་སྒོ་གཞན་བསྟན་པ་ནི། བྱ་བའི་སྒྲ་ལ་ཨོ་ཡིག་སྦྱར་བ་བྱེད་ལས་དང་།
མ་སྦྱར་བ་བྱ་བ་གཞི་ལ་ཡོད་པའི་ལས་ཡིན་ཏེ། དཔེར་ན་ལག་པ་རྐྱོང་བར་བྱེད། བརྐྱང་བར་བྱ། ཆོས་ཀློག་པར་བྱེད།
བཀླག་པར་བྱ། སྐྲོད་པར་བྱེད། བསྐྲད་པར་བྱ། སྐོང་བར་བྱེད། བསྐང་བར་བྱ། སྐྱོང་བར་བྱེད།
བསྐྱང་བར་བྱ། སྒྲོག་པར་བྱེད། བསྒྲག་པར་བྱ། དེ་བཞིན། སྒོགབསྒགསྒྲོལ། བསྒྲལ། རྒོལ། བརྒལ།
རྒྱོབ། བརྒྱགགཅོགགཅགསྙོབ། བསྙབ། གཏོང་། བཏང་། བསྟོད། བསྟད། རྟོགབརྟགསྟོན། བསྟན། སྡོད།
བསྡད། རྩོད། བརྩད། སློང་། བསླང་། སློབ། བསླབ། རློབ། བརླབ་ཞེས་སོགས་དང་། དེ་དང་ཕྱོགས་མཚུངས་པ་ལ་དམིགས་གསལ།
སྤྱོད། སྤྱད། སྤོང་། སྤང་། སྦྱོང་། སྦྱང་སོགས་ལ་རང་སྡེར་སོང་བས་ལས་དངོས་ལའང་བས་འཕུལ་མེད་པ་དང་།
གཞན་ཡང་མིང་དང་བྱ་བ་འབྱེད་པ། སེམས་སྐྱེད་བྱེད། སེམས་བསྐྱེད་བྱ། སྒྲུབ་པ་བྱེད། བསྒྲུབ་པ་བྱ།
སྦྱིན་སྲེག་བྱེད། སྦྱིན་བསྲེག་བྱ་ལྟ་བུ་མིང་གི་རང་བཞིན་དུ་གནས་པའི་སྒྲ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་མི་བལྟོས་པ་དང་།
མེ་ལ་སྲེག་པར་བྱེད། བསྲེག་པར་བྱ། སེམས་སྐྱེད་པར་བྱེད། བསྐྱེད་པར་བྱ། ནོར་སྒྲུབ་པར་བྱེད།
བསྒྲུབ་པར་བྱ་ལྟ་བུ་བྱ་བ་ཡིན་པས་གསལ་བྱེད་ཀྱི་སྒྲ་ལ་བལྟོས་པ་དང་། ཡང་དྲན་པ་ཉེ་བར་བཞག་པ་ཆོས་རིག་པ་ལྟ་བུ་མིང་དང་།
དྲན་པ་ཉེ་བར་བཞགདོན་རིག་ལྟ་བུ་བྱ་བར་འགྱུར་ཏེ་བདག་པོའི་སྒྲ་ཡོད་མེད་ཀྱི་དབང་ལས་ཡིན་པ་དང་།
ཡང་བུམ་པ། ཀ་བ། རྟག་པ། ལྗོན་པ་ལྟ་བུ་བདག་སྒྲ་མེད་ཀྱང་བྱ་བ་སྟོན་བྱེད་དུ་མི་འགྱུར་བ་མང་ཞིང་།
མ་འོངས་པ་སྐུལ་བའི་ཚིག་ཕལ་ཆེར་ལ་ནི་སྔོན་འཇུག་ཕོ་ཡིག་ནམ་ཡང་མི་འཇུག་སྟེ། དཔེར་ན་བྱུག་པ་སྐུས་ཤིགབརྩེ་བས་སྐྱོངས་ཤིགདཔོན་དུ་སྐོས་ཤིགཅང་ཏེའུ་སྒྲོགས་ཤིགནོར་རྐུས་ཤིགབྱ་བ་སྒྲུབས་ཤིགའགྲོ་བ་སྒྲོལ་ཞིགབསམ་གཏན་སྒོམས་ཤིགདབང་སྒྱུར་ཞིགཕྲེང་བ་རྒྱུས་ཤིགཞིང་རྔོས་ཤིགདགེ་བ་སྔོས་ཤིགདེ་སྐད་རྗོད་ཅིགལམ་སྒོམས་ཤིགརྗེས་སུ་སྙོགས་ཤིགམིག་གིས་ལྟོས་ཤིགདགྲ་བོ་རྟོགས་ཤིགཞགས་པས་སྡོམས་ཤིགབརྩོན་འགྲུས་རྩོམས་ཤིགཁང་པ་རྩིགས་ཤིགགྲངས་རྩིས་ཤིགབྱིན་གྱིས་རློབས་ཤིགལེགས་པར་སློབས་ཤིགམཆོད་པ་བཤོམས་ཤིགམེ་ལ་སྲོས་ཤིགདྲང་པོར་སྲོངས་ཤིགཚུལ་ཁྲིམས་སྲུངས་ཤིགམེས་སྲེགས་ཤིགཕན་ཚུལ་སྲེས་ཤིགལེགས་པར་སོམས་ཤིགཞེས་པ་ལྟ་བུས་མཚོན་རྒྱ་ཆེར་རྟོགས་པར་བྱའོ།
།
གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་དང་།
དེའི་འཇུག་པ་རྒྱས་པར་བཤད་པའོ། །དང་པོ་༼རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །
མོ་ལ་མོ་དང་ཤིན་ཏུ་མོ། །༡༢། །
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་གསུངས་པ་སྟེ། དེ་ལྟར་རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་དེ་ཉིད་ལའང་ནང་གསེས་ཀྱི་སྒོ་ནས་ཕོ་མོ་མ་ནིང་གསུམ་དུ་དབྱེ་ཞིང་།
དེ་ལས་ཀྱང་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་དང་། མོ་ལ་མོ་དང་ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་བ་མ་ནིང་དང་།
མཚན་གཉིས་མ་ནིང་དང་། མཚན་མེད་མ་ནིང་དང་གསུམ་དུ་དབྱེ་བར་འདོད་དོ། །ཞེས་པའོ། །
འདི་ལ་མཁས་པ་སོ་སོའི་བཞེད་པ་འགོད་པ། འཐད་པའི་ཕྱོགས་ངོས་བཟུང་བ། དེ་ལ་ཀླན་ཀ་སྤང་བ་གསུམ་དུ་ཡོད་པ་ལས།
དང་པོ་༼མཁས་པ་སོ་སོའི་བཞེད་པ་འགོད་པ༽ནི། རྗེ་ཞ་ལུ་པས། དེའང་ད་བ་ས་གསུམ་རྗེས་འཇུག་གི་ཕོ་ཡིག་དང་།
འ་དང་ར་གཉིས་མོ་ཡིག་དང་། ག་ང་ན་མ་ལ་རྣམས་མ་ནིང་དུ་ཤེས་པར་བྱས་ནས། སླར་ཡང་ནང་གསེས་ཀྱི་དབྱེ་བ་ནི།
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་སྟེ། ད་བ་ས་རྣམས་སོ། །མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཏེ་འ་དང་རའོ།
།མ་ནིང་ལ་འགྱུར་བ་མ་ནིང་ག་ང་ན་གསུམ་དང་། མཚན་གཉིས་པ་མ་དང་། མ་ནིང་མཚན་མེད་ལ་ཡིག་དག་དང་བཅས་པས་རྗེས་འཇུག་གི་མ་ནིང་རྣམ་པ་གསུམ་དུ་འདོད།
ཅེས་པ་སྟེ་ཐོག་མར་རྟགས་ཀྱི་དབྱེ་བ་འདི་ངེས་པར་བྱའོ། །འདི་ལ་ངོས་འཛིན་ལུགས་མི་འདྲ་བ་འགའ་སྣང་ཡང་རེ་ཞིག་འདི་འཐད་པར་མངོན་ནོ་ཞེས་གསུངས།
འགྲེལ་པ་གསལ་བྱེད་སྒྲོན་མེར་འདི་ག་དང་མཐུན་པར་བཞེད། དབུས་པ་བློ་གསལ་གྱིས། གཞན་འདི་ག་དང་མཐུན་པ་ལ།
ས་བ་ད་རྣམས་ནི་རྗེས་འཇུག་ཕོའི་སྐྱེས་བུ་རབ་འབྲིང་གསུམ་མོ། །ཞེས་གསུངས་པས་སྐྱེས་བུ་རབ་མཐའ་གཉིས་གོ་ལྡོག་པར་མངོན་ཞིང་།
འགྲེལ་པ་མཁས་པའི་དགའ་སྟོན་དུ། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལ་རྟགས་ཀྱི་སྒོ་ནས་དབྱེ་ན་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་བྱས་ནས།
ཕོ་ལ་ད་སྐྱེས་བུ་རབ་དང་། བ་འབྲིང་དང་། ས་ཐ་མར་རིགས་ཤིང་། མོ་ཙམ་ག་དང་། ཤིན་ཏུ་མོ་ང་དང་མ།
འགྱུར་བ་མ་ནིང་ན་དང་། མཚན་གཉིས་པ་ར་ལ་གཉིས་དང་། མཚན་མེད་འ་དག་དང་བཅས་པས་མ་ནིང་གསུམ་དུ་འདོད་དགོས་པ་ཡིན་ནོ།
།བརྟགས་ཤིང་དཔྱད་པས་ངོས་འཛིན་འདི་ཉིད་རགས་པར་མཐོང་ངོ་། །ཞེས་བཞེད་ཅིང་།
ཞར་ལ་རྗེ་ཞ་ལུ་པའི་བཞེད་པར་དགག་པའང་མཛད། ཆོས་ལ་འཇུག་པའི་སྒོར།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །
ས་དང་བ་དང་ད་རྣམས་ཏེ། །
སྒྲ་ཡི་དྲག་ཞན་དབང་གིས་ཕྱེ། །
མོ་ལ་མོ་དང་ཤིན་ཏུ་མོ། །
ལ་དང་འ་ལ་རིམ་བཞིན་འདོད། །
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་པ་དང་གསུམ་དུ་བཤད། །
ག་ང་ན་མ་ར་ལྔ་པོ། །
གཞི་ཡི་དྲག་པོ་དང་འཕྲད་ན། །
དྲག་པོར་འགྱུར་ཞིང་ཞན་པ་དང་། །
འཕྲད་ན་ཞན་པར་འགྱུར་བའི་ཕྱིར། །
དེ་ཚེ་འགྱུར་བའི་མ་ནིང་ཡིན། །ཞེས་གསུངས།
དེ་དང་མཐུན་པར་མི་ཟད་པའི་ཟ་མ་ཏོག་ལས། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་ཞེས་བྱ་བ་ནི།
རྗེས་འཇུག་གི་ཕོ་ཡིག་སྐྱེས་བུ་རབ་ནི་ས་ཡིན་ཏེ། དེའི་རྗེས་སུ་ཞུགས་པ་ན་སྒྲ་སྟོབས་ཆེ་བའི་ཕྱིར་རོ།
།སྐྱེས་བུ་འབྲིང་ནི་བ་ཡིན་ཏེ་སྒྲ་འབྲིང་དུ་གནས་པའོ། །སྐྱེས་བུ་ཐ་མ་ནི་ད་ཡིན་ཏེ་སྒྲ་སྟོབས་ཆུང་བར་གནས་སོ།
།དེ་དག་སྐྱེས་བུ་ཕོ་གསུམ་དུ་ཇི་ལྟར་རྟོགས་ན། སུམ་ཅུ་པ་ལས། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།
།ཞེས་གསུངས་པ་ནི། ས་བ་ད་རྣམས་ཡིན་ནོ། །མོ་ལ་མོ་དང་ཤིན་ཏུ་མོ། །ཞེས་བྱ་བ་ནི། རྗེས་འཇུག་མོ་ལ་ཕྱེ་ན་ལ་ཡིག་རྗེས་སུ་ཞུགས་པ་ནི་མོ་ཡིན་ཏེ་སྒྲ་སྟོབས་ཞན་པ་ཡིན་ནོ།
།དེ་དང་སྒྲ་མཚུངས་པ་རྗེས་འཇུག་གི་ཤིན་ཏུ་མོ་ནི་འ་ཡིན་ཏེ། དེའང་སུམ་ཅུ་པ་ལས།
བདུན་པ་ཉིད་ནི་བདུན་པ་སྟེ། །ཞེས་བཤད་དོ། །
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་བྱ་བ་ནི། རྗེས་འཇུག་མ་ནིང་ལ་ཡི་གེ་ལྔ་ཡོད་དེ།
ག་ང་ན་མ་ར་སྟེ། དེ་རྣམས་ལ་འགྱུར་བའི་མ་ནིང་དང་། མཚན་གཉིས་པའི་མ་ནིང་དང་། མཚན་མེད་པའི་མ་ནིང་དག་དང་དབྱེ་བ་གསུམ་གསུངས་པ་ནི།
ཡིག་འབྲུའི་སྒོ་ནས་ཕྱེ་བ་མ་ཡིན་གྱི། གྲོགས་ཟླའི་སྒོ་ནས་ཕྱེ་བ་ཡིན་ཏེ་འོག་ཏུ་གསལ་བར་འགྱུར་རོ།
།ཞེས་གསུངས། འགྲེལ་པ་གསལ་བའི་སྒྲོན་མེར། གཞན་འདྲ་བ་ལ། ག་ད་གཉིས་སྐྱེས་བུ་ཐ་མ་ཡིན་ནོ།
།ཞེས་ག་ཡིག་ཕོ་སྐྱེས་བུ་ཐ་མར་བཞེད། འགྲེལ་པ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟར། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་ཞེས་པ་ཕོ་ལ་སྐྱེས་བུ་རབ་ནི་སའོ།
།སྐྱེས་བུ་འབྲིང་ནི་བའོ། །ཐ་མ་ནི་ག་ད་གཉིས་སོ། །མོ་ལ་མོ་དང་ཤིན་ཏུ་མོ་ཞེས་པ་མོ་ལ་གཉིས་ཏེ།
ར་ལ་དག་ནི་མོའོ། །ང་ནི་ཤིན་ཏུ་མོའོ། །
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
ཅེས། ན་མ་འ་གསུམ་རིམ་པས་སོ།
།ཞེས་གསུངས། འགྲེལ་པ་མཁས་པའི་ཡིད་འཕྲོག་ཏུ།
དེ་ལ་དབྱེ་བ་ངོ་བོ་དང་གྲོགས་ཀྱི་སྒོ་ནས་གཉིས་ལས། དང་པོ་ངོ་བོའི་སྒོ་ནས་དབྱེ་བ་གསུམ་སྟེ།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཞེས་པས་ཡང་འཇུག་བྱེད་པས་ན་ད་དང་ས་གཉིས་ཕོ་དང་།
འ་ལ་ཡང་འཇུག་སྦྱོར་བ་མེད་ཅིང་། ཕོའི་བྱ་བ་དུས་འདས་པ་དང་བྱ་བྱེད་གཉིས་ལས་བྱ་བ་གཞན་མི་སྟོན་པས་ན་འ་མོ་ཡིན་པ་དང་།
རྗེས་འཇུག་ག་ང་ན་བ་མ་ར་ལ་བདུན་ལ་ཡང་འཇུག་ད་དང་ས་གཉིས་སྦྱོར་བའི་རྒྱུ་མཚན་གྱིས་ན་མ་ནིང་ཡིན་པ་དང་གསུམ་དུ་དབྱེའོ།
།
གཉིས་པ་རྗེས་འཇུག་ཕོ་མོ་མ་ནིང་གསུམ་ལ་གྲོགས་ཀྱི་སྒོ་ནས་དབྱེ་བ་བརྒྱད་ནི་ཕོ་ལ་ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ།
དེའང་ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། ཞེས་རྗེས་འཇུག་ས་བ་ད་ཕོ་ལ་དབྱེ་ན། ཕོས་ཕོའི་རྟགས་དུས་འདས་པ་དང་།
བྱ་བ་གཞན་སྟོན་པ་སྐྱེས་བུ་རབ་དང་། ཕོས་མ་ནིང་གི་རྟགས་བྱ་བྱེད་གཉིས་ཀ་འཛོམ་པ་ལས་སུ་བྱ་བ་དུས་ད་ལྟར་བ་སྟོན་པ་སྐྱེས་བུ་འབྲིང་དང་།
ཕོས་མོའི་རྟགས་བྱེད་པ་བདག་དང་དུས་མ་འོངས་པ་སྟོན་པ་སྐྱེས་བུ་ཐ་མ་དང་གསུམ་མོ། །མོ་ལ་མོ་དང་ཤིན་ཏུ་མོ་ཞེས་པ་རྗེས་འཇུག་འ་མོ་ལ་དབྱེ་ན།
མོས་མོའི་རྟགས་བྱེད་པ་དང་དུས་མ་འོངས་པ་སྟོན་པའི་རྗེས་འཇུག་འ་མོ་དང་། མིང་ལས་གཞན་པ་བྱ་བྱེད་ལས་གསུམ་མི་སྟོན་པའི་མཐའ་རྟེན་འ་ཤིན་ཏུ་མོ་དང་གཉིས་སོ།
།
མ་ནིང་འགྱུར་དང་མཚན་གཉིས་དང་། །
མཚན་མེད་དག་དང་གསུམ་དུ་འདོད། །
ཅེས་པ་མ་ནིང་ལ་དབྱེ་ན།
མ་ནིང་གང་རུང་བ་ཞིག་ཏུ་གཏོགས་པའི་རྗེས་འཇུག་གི་ཡི་གེ་ག་ང་ན་བ་མ་ར་ལ་བདུན་པོ་གྲོགས་ཀྱི་དབང་གིས་ཕོའི་རྟགས་དུས་འདས་པ་དང་བྱ་བ་གཞན་སྟོན་པ་ལ་སྒྲ་དྲག་པོ་དང་།
ཕོའི་རྟགས་བྱེད་པ་བདག་དང་དུས་མ་འོངས་པ་སྟོན་པ་སྒྲ་ཞན་པར་འགྱུར་བ་ལ་ནི་མ་ནིང་འགྱུར་བ་དང་།
ཕོ་མོ་གཉིས་ཀ་དང་འཕྲད་པས་བྱ་བྱེད་འཛོམ་ནས་ལས་སུ་བྱ་བ་དུས་ད་ལྟར་བ་སྟོན་པ་ལ་ནི་ཕོ་མོ་གཉིས་ཀའི་རྟགས་ཅན་ཏེ་མཚན་གཉིས་པ་དང་།
མིང་ལས་གཞན་པ་བྱ་བྱེད་ལས་གསུམ་མི་སྟོན་པ་ལ་ནི་ཕོ་མོ་གཉིས་ཀའི་རྟགས་མེད་པ་ན། མ་ནིང་མཚན་མེད་ཡིན་པ་དག་དང་གསུམ་དུ་འདོད་དོ།
།ཞེས་གསུངས། འགྲེལ་པ་བསྟན་པའི་སྒྲོན་མེར། རྟགས་གསུམ་དུ་དབྱེ་བ་དང་། དེ་ལ་བརྒྱད་དུ་དབྱེ་བའོ།
།
དང་པོ་༼རྟགས་གསུམ་དུ་དབྱེ་བ་༽ནི།
རྗེས་འཇུག་ཡི་གེ་བཅུ་པོ་ལ། །
ཕོ་མོ་མ་ནིང་གསུམ་དུ་དབྱེ། །
ཞེས་པ་ནི། གོང་དུ་བསྟན་ཟིན་པའི་རྗེས་འཇུག་གི་ཡི་གེ་བཅུ་པོ་ཕོ་དང་མོ་དང་མ་ནིང་དང་གསུམ་དུ་དབྱེའོ།
།ག་ད་བ་ས་ནི་ཕོའོ། །ང་ན་མ་ར་ལ་ནི་མོའོ། །འ་ནི་མ་ནིང་ངོ་། །
གཉིས་པ་༼དེ་ལ་བརྒྱད་དུ་དབྱེ་བ་༽ནི།
ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། །
ཞེས་པ། ཕོ་ལ་སྐྱེས་བུ་རབ་ནི་སའོ།
།སྐྱེས་བུ་འབྲིང་ནི་བའོ། །ཐ་མ་ནི་ག་ད་གཉིས་སོ། །
མོ་ལ་མོ་དང་ཤིན་ཏུ་མོ། །༡༢། །
ཞེས་པ། མོ་ལ་སྐྱེས་བུ་གཉིས་ཏེ།
ར་ལ་དག་ནི་མོའོ། །ང་ན་མ་ནི་ཤིན་ཏུ་མོའོ། །མ་ནིང་འགྱུར་དང་མཚན་གཉིས་དང་། །མཚན་མེད་དག་དང་གསུམ་དུ་འདོད།
།ཅེས་པ་འ་ལ་གྲོགས་ཀྱིས་སྐྱེས་བུ་གསུམ་དུ་ཕྱེ་བའོ། །ཞེས་གསུངས་ཤིང་། དེ་དང་མཐུན་པར་སྣར་ཐང་ལོ་ཙཱ་བའི་མཚན་ཊཱིཀཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེ།
རབ་འབྱམས་སྨྲ་བ་རྣམ་གྲོལ་གྱི་དྲི་ལན། འགྲེལ་པ་བློ་གསལ་མགུལ་རྒྱན། འགྲེལ་པ་མཁས་པའི་རྒྱན་རྣམས་བཞེད་ལ།
གཉིས་པ་གཞུང་ཉིད་དུ་དངོས་བསྟན་མི་གསལ་བ་ལ་བརྟེན། དཔྱད་དཀའ་བར་སྣང་ཡང་། ལོ་ཆེན་ནམ་མཁའ་བཟང་པོའི་བཞེད་པ་བཞིན་འཐད་པར་མངོན་པས།
འཐད་པ་ནི་འོག་ཏུ་མིང་མཐའ་འདྲེན་ཚུལ་གྱི་སྐབས་སུ་དཔེར་བརྗོད་དང་བཅས་རྒྱ་ཆེར་སྟོན་ལ།
རྗེ་ཞ་ལུ་པའི་སུམ་རྟགས་ཀྱི་ཊཱིཀྐར་དེ་བཞིན་བྱུང་མོད་ཀྱང་། ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་ཏུ།
ག་ད་བ་ཡི་རྗེས་སུ་ཀྱང་། །ཞེས་མིང་གཞིའི་ཕོ་ཀ་ཡིག་འདྲེན་པ་དང་། ག་ད་བ་ཅིང་ས་མཐར་ཤིང་།
།ཞེས་མིང་གཞིའི་ཕོ་ཅ་ཡིག་དང་།
ག་ད་བ་ཅེས་ང་འ་དང་། །
ན་མ་ར་ལ་ས་དང་ནི། །
རྐྱང་པ་འདོགས་ཅན་ཞེས་ཏེ་དཔེར། །
ག་བ་ཅིག་ས་མཐར་ཤིག།
ཅེས་མིང་གཞིའི་ཕོ་ཅ་ཡིག་དང་།
ག་དང་བ་ཡི་རྗེས་སུ་ཏུ། །ཞེས་མིང་གཞིའི་ཕོ་ཏ་ཡིག་རྣམས་ད་དང་བ་གཉིས་ཀྱིས་འདྲེན་པ་བཞིན་དུ་ག་ཡིག་གིས་ཀྱང་འདྲེན་པར་བཞེད་པས་དོན་གྱི་ག་ཡིག་རྗེས་འཇུག་གི་ཕོར་བཞེད་པ་སོགས་དགོངས་པར་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་འདྲ་ཞིང་།
དེ་ཡང་སུམ་རྟགས་ཀྱི་འགྲེལ་པ་ནི་གཞན་ངོར་སྩལ་བ་ལྟ་བུའི་སྔ་རྩོམ་དང་། ཟ་མ་རྟོག་འདི་ལོ་ཙཱ་བ་ཆེན་པོ་དེ་ཉིད་དགུང་ལོ་དོན་བཞི་པའི་སྟེང་དུ་བཀའ་རྩོམ་མཛད་པ་ཕྱིས་དགུང་ལོ་གྱ་དྲུག་པའི་སྟེང་དུ་སླར་ཡང་བསྣོན་འཕྲིར་བསྒྱུར་བཅོས་ཀྱི་སྒོ་ནས་ཞུས་དག་པར་མཛད་པའི་ཡིད་ཆེས་ཉིད་ཡིན་ཕྱིར་འདི་ག་བཙན་པར་མངོན།
གསུམ་པ། འགའ་ཞིག་ན་རེ། འབྲེལ་བ་སྟོན་བྱེད་ཀྱི་སྒྲའི་སྐབས་སུ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར།
།ཞེས་དངོས་སུ་གསུངས་པའི་རིགས་པས་ད་བ་ས་གསུམ་ཁོ་ན་རྗེས་འཇུག་གི་ཕོ་ཡིན་གྱི། ག་ཡིག་ཕོར་འཇོག་པ་ལ་སྒྲུབ་བྱེད་མེད་དོ་ཞེ་ན།
གོང་དུ་རྗེ་ཞ་ལུ་པའི་གསུང་དཔེར་བརྗོད་དུ་དྲངས་པ་དེ་རྣམས་ག་ཡིག་རྗེས་འཇུག་ཕོའི་དབང་དུ་མཛད་པ་མ་ཡིན་ན་གཞན་གང་ཞིག་གིས་འགྲུབ་ལེགས་པར་བསམ་དགོས་ཤིང་།
གཞན་ཡང་མང་ངོ་། །
གཉིས་པ་༼འཐད་པའི་ཕྱོགས་ངོས་བཟུང་བ་༽ལ་གཉིས། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པའོ།
།
དང་པོ་༼དྲི་བས་མཚམས་སྦྱར་བ་༽ནི།
དེ་ཡང་བྱེད་པ་བཞི་བྱེད་དེ། །
གང་ལ་འཇུག་བྱེད་གང་གིས་བྱེད། །༡༣། །
དེ་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །
ཅེས་གསུངས་ཏེ། དེ་ལྟར་རྗེས་འཇུག་ཡི་གེ་རྟགས་ཀྱི་དབྱེ་བ་ངེས་པར་བྱས་ནས།
དེའང་སྔར་སྔོན་འཇུག་གི་སྐབས་སུ་བཤད་པ་བཞིན་བྱེད་པ་བཞི་བཞི་བྱེད་དེ། །ཡི་གེ་གང་ལ་འཇུག་པར་བྱེད་པ་དང་།
ངོ་བོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་སོ།
།
གཉིས་པ་༼ལན་གྱིས་རྒྱས་པར་བཤད་པ་༽ལ་བཞི། གང་ལ་འཇུག་པ་བཤད་པ། གང་གིས་འཇུག་པར་བཤད་པ།
ཇི་ལྟར་འཇུག་པར་བཤད་པ། ཅི་ཕྱིར་འཇུག་པ་བཤད་པའོ། །
དང་པོ་༼གང་ལ་འཇུག་པ་བཤད་པ་༽ནི། གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་གསུངས་ཏེ། རྗེས་འཇུག་གི་ཡི་གེ་བཅུ་པོ་ཡི་གེ་གང་ལ་འཇུག་པར་བྱེད་ཅེ་ན།
སྔོན་འཇུག་དང་མི་འདྲ་བར་ཡི་གེ་ཐམས་ཅད་ལ་རྗེས་སུ་འཇུག་པར་བྱེད།
གཉིས་པ་༼གང་གིས་འཇུག་པར་བཤད་པ་༽ནི། གང་གི་བཅུ་པོ་དེ་དག་གིས། །ཞེས་པ་སྟེ། འཇུག་པའི་ཡི་གེ་གང་ཞིག་གིས་ཤེ་ན།
རྗེས་འཇུག་བཅུ་པོ་དེ་དག་གིས་ཏེ། གཞན་གྱིས་ནི་མ་ཡིན་པར་རྗེས་འཇུག་ཉིད་ཁོ་ནས་དུས་གསུམ་དང་བླང་དོར་གྱི་གནད་ཐམས་ཅད་སྟོན་བྱེད་དུ་འཇུག་གོ།
གསུམ་པ་ཇི་ལྟར་འཇུག་པ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་བཤད་དོ། །དང་པོ་༼མདོར་བསྟན་པ་༽ནི།
ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །༡༤། །
སྒྲའི་འཇུག་ཚུལ་དོན་གྱིས་ཚུལ། །
ཞེས་གསུངས་པས་ཇི་ལྟར་འཇུག་ཚུལ་ལ་རྣམ་པ་གཉིས་ཡིན་ཏེ།
རྗོད་བྱེད་སྒྲའི་སྒོ་ནས་འཇུག་པའི་ཚུལ་དང་། བརྗོད་བྱ་དོན་གྱི་སྒོ་ནས་འཇུག་པའི་ཚུལ་ལོ།
།
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཀྱི། དང་པོ་ལའང་དྲག་ཞན་སྤྱིའི་འཇུག་ཚུལ། ནང་གསེས་ཞིབ་ཏུ་འཇུག་ཚུལ།
མ་ནིང་གི་འཇུག་ཚུལ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་༼དྲག་ཞན་སྤྱིའི་འཇུག་ཚུལ་༽ནི།
ཕོ་གསུམ་མོ་གཉིས་མ་ནིང་གསུམ། །
དྲག་ཞན་བར་མ་གསུམ་དུ་འཇུག།
ཅེས་གསུངས་པས་ཕོ་སྐྱེས་བུ་རབ་འབྲིང་གསུམ་དང་།
མོ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་འགྱུར་བ། མཚན་གཉིས། མཚན་མེད་དང་བཅས་གསུམ་པོ་ནི་རིམ་པ་བཞིན་དུ་ཕོ་གསུམ་སྒྲ་དྲག་པའི་ཚུལ་དང་།
མོ་གཉིས་ཞན་པའི་ཚུལ་གྱིས་དང་། མ་ནིང་གསུམ་པར་མའམ་རན་པའི་ཚུལ་གསུམ་གྱིས་མིང་གཞི་ལ་འཇུག་པར་བྱེད་དོ་ཞེས་པའོ།
།
གཉིས་པ་༼ནང་གསེས་ཞིབ་ཏུ་འཇུག་ཚུལ་༽ནི།
དྲག་པ་གསུམ་ཉིད་ནང་འཕྲད་དམ། །༡༥། །
གལ་ཏེ་ཞན་པ་ནང་འཕྲད་ན། །
དེ་ལ་ནང་གི་ཆ་ཆས་ཀྱིས། །
དེ་ཡང་དྲག་ཞན་གཉིས་སུ་དབྱེ། །
ཞེས་གསུངས་པ་ལྟར། དེའང་སྔོན་འཇུག་དང་མིང་གཞི་དང་རྗེས་འཇུག་གསུམ་ག་དྲག་པ་སོ་སོའི་སྡེ་ཚན་ཕོ་ཡིག་ཡིན་པས་སྒྲ་དྲག་པར་འབྱུང་བས།
དྲག་པ་གསུམ་ཉིད་ནང་འཕྲད་དམ། །ཡང་གལ་ཏེ་སྔོན་འཇུག་དང་རྗེས་འཇུག་དྲག་ལ་མིང་གཞི་རང་གི་སྡེ་ཚན་མོ་ཡིག་ཞན་པ་འཕྲད་པ་ལྟ་བུ་དང་།
དེ་བཞིན་དུ་སྔོན་འཇུག་དང་མིང་གཞི་དྲག་ལ་རྗེས་འཇུག་ཞན་པ་ལྟ་བུ་དང་། མིང་གཞི་དང་རྗེས་འཇུག་དྲག་ལ་སྔོན་འཇུག་ཞན་པ་དང་།
སྔོན་འཇུག་དྲག་ལ་མིང་རྗེས་གཉིས་ཞན་པ་དང་། ཡང་སྔོན་འཇུག་དང་མིང་ཞན་ལ། རྗེས་འཇུག་དྲག་པ་དང་།
སྔོན་འཇུག་དང་རྗེས་འཇུག་ཞན་ལ་མིང་གཞི་དྲག་པ་དང་། གསུམ་ག་ཞན་པ་ནང་འཕྲད་པ་ལྟ་བུར་གྱུར་ན།
དེ་ལའང་སོ་སོའི་ནང་གསེས་ཀྱི་ཆ་ཤས་ཀྱིས་དྲག་པ་དེའང་དྲག་པའི་དྲག་པ་དང་། དྲག་པའི་ཞན་པ་གཉིས།
ཞན་པ་ལའང་ཞན་པའི་དྲག་པ་དང་། ཞན་པའི་ཞན་པ་ཞན་པ་གཉིས་གཉིས་སུ་དབྱེ་བར་བྱའོ་ཞེས་གསུངས་ལ།
དཔེར་བརྗོད་ན། གསུམ་ག་དྲག་པ་ནི། བཀས། བཀབ། བཀགབཀང་། བཅས། བཅབ། བཅད། བཏུས། བཏབ། བཏགས།
བཏུད། བཙས། བཙབ། བཙགབཙུད། བཙུགས་ལྟ་བུ་གསུམ་ག་ཕོ་ཡིག་དྲག་པའི་དྲག་པའི་དཔེར་བརྗོད་དང་།
དེ་བཞིན་དུ་བགོས། བགབ། བགད། བགགབརྒྱབ། བརྒྱད། བརྒྱགབརྒྱུས། བསྒྲགབསྒྲིགབསྒྲུབ། བསྒྲགས།
བརྗོད། བརྗེས། བརྙོགས། བརྙབ། བརྙས། བསྙད། བསྙགབདགབདས། བརྡབས། བརྡབ། བརྡེབ། བལྡབས། བལྡགབསྡོས།
བསྡོགས། བསྡེབས། བསྡད། བརྣོགས། བརྣབ། བརྣབས། བརྣུབས། བརྫུས། བཞགབཞུད། བཞེས། བཟས། བཟབ།
བཟོད། བཤབ། བཤད། བཤོས། བསབ། བསོད། བསོས། བསས་ལ་སོགས་པ་སྔོན་རྗེས་དྲག་པ་དང་། མིང་གཞི་ཞན་པ་འཕྲད་པ་དང་།
བཀར། བཀལ། བཀང་། བཀད། བརྐམ། བཅང་། བཅལ། བཅར། བཅོམ། བཏོན། བཏང་། བཏུལ། བརྟགབརྟན། བསྟན།
བསྟར། བཙན། བཙོང་། བཙིར། བཙུམ། བཙལ་སོགས་སྔོན་འཇུག་དང་མིང་གཞི་དྲག་པ་ལ་རྗེས་འཇུག་ཞན་པ་འཕྲད་པ་དང་།
གཅོད། གཅགས། གཅུས། གཏད། གཏུབས། གཏོགགཏོས། གཙུགགཙུབ། དཀྲོགདཔགདཔོད་ལྟ་བུ་མིང་རྗེས་གཉིས་དྲག་ལ་སྔོན་འཇུག་ཞན་པ་འཕྲད་པ་རྣམས་དྲག་པའི་ཞན་པ་དང་།
བགྲང་། བགམ། བརྔོན། བརྔམ། བརྙང་། བརྙན། བདར། བདུང་། བདུན། བསྡམ། བསྣུན། བརྫང་། བཞོན།
བཞེང་། བཞེར། བཟང་། བཟླར། བཤུང་། བཤན། བཤོམ། བཤེར། བཤལ་དྲུགབསང་། བསམ། བསེལ་བ་ལྟ་བུ་སྔོན་འཇུག་དྲག་ལ་མིང་གཞི་དང་རྗེས་འཇུག་ཞན་པ་འཕྲད་པ་དང་།
གཅུང་། གཅེན། གཅུར། གཅལ། གཏོང་། གཏན། གཏམ། གཏར། གཏོལ། གཙང་། དཀྲོང་། དཀན། དཀྲུམ། དཀར།
དཀྲོལ། དཔང་། དཔོན། དཔེར། དཔལ་ལྟ་བུ་སྔོན་རྗེས་ཞན་ལ་མིང་གཞི་དྲག་པ་འཕྲད་པ་དང་། གཉགས།
གཉོད། གཉོས། གདགས། གདོང་། གདབ། གདས། གནགགནད། གནུབས། གནས། གཞའ། གཞོབ། གཞས། གཟིགགཟོད།
གཟོས། གཡགགཡབ། གཡས། གཤོགགཤིན། གཤོགགསོགགསོད། གསོབ། གསོས། དགགདགོད། དགའ། དགྱེས། དངགས།
དངོས། དབོགདབད། དབུས། དམགདམོད། དམས། འཁོད། འཁོབ། འཁོས། འགོགའགོད། འགབ། འགས། འཆད། འཆབ།
འཆོས། འཇོགའཇུད། འཇབ། འཐགའཐད། འཐབ། འདགའདུད། འདབ། འདས། འཕོགའཕོས། འབགའབད། འབབ། འབྲས།
འཚགའཚེད། འཚོབ། འཛགའཛད། འཛབ། མཁྲེགས། མཁྱུད། མཁས། མངགམཆོགམཆོད། མདོགམདུད། མདོས། མནགམནབ།
མནོས། མཚགམཛད་སོགས་སྔོན་འཇུག་དང་མིང་གཞི་ཞན་པ་ལ་རྗེས་འཇུག་དྲག་པ་དང་འཕྲད་པ་དེ་རྣམས་ནི་ཞན་པའི་དྲག་པ་དང་།
གཉོད། གཉན། གཉོར། གཉལ། གདང་། གདོན། གདར། གདལ། གནང་། གནོན། གནམ། གཞང་། གཞོན། གཞར། གཞོལ།
གཟང་། གཟོན། གཟར། གཡང་། གཡོན། གཡམ། གཡར། གཡལ། གཤང་། གཤན། གཤམ། གཤོར། གསང་། གསོན། གསུམ།
གསད། གསལ། དགང་། དགོན། དགུམ། དགར། དགུལ། དངོམ། དངར། དངུལ། དབང་། དབེན། དབར། དབལ། དམན།
དམར། དམུལ། འཁང་། འཁོན། འཁོམ། འཁར། འཁོལ། འགང་། འགན། འགུམ། འགར། འགལ། འཆང་། འཆུན། འཆམ།
འཆར། འཆལ། འཇོང་། འཇོན། འཇམ། འཇར། འཇོལ། འཐུང་། འཐེན། འཐོར། འཐུལ། འདོད། འདོན། འདམ།
འདར། འདལ། འཕང་། འཕེན། འཕམ། འཕར། འཕུལ། འབྲང་། འབན། འབེམ། འབར། འབུལ། འཛད། འཛོམ། འཛར།
འཛོལ། འཁང་། འཁན། མཁར། མགོན། མགར། མགལ། མངོན། མངར། མངལ། མཆོང་། མཆན། མཇལ། མཉན། མཉམ།
མཐོང་། མཐོན། མཐར། མཐོལ། མདུང་། མདུན། མདོར། མནན། མནམ། མནར། མནལ། མཚང་། མཚོན། མཚར།
མཐོལ་སོགས་གསུམ་ཞན་པ་ནང་འཕྲད་པ་ཞན་པའི་ཞན་པ་ཡིན་ལ། འདིར་ད་དུང་ཞིབ་མོར་ཕྱེ་ན། ཕོ་ལའང་སྐྱེས་བུ་རབ་འབྲིང་གི་ཐ་སྙད་དང་།
མོ་ལ་མོ་ཙམ་དང་མོའི་ཁྱད་པར་གྱིས་དྲག་པའི་དྲག་པ་རབ་འབྲིང་མཐའ་གསུམ་ནས་ཞན་པའི་ཞན་པ་རབ་འབྲིང་མཐའ་གསུམ་གྱི་བར་ནང་གསེས་བཅུ་གཉིས་ཙམ་དུ་འབྱེད་རིགས་མོད་ཀྱང་།
གཞུང་གི་དངོས་བསྟན་དུ་དྲག་ཞན་གཉིས་སུ་བསྡུས་པས་དེ་ལས་རྒྱ་ཆེར་སྤྲོས་ཀྱང་རང་ཟོའི་ཉེས་པར་གྱུར་གྱི་དྭོགས་པས་རེ་ཞིག་འདི་ཙམ་དུ་བཀོད་དོ།
།
གསུམ་པ་ལ་མ་ནིང་གི་འཇུག་པ་བྱེ་བྲག་ཏུ་བཤད་པ་ནི།
མ་ནིང་གསུམ་དུ་གང་གཏོགས་པ། །༡༦། །
དྲག་དང་འཕྲད་ན་དྲག་པར་འགྱུར། །
ཞན་དང་འཕྲད་ན་ཞན་པར་འགྱུར། །
གཉིས་ཀ་དང་ནི་འཕྲད་གྱུར་ན། །
དེ་ནི་གཉིས་ཀ་ཅན་དུ་འགྱུར། །༡༧། །
གཉིས་ཀ་དག་དང་མ་འཕྲད་ན། །
གང་དུ་ཡང་ནི་མི་འགྱུར་རོ། །
དེས་ན་འགྱུར་དང་མཚན་གཉིས་དང་། །
མཚན་མེད་མ་ནིང་གསུམ་དུ་འདོད། །༡༨། །
དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །
ཞེས་གསུངས་པས་མ་ནིང་གསུམ་དུ་གྲོགས་ཀྱི་འགྱུར་བ་ལ་བལྟོས་ནས།
གང་དུ་འགྱུར་བར་རྟོགས་པའི་ཡི་གེ་འ་ཡིག་ནི་འཇུག་གཞི་སྒྲ་དྲག་པ་དང་འཕྲད་ན་དྲག་པར་འགྱུར་ཞིང་།
ཞན་པ་དང་འཕྲད་ན་ཞན་པའི་ངོ་བོར་འགྱུར་བ་དང་། དྲག་ཞན་གཉིས་ཀ་དང་ནི་འཕྲད་པར་གྱུར་ན་དེ་ནི་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་ལ།
གཉིས་ཀ་དག་དང་མ་འཕྲད་ན་ནི་གང་དུའང་མི་འགྱུར་བར་མིང་རང་སོར་གནས་པར་འགྱུར་རོ། །དེས་ན་འགྱུར་བ་མ་ནིང་དང་།
མཚན་གཉིས་མ་ནིང་དང་། མཚན་མེད་མ་ནིང་གསུམ་དུ་དཔེར་བཏགས་ནས་བརྗོད་པ་བཞིན་ཡིན་ལ། དེ་ནི་སྒྲའི་འཇུག་ཚུལ་དུ་གསལ་ལོ།
།དཔེར་བརྗོད་ན། བཀའ། བཅའ། བཙའ་ལྟ་བུ་དྲག་པ་དང་འཕྲད་པས་དྲག་པར་འགྱུར་བ་དང་། འགའ། འཇའ།
མདའ་ཞེས་པ་ལྟ་བུ་ཞན་པ་དང་འཕྲད་ན་ཞན་པར་འགྱུར་བས་འགྱུར་བ་མ་ནིང་དུ་ཇི་ལྟར་འགྱུར་བའི་ཚུལ་དང་།
བཟའ། བཀའ། གཏའ་ལྟ་བུ་དྲག་ཞན་གཉིས་ཀ་དང་འཕྲད་པས་གཉིས་ཀའི་རྟགས་ཅན་དུ་འགྱུར་བ་མཚན་གཉིས་པའི་མ་ནིང་དུ་ཇི་ལྟར་འགྱུར་བའི་ཚུལ་དང་།
ཁ་ཆ་ཐ་ཕ་ཚ་ལྟ་བུ་དྲག་ཞན་གང་ཡང་རུང་བའི་རྟགས་དང་ལྡན་པའི་ཡི་གེ་མ་ཡིན་པ་དང་འཕྲད་ན་རྟགས་གང་དུ་འང་མི་འགྱུར་བ་མཚན་མེད་མ་ནིང་དུ་ཇི་ལྟར་འགྱུར་བ་ལྟ་བུའོ།
།
གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་༼མདོར་བསྟན་པ་༽ནི།
དོན་ནི་རྣམ་པ་གཉིས་ཡིན་ཏེ། །
སྔ་མ་གང་ལྟར་འགྱུར་བའོ། །
ཕྱི་མ་གང་ལྟར་འགྱུར་བའོ། །༡༩། །
ཞེས་པ་སྟེ་དོན་གྱི་འཇུག་ཚུལ་ལ་ནི་རྣམ་པ་གཉིས་ཡིན་ཏེ།
སྔ་མ་གང་ལྟར་འཇུག་པ་སྔོན་འཇུག་གི་སྐབས་བཞིན་བཤད་པ་དང་། ཕྱི་མ་གང་ལྟར་འགྱུར་བ་བྱེ་བྲག་ཏུ་བཤད་པའོ།
།
ཞེས་སོ། །
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཀྱི་དང་པོ། སྔ་མ་གང་ལྟར་འགྱུར་བ་ནི།
སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །
ཞེས་རྗེས་འཇུག་བཅུའི་དོན་གྱི་འཇུག་ཚུལ་ཡང་མིང་ངམ་ཚིགསྔ་མ་གང་ལྟར་གྱུར་པ་ནི་སྔར་སྔོན་འཇུག་ལྔའི་སྐབས་སུ་ཅིའི་ཕྱིར་འཇུག་པར་བྱེད་པ་བཤད་པར།
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
མ་ནིང་གཉིས་ཀ་ད་ལྟར་ཆེད། །
མོ་ནི་བདག་དང་མ་འོངས་ཕྱིར། །
ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །
ཞེས་བཤད་པ་བཞིན་དུ་སྦྱར་བར་བྱའོ།
།ཞེས་པ་སྟེ། དཔེར་བརྗོད་ན་བྱ་བ་བྱས། ཆར་པ་ཕོབ། མེ་ཏོག་ཕོགན་ཚ་ཆད་ཅེས་སོགས་འདས་པ་ལ་འཇུག་པ་དང་།
སྲས་པོ། སྲབ། སྲོགསྲིད་ལྟ་བུ་དངོས་པོ་གཞན་དང་། གདམས་པར་བྱ། བསྒྲུབ་པར་བྱ། བཀླག་པར་བྱ།
བརྗོད་པར་བྱ་ལྟ་བུ་བྱ་ཚིག་དང་དངོས་སུ་འབྲེལ་བ་དང་། རྒྱས་པར་བྱས། ས་བོན་བཏབ། ལམ་འགོགསྣོད་འཛེད་ལྟ་བུ་དངོས་སུ་མ་འབྲེལ་ཡང་བྱ་བ་བསྒྲུབ་པ་ལ་འཇུག་པ་དང་།
ནམ་མཁའ་ལྟ་བུ་གཞན་དང་། ཡོད་པའི་གདའ་སོགས་ད་ལྟར་བ་སྟོན་པ་དང་། འགྱུར། འཇལ། འབྱུང་། འདྲེན།
འགྲམ། བློ་གསལ། ཆུ་སྐོར། བགྲང་ཕྲེང་། མདུན་མཚལ་སོགས་བདག་དང་མ་འོངས་པ་ལ་འཇུག་པ་ལྟ་བུའོ།
།
གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ་གསུམ། དྲག་ཞན་གྱི་སྒྲ་མཐུན་འདྲེན་ཚུལ། རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ།
དེའི་ནང་གསེས་དབྱེ་ཚུལ་ལོ། །
དང་པོ་༼དྲག་ཞན་གྱི་སྒྲ་མཐུན་འདྲེན་ཚུལ༽ནི།
ཕྱི་མ་དག་གི་འདྲེན་ཚུལ་ནི། །
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །
མོ་ཡིས་མོ་ཡི་མིང་མཐའ་དྲང་། །༢༠། །
མ་ནིང་གིས་ནི་མ་ནིང་ངོ་། །
ཞེས་པ་སྟེ་རྗེས་འཇུག་གི་ཡི་གེ་བཅུ་པོ་ཞུགས་པའི་རྗེས་སུ་དོན་གསལ་བར་བྱེད་པའི་ཚིག་ཕྲད་དང་རྣམ་དབྱེ་ལ་སོགས་པ་ཕྱི་མ་དག་གི་འདྲེན་ཚུལ་ནི།
མིང་གཞིའི་ཕོ་ཀ་ཅ་ཏ་པ་སོགས་ཕོ་ཡིས་ཏེ་རྗེས་འཇུག་ག་ད་བ་སའི་མིང་མཐའ་ཞུགས་པ་དྲང་བར་བྱ་ཞིང་།
དེ་བཞིན་དུ་མིང་གཞིའི་མོ་ཡིས་རྗེས་འཇུག་མོའི་མིང་མཐའ་བཅས་དྲང་བ་དང་། མ་ནིང་དག་གིས་ཀྱང་མ་ནིང་གི་རྗེས་འཇུག་ཅན་གྱི་མིང་མཐའ་དྲང་བར་བྱའོ།
།
དཔེར་བརྗོད་ན། ཕོ་ཡིས་ཕོའི་མིང་མཐའ་དྲངས་པ་ནི། སྟོན་ཀདཔྱིད་ཀཐད་ཀལན་ཅིགཐབས་ཅིགགྱུར་ཏེ།
གལ་ཏེ། བཅས་ཏེ། དྲག་ཅེ་ན། མིང་ཅེ་ན། ནུབ་ཅིང་། འཇིག་ཅེས། ཡོད་ཅེས། ཁབ་ཅེས། དག་ཅིང་།
མཆོད་ཅིང་། ཐུབ་ཅིང་། མཆོག་ཏུ། ཁྲག་ཏུ། འོག་ཏུ། རྒྱལ་ཚབ་ཏུ། བྱང་ཆུབ་ཏུ། རྒྱལ་པོའི་ཁབ་ཏུ།
རིག་པ། ལྷག་པ། །དག་པ། རྣམ་པར་དག་པ། ཡང་དག་པ། མཐར་ཐུག་པའི། ཕྲག་པ། ལག་པ། ཟག་པ། འགོག་པ།
གསིག་པ། གདུག་པ། བདུག་པ། སྐྲག་པ། འཁྲིག་པ། འུག་པ། རིག་པ། རྟོག་པ། བཞག་པ། བཀག་པ། དགག་པ།
དེ་མ་ཐག་པ། འཇིག་པ། འཇུག་པ། བུག་པ། འདུག་པ། ཅོད་པན། གཙུག་ཕུད། གཙུག་ཏོར། གཅིག་པུ། གཉིས་ཀཅིག་ཅར།
སྐད་ཅིགཐམས་ཅད། ཕུད་བུ། དད་པ། མཆོད་པ། བསྟོད་པ། འདོད་པ། སྤྱོད་པ། དཔྱོད་པ། ཡོད་པ། མེད་པ།
སྲིད་པ། བཟོད་པ། ཆོད་པ། འཆད་པ། བརྗོད་པ། ཟད་པ། འཛད་པ། ཁྱད་པར། འཐད་པ། འབྱེད་པ། ཕྱེད་པ།
བྱེས་པ། འགྱེད་པ། རྩོད་པ། ཐོད་པ། ཀླད་པ། འགྱོད་པ། བགྲོད་པ། སྡུག་པ། བསྐྱེད་པ། ཟས་བསོད་པ།
རྙེད་པ། རྒོད་པ། བཀོད་པ། གཅོད་པ། དམོད་པ། སྨད་པ། སྨོད་པ། ཐ་དད་པ། བསླད་པ། བརྒྱུད་པ།
བོད་པ། གནོད་པ། མཛད་པ། བཤད་པ། ཐུབ་པ། སྐྱོབ་པ། དོན་ཡོད་གྲུབ་པ། རྒྱས་གདབ་པ། དབབ་པ།
འབབ་པ། ཐོབ་པ། འཐོབ་པ། གྲུབ་པ། འཐུབ་པ། འཐབ་པ། འགྲིབ་པ། ནུབ་པ། ཁྱབ་པ། སྒྲིབ་པ། ཆུབ་པ།
བཏབ་པ། གདབ་པ། བཀབ་པ། མཁས་པ། རིགས་པ། བསྔགས་པ། སྔགས་པ། །མཛེས་པ། རྒྱས་པ། རགས་པ། འདུས་པ།
ཚོགས་པ། བརྩེགས་པ། བསྒོངས་པ། ལ་སོགས་པ། གོམས་པ། དགོས་པ། ལེགས་པ། ཉེས་པ། ངེས་པ། བཟླས་པ།
དམིགས་པ། སྤངས་པ། རྟོགས་པ། གཏོགས་པ། མཚུངས་པ། འགྲོགས་པ། བཅས་པ། ཉམས་པ། མཉེས་པ། བརྙེས་པ།
སེམས་པ། མོས་པ། བྱམས་པ། སྤྲོས་པ། ཤེས་པ། གྲགས་པ། མགྱོགས་པ། རིངས་པ། རུས་པ། རྒྱུས་པ།
པགས་པ། མཁྲིས་པ། ཆགས་པ། བསྲེས་པ། བསྲེགས་པ། འབུགས་པ། འབིགས་པ། སྐྱེས་པ། བྱས་པ། གནས་པ།
འདས་པ། མ་འོངས་པ། རིངས་པ། རྙིངས་པ། བྱིས་པ། འཇིགས་པ། འཇོམས་པ། མ་རུངས་པ། ཟོས་པ། འཐུངས་པ།
གཡས་པ། གཡོགས་པ། རྔུབས་པ། ཕེབས་པ། ཞགས་པ། བཅིངས་པ། འདྲེས་པ། གསུངས་པ་ཞེས་སོགས་དང་།
མོའི་མིང་མཐའ་ནི། བྱུང་བ། སྙིང་གདགུན་གགཏར་གའདེམ་གཡལ་གཚོར་བ། འདུལ་བ། གང་གི། མདུན་གྱི།
ཤར་གྱི། གཏམ་གྱི། དཔལ་གྱི། འབྱུང་དུ། རྒྱུན་དུ། ཞལ་དུ། མྱུར་དུ། མཇལ་དུ། དྲང་ཞིང་།
ཉན་ཞིང་། འཇམ་ཞིང་། དར་ཞིང་། འཚལ་ཞིང་། འབྱུང་ཞེས། ཡིན་ཞེས། བསམ་ཞེས། འགྱུར་ཞེས། འཁྲུལ་ཞེས།
ཅུང་ཞིགའཕྲིན་ཞིགནམ་ཞིགསྐུར་ཞིགདལ་ཞིགམི་མཐོང་ཞེ་ན། དབེན་ཞེ་ན། རྟེན་ནམ་ཞེ་ན། སྐོར་ཞེ་ན།
འཚལ་ཞེ་ན་སོགས་དང་།
མ་ནིང་གི་འདྲེན་པ་ནི། སྤྱིར་འ་ཡིག་ཁོ་ན། བཀའ། བཅའ། འཛའ། བཙའ་ལྟ་བུའི་སྐབས་སུ་དྲག་པར་འགྱུར་བ་དྲག་པ་དང་འཕྲད་པའི་དབང་གིས་དང་།
གཅའ། གཏའ། གཙའ། དཀའ། དཔའ་སོགས་ཀྱི་སྐབས་སུ་བར་མར་འགྱུར་བ་བར་མ་དང་འཕྲད་པའི་དབང་གིས་དང་།
འགའ། འཆའ། འཇའ། འདའ། འཕའ། འབའ། འཚའ། འཛའ། མཁའ། མཐའ། མདའ། མཚའ། མཛའ་སོགས་ཞན་པར་འགྱུར་བ་ཞན་པ་དང་འཕྲད་པའི་དབང་གིས་ཡིན་ཅིང་།
དེའི་ཤུགས་ཀྱིས་ཕ་རོལ་པོའང་དྲུག་པའི་སྒྲའི་སྐབས་འ་འམ་ཡ་ཡིག་གིས་འདྲེན་ལ། གཞན་ཕལ་ཆེར་མོ་ཡིག་ཞ་སོགས་ཀྱིས་འདྲེན་པ།
གདའ་ཞེ་ན་སོགས་མོ་དང་མཐུན་ཅིང་། འོན་ཀྱང་འདིར་ས་ཕོ་ཡིག་གི་མཐར་ཅིག་སོགས་ལྔ་འབྱུང་འོས་ཀྱང་།
ཤིག་ཤེའོ་ཤེ་ན་ཤིང་བཞི་འབྱུང་བ་བརྗོད་བདེ་བའི་དབང་གིས་དང་། ཤེས་མི་འབྱུང་བར་ས་མཐར་ཞེས་མཛད།
བྱས་ཤེས་ལྟ་བུའི་ཚེ། བྱས་པ་ཤེས་པ་ལྟ་བུའི་དོན་ལ་འཁྲུལ་པ་འཇུག་པར་དགོངས་ནས་རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་བཞེད་པར་ཟ་མ་ཏོག་ཏུ་བཤད་ཅིང་།
དཔང་ལོ་ཆེན་པོས་ཀྱང་སའི་འཇུག་ཏུ་ཤེས་ཞེས་པར་བྱས་པ་ནི་སྐབས་འགར་ཤེས་པར་འཁྲུལ་བ་བདག་གི་མྱོང་བས་གྲུབ་པས་ན།
སའི་འཇུག་ཏུ་ཞེས་ཞེས་པར་བྱའོ། །ཞེས་དང་། རྗེ་ཞ་ལུ་པས།
ཁ་ཅིག་ས་མཐར་ཤེས་ཞེས་ཟེར། །
མི་འཐད་པར་མཐོང་ཁོ་བོས་དོར། །
གསུངས་པར་ཞུས་ཆེན་ཕྱི་མ་རྣམས་ཀྱིས་ཀྱང་དེ་གའི་མཐུན་འགྱུར་མཛད།
རྐྱང་པའི་རྗེས་སུ་ཅིག་སྐབས་འགའ་བཞེད་པ་རྒྱུ་མཚན་དང་མ་འབྲེལ་ཀྱང་། ཁ་ཅིག་ལྷན་ཅིག་སོགས་ལ་ཞིག་སྦྱར་ཚེ་དོན་གཞན་དུ་འཕྱུགས་དྭོགས་དམིགས་བསལ་དུ་མཛད་པ་ལ་འཛེམས་ནས་གསུངས་པར་མངོན།
ག་མཐར་གི་དྲུག་པ་དང་བྱེད་པའི་སྐབས་གཞུང་ནས་དངོས་སུ་བཤད་པ་དགོས་པའི་ཚོགས་ཁྱད་པར་བ་ཡོད་པ་གཞིར་བཅས་ཀྱང་།
མཁས་པ་སྔ་མ་རྣམས་ཀྱིས་དེའི་སྐྱོན་སེལ་དུ་རྣམ་དབྱེ་དང་ཚིག་ཕྲད་མིང་མཐའ་འདྲེན་ཚུལ་མི་མཚུངས་པར་བཞེད་པ་དང་།
འགའ་ཞིག་གིས་དྲུག་པ་དང་གསུམ་པའི་སྒྲ་ལའང་ད་དྲག་གི་མཐར་གྱི་འཐོབ་པ་སོགས་ཧ་ཅང་རིགས་འགྲེ་ཐལ་བ་མཛད་པའི་མི་མཐུན་པའི་བགྲོས་དུ་མ་ཞིག་འདུག་ནའང་།
བསྟན་བཅོས་མཛད་པོའི་དགོངས་པ་ལོན་པར་མ་སེམས། འདིར་ལོ་ཆེན་ནམ་མཁའ་བཟང་པོའི་རྗེས་སུ་འབྲངས་ཏེ།
རྗེས་འཇུག་གི་དཔེར་བརྗོད་རྣམས་བགྱིས་པ་ཡིན་ཅིང་། དེ་བཞིན་དུ། ད་དྲག་གི་འཇུག་ཚུལ་མི་མཐུན་པ་མང་ཡང་།
བསྟན་པའི་སྒྲོན་མེར་རྟགས་འདི་ཤེས་དཀའ་བར་བྱུང་ནས་སྐ་ཅོག་ལ་སོགས་པ་སྔོན་གྱི་མཁས་པ་རྣམས་ཀྱིས་འདིའི་མཐར་ད་དྲག་མཛད་དོ།
།དེས་ཕོའི་རྟགས་སུ་རྟོགས་པར་འགྱུར་ཏེ་དེའི་ཡི་གེ་ནི་ཕོ་ཡིག་ཡིན་པའི་ཕྱིར་རོ། །འཛིན།
མཁྱེན། སྟོན། ལེན། ཟིན། ཀུན། མནན། བསྐྲུན། ཕྱིན། ཤིན། རྐྱེན། ཞེན། རྒྱན། ཉན། སྟེན།
བསྟན། སྨིན། འབྱིན། དོན་ཅེས་སོགས་ན་མཐའ་ད་དྲག་ཅན་དང་། སྤྲུལ། འཕྲུལ། འགྲེལ། འབྲེལ།
སེལ། གསལ། རོལ་ཅེས་སོགས་ལ་མཐའ་ད་དྲག་ཅན་དང་། ཐར། མཐར། འབྱོར། གྱུར་ཅེས་སོགས་ར་མཐར་ད་དྲག་ཅན་རྣམས་ནི་ཕོའི་རྟགས་ཡིན་པས་ན་ཕོ་ཡིག་ཀྱིས་དང་།
ཀྱང་དང་། ཅིང་དང་། ཅེ་ན་དང་། ཅེས་དང་། ཏུ་དང་། ཏོ་དང་། པ་དང་། ཅི་ལྟ་དང་། ཅི་ལྟར་དང་།
ཅི་རིགས་ཞེས་སོགས་ཀྱིས་མིང་མཐའ་དྲང་བར་བྱ་སྟེ།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །
ཞེས་བཤད་པའི་ཕྱིར་རོ།
།ཏིང་ངེ་འཛིན་གྱིས། རྡོ་རྗེ་འཛིན་ཀྱང་། ཕྲེང་བ་འཛིན་ཅིང་། བདག་ཏུ་འཛིན་ཅེ་ན། འདུལ་བ་འཛིན་ཅེས་པ།
ཕྲེང་འཛིན་ཏུ་འགྱུར། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །
འཛིན་པ་ཆེན་པོ་རྡོ་རྗེ་ཆོས། །
རྡོ་རྗེ་འཛིན་ཅི་ལྟ་བར་བཟུང་། །
གཞན་ཡང་དེ་ལྟར་ཤེས་པ་བྱའོ་ཞེས་གསུངས་པས་འདི་ཁོ་ན་འཐད་པར་སེམས་ལ། རྗེ་ཞ་ལུ་པས་ཀྱང་།
ན་ར་ལ་གསུམ་རྗེས་སུ་ནི། །
སྒྲ་སྒྱུར་སྔ་མས་ད་དྲག་བཞེད། །
ཕྱི་མ་རྣམས་ཀྱིས་ད་དྲག་དོར། །
དེས་ན་ན་ར་ལ་གསུམ་གྱི། །
རྗེས་སུ་ཞིང་ཞེས་ཡིན་ན་ཡང་། །
ད་དྲག་ངེས་པར་འཐོབ་པ་དེར། །
ད་དྲག་སྦྱོར་རམ་མི་སྦྱོར་ཀྱང་། །
ཅིང་ཅེས་ཅིག་ཅེས་སོགས་ཏེ་དཔེར། །
ཞེས་སོགས་གསུངས། དེས་ན་དམིགས་གསལ་དེ་རྣམས་མ་གཏོགས་པའི་གཞན་སྡོམ་དུ་ནི།
ག་ད་བ་ཅིག་ས་མཐར་ཤིག།
ལྷག་མ་རྣམས་ལ་ཞིག་ཐོབ་བོ། །
ཞེས་པས་མཚོན་ཤེས་པར་བྱའོ།
།འོན་ཀྱང་མཁས་པའི་རྒྱན་ལས། དམ་ཅེ་ན། དམ་ཅིང་། དམ་ཅེས། དོན་དམ་ཀྱང་ཀུན་རྫོབ་ཏུ་འགྱུར།
མ་མཐའ་ཅན་གྱི་ཕོ་རྟགས་ཀུན་ཤེས་པར་བྱའོ། །རྐང་པ་ཞེས་སོགས་ང་མཐའ་ཅན་རྣམས་ཀྱང་ཇི་ལྟར་རིགས་པར་བྱའོ།
།ཞེས་གསུངས་པ་ཧ་ཅང་སྤྱི་དང་མི་མཐུན་པ་ཤས་ཆེ་བས་བཏང་སྙོམས་སུ་བཞགདམ་པ་དང་རྐང་པ་སོགས་ནི་བདག་པོའི་སྒྲ་ཁོ་ན་ཡིན་ལ།
བདག་པོའི་སྒྲ་ནི་ཕོ་ཡིག་གི་རྟགས་ཡིན་པ་སུམ་ཅུ་པ་ལས་བཤད་པས་དམིགས་གསལ་རེ་གཉིས་མ་གཏོགས་ཕལ་ཆེར་འགྱུར་ཕྱིར།
དེ་ཙམ་གྱི་ང་མཐའ་མ་མཐའ་ཀུན་ཕོ་རྟགས་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བ་མ་ཡིན་ནོ། །
གཉིས་པ་རྣམ་དབྱེ་སྔ་ཤུགས་འདྲེན་པའི་ཚུལ་ནི།
མིང་མཐའ་དེ་དག་ཉིད་ཀྱིས་ནི། །
དེ་ཉིད་རང་གི་སྒྲ་མཐུན་པའི། །
ཆོས་དངོས་ལས་དང་བྱེད་པ་དང་། །༢༡། །
སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །
གནས་དང་བོད་པའི་སྒྲ་ཡང་དྲང་། །
གཞན་ཡང་སླར་བསྡུ་ལྷག་བཅས་དང་། །
འབྱེད་སྡུད་བརྣན་དང་བདག་པོ་དང་། །༢༢། །
དགག་སྒྲུབ་རྒྱན་དང་དུས་ལ་འཇུག།
དེ་དག་སྔ་ཤུགས་འདྲེན་པས་འབྱུང་། །
ཞེས་གསུངས་པ་མིང་གི་མཐའ་དེ་དག་ཉིད་ཀྱིས་ཀྱང་ནི་མིང་གི་མཐའ་དེ་ཉིད་རང་གི་སྒྲ་དང་མཐུན་པའི་རྣམ་དབྱེ་དང་ཚིག་ཕྲད་རྣམས་འདྲེན་ཏེ།
ཆོས་དངོས་ཞེས་པ་རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ། དེ་བཞིན་དུ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་།
གསུམ་པ་བྱེད་པ་དང་། བཞི་པ་ཡང་དག་རབ་ཏུ་སྦྱིན་པ་སྟེ་དགོས་ཆེད་དང་། ལྔ་པ་འབྱུང་ཁུངས་དང་།
དྲུག་པ་འབྲེལ་བ་དང་། བདུན་པ་གནས་གཞི་དང་། བརྒྱད་པ་བོད་པའི་སྒྲ་ཡང་དྲང་ཞིང་། གཞན་ཡང་རྣམ་དབྱེ་དང་པོའི་ཡན་ལག་སླར་བསྡུ་དང་།
ཚིག་ཕྲད་དུ་གཏོགས་པ་ལྷག་བཅས་དང་། འབྱེད་སྡུད་ཀྱི་སྒྲ་དང་། ངེས་བཟུང་བརྣན་པའི་སྒྲ་དང་།
བདག་པོའི་སྒྲ་དང་། དགག་པ་དང་། སྒྲུབ་པ་དང་། ཚིག་རྒྱན་དང་། དེ་སོགས་དུས་ལ་འཇུག་པ་དེ་དག་སྔ་ཤུགས་འདྲེན་པའི་སྒོ་ནས་རྒྱ་ཆེར་འབྱུང་བར་འགྱུར་རོ།
།ཞེས་གསུངས་སུམ་ཅུ་པ་ནས་རྒྱ་ཆེར་འབྱུང་བ་ལྟར་ཡིན་ནའང་། དཔེར་བརྗོད་མདོ་ཙམ་སྨོས་ན། ལྷ།
ཀླུ། མི། ས། ཆུ། མེ། རླུང་། ཤིང་། ཀ་བ། བུམ་པ། རིན་པོ་ཆེ། ཡིད་བཞིན་ནོར་བུ་སོགས་གཅིག་ཚིག་དང་།
ལྷ་དགཀ་བ་དགརིན་པོ་ཆེ་དགཡིད་བཞིན་ནོར་བུ་དག་སོགས་གཉིས་ཚིག་དང་། ལྷ་རྣམས། ཀ་བ་རྣམས།
རིན་པོ་ཆེ་རྣམས། ཡིད་བཞིན་ནོར་བུ་རྣམས་སོགས་མང་ཚིག་གི་ཆོས་དངོས་སམ་མིང་། ལྷ་ལ། ལྷ་དག་ལ།
ལྷ་རྣམས་ལ་མཉེས་པར་བྱས་ཞེས་པ་ལྟ་བུ་ལས་དང་། ལྷ་ཡིས། ལྷ་དག་གིས། ལྷ་རྣམས་ཀྱིས་ཆར་ཕབ་ཅེས་པ་ལྟ་བུ་བྱེད་པ་དང་།
ལྷའི་ཆེད་དུ། ལྷ་དག་གི་ཆེད་དུ། ལྷ་རྣམས་ཀྱི་ཆེད་དུ་མཆོད་པ་སྦྱར་ཞེས་པ་ལྟ་བུ་སྦྱིན་པའམ་དགོས་ཆེད་དང་།
ལྷ་ལས། ལྷ་དག་ལས། ལྷ་རྣམས་ལས་དངོས་གྲུབ་བླངས་ཞེས་པ་ལྟ་བུ་འབྱུང་ཁུངས་དང་། ལྷའི། ལྷ་དག་གིལྷ་རྣམས་ཀྱི་ནོར་བུའི་རྒྱན་ཞེས་པ་ལྟ་བུ་འབྲེལ་པ་དང་།
ལྷ་ལ། ལྷ་དག་ལ། ལྷ་རྣམས་ལ་ཕུན་སུམ་གསུམ་ཚོགས་པ་མངའ་ཞེས་པ་ལྟ་བུ་གནས་སམ་རྟེན་གཞི། ཀྱེ་ལྷ།
ཀྱེ་ལྷ་དགཀྱེ་ལྷ་རྣམས་ཚུར་གཤེགས་ལྷ་བུ་བོད་པའི་སྒྲ་དང་། དེ་བཞིན་དུ་ཚིག་ཕྲད་བརྟག་གོ།
ཡོད་དོ་སོགས། སླར་བསྡུ། ཡོད་དོ། །རྟག་སྟེ་སོགས་ལྷག་བཅས་དང་། སྣར་ཐང་པའི་ཊཱི་ཀ་དང་ཉི་མའི་འོད་ཟེར་གཉིས་སུ་ཅེས་ཅེ་ན་སོགས་ཀྱང་ལྷག་བཅས་སུ་བཞེད་མོད་གཞན་དུ་མི་གསལ་ཞིང་།
དེ་ལྷའམ་མི་ཞེས་པ་ལྟ་བུ་འབྱེད་པ་དང་། དཀར་རམ་དམར་ཀྱང་རུང་ཞེས་པ་ལྟ་བུ་སྡུད་པ་དང་། བདེ་འགྲོ་ནི་ལྷ་དང་མི་ཞེས་པ་ལྟ་བུ་དོན་གྱི་འབྱེད་པ་དང་།
ལྷ་དང་མི་ནི་བདེ་འགྲོ་ཞེས་པ་ལྟ་བུ་སྡུད་པ་དང་། བསྟན་པ་ནི་འདི་འོ་ཞེས་པ་ལྟ་བུ་བརྣན་པ་སྟེ་ངེས་བཟུང་ངམ་ནན་ཏན།
རྟ་པ། གསེར་པ་ལྟ་བུ་བདག་པོའི་སྒྲ། འགྱུར་མེད་མི་འགྱུར། མ་རིག་ལྟ་བུ་དགག་སྒྲ། ཆོས་ཀྱང་མཁས་ཞེས་པ་ལྟ་བུ་ཚིག་རྒྱན་དང་།
དེའི་ཚེ་ལྟ་བུ་དུས་ལ་འཇུག་པ་དེ་དག་གོ།
གསུམ་པ་དེའི་ནང་གསེས་དབྱེ་བའི་ཚུལ་གཉིས། རྣམ་དབྱེ་དང་ཚིག་ཕྲད་དོ། །དང་པོ་༼རྣམ་དབྱེ་༽ནི།
དེ་དག་ནང་གསེས་གང་འཇུག་པ། །
མཐའ་སྦྱར་འོག་པའི་མིང་དོན་ལས། །༢༣། །
སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །
དེ་བཞིན་ཆེད་བྱེད་རྟེན་བྱེད་དང་། །
ལས་བྱ་བླང་བྱ་བསྒྲུབ་པར་བྱ། །
སྔོན་དུ་འོས་པ་གནས་པའམ། །༢༤། །
ཞེས་གསུངས་པ་སྟེ། བཤད་མ་ཐག་པ་དེ་དག་གི་ནང་གསེས་ཀྱི་ཆ་ཤས་གང་ལ་གང་འཇུག་པ་ནི་མིང་ཚིག་གི་མཐར་སྦྱར་བའི་ཟླ་བོ་འོག་མའི་མིང་དོན་ལས་ཤེས་པར་བྱ་དགོས་པ་འདི་ལྟ་སྟེ།
དོན་གྱི་ཁྱད་པར་གསལ་བྱེད་ཀྱི་སྤྱིར་འཇུག་པ་གང་ཞེས་པ་ལྟ་བུའི་ཅི་ཞེས་པ་ལྟ་བུ་ཡོད་ན།
དེས་ངེས་བཟུང་གི་སྒྲ་དེ་ཞེས་པ་དང་། བྱེད་པའི་སྒྲ་གིས་དང་། ལ་དོན་གྱི་སྒྲ་ལ་དང་། འབྲེལ་བའི་སྒྲ་གི་ལྟ་བུ་འདྲེན་ཞིང་།
དེ་བཞིན་དུ་གསུམ་པ་བྱེད་པའི་སྒྲ་དེས་ཞེས་པ་ལྟ་བུ་སྔོན་དུ་ཡོད་ན་དེས་བྱ་བ་དེ་བྱས་ཞེས་པའམ།
བྱ་བར་འགྱུར་ཞེས་པའི་བྱ་བའི་སྒྲ་འདྲེན་པ་དང་། དེ་བཞིན་དུ་རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་དོན་ཆོས་ལ་ལྟ་བུས་ཆོས་ལ་མཆོད་ཅེས་བྱ་བ་དང་།
རྟེན་བྱེད་ཀྱི་སྒྲ་གཞི་དེ་ལས་ལྟ་བུས་གཉིས་པ་ལས་སུ་བྱ་བའི་སྒྲ་དང་། ཆོས་ལས་བྱུང་ཞེས་པ་ལྟ་བུ་རྣམ་དབྱེ་ལྔ་པ་བླང་བར་བྱ་བའམ།
འབྱུང་ཁུངས་ཀྱི་སྒྲ་ཡོད་ན་དེས་དེ་ལས་འབྱུང་བའམ་སྐྱེས་པའི་འབྱུང་བའི་སྒྲ་འདྲེན་པ་དང་།
ཆོས་ཀྱི་སྐུ་ཞེས་པ་ལྟ་བུ་དྲུག་པའི་སྒྲས་བསྒྲུབ་པར་བྱ་བའི་སྒྲའམ་བདག་པོ་དང་འབྲེལ་བའི་སྒྲ་འདྲེན་པ་དང་།
མིང་བརྗོད་པ་བོད་པ་ལ་ཀྱེ་དང་། ཀྭ་ཡེ་ལ་སོགས་པ་སྔོན་དུ་འོས་པ་གནས་པས་མིང་དངོས་ཀྱི་སངས་རྒྱས་ཞེས་པའམ།
ཀྭ་ཡེ་སངས་རྒྱས་ཞེས་པ་ལྟ་བུ་འདྲེན་པ་ཡིན་པ་རྣམ་དབྱེ་དེ་དག་ཀྱང་ཆོས་གྲོགས་ཀྱི་དབང་གིས་འཇུག་ཚུལ་གོང་དུ་སུམ་ཅུ་པའི་སྐབས་སུ་རྒྱ་ཆེར་བསྟན་མོད་ཀྱང་།
འདིར་ཡང་གོ་རིམ་འབྲེལ་ཆགས་དབང་དུ་གསུངས་པའོ། །
གཉིས་པ་༼ཚིག་ཕྲད་༽ནི།
གཞན་ཡང་ཚིག་དོན་འོག་མ་ལས། །
བསྡུ་རྒྱུ་ཡོད་དམ་མེད་པ་དང་། །
གོང་མ་ལས་ཀྱང་དེ་བཞིན་ཏེ། །
རྣམ་གྲངས་དག་ནི་བཀོད་པ་ལས། །༢༥། །
བསྐྱར་བ་ཡོད་དམ་མེད་པ་དང་། །
ཕོ་སྒྲ་དང་ནི་མོ་སྒྲ་དག།
མིང་གི་མཐའ་ན་ཡོད་མེད་དང་། །
རྒྱན་དུ་གྱུར་པ་རྣམས་ལ་ཡང་། །༢༦། །
དོན་ལ་སྙེག་པ་ཡོད་མེད་དང་། །
བསྟན་བྱ་ལྷག་མ་ཡོད་མེད་དང་། །
ཚིག་དོན་རྫོགས་དང་མ་རྫོགས་ཀྱི། །
དེ་དག་ནང་གསེས་རྣམ་པར་དབྱེ། །༢༧། །
ཞེས་གསུངས་པ། གོང་དུ་སྨོས་པ་དེར་མ་འདུས་པ་ཚིག་དོན་འོག་མ་ལས་གོང་མའི་ངག་དོན་ལྷག་མ་བསྡུ་རྒྱུ་ཡོད་པ།
གཟུགས་ནི་རྣམ་མཁྱེན་གྱི་བར་ཞེས་པ་ལྟ་བུ་དང་། བསྡུ་རྒྱུ་མེད་པ་འདི་ནི་གཟུགས་སོ་ཞེས་པ་ལྟ་བུ་དང་།
ཚིག་དོན་གོང་མ་ལས་ཀྱང་འོག་མ་ཕན་ཚུན་རྣམ་གྲངས་དག་ཏུ་བཀོད་པ་ལས། ཕྱི་མ་འདྲེན་པ་གང་དག་གི་དེ་དག་འདྲེན་པ་དང་།
དེ་བཞིན་དུ་ཇི་སྐད་ཀྱིས་དེ་སྐད། ཇི་སྙེད་ཀྱིས་དེ་སྙེད། ཇི་ལྟར་གྱིས་དེ་ལྟར། ཇི་སྲིད་ཀྱིས་དེ་སྲིད།
གང་ཕྱིར་གྱིས་དེ་ཕྱིར་སོགས་དང་། དོན་ལ་བསྐྱར་བ་ཡོད་ཀྱང་ཚིག་ལ་བསྐྱར་བ་མེད་པ་དང་། ཚིག་ལ་བསྐྱར་བ་ཡོད་ཀྱང་དོན་ལ་བསྐྱར་བ་མེད་པ་དང་།
གཉིས་ཀ་བསྐྱར་བ་སོགས་དང་། ཕོ་སྒྲ་བདག་པོའི་སྒྲ་དང་། མོ་སྒྲ་དགག་པའི་སྒྲ་དག་མིང་གི་ཐོག་མཐའ་ན་ཡོད་མེད་དང་།
ཚིག་གི་རྒྱན་དུ་གྱུར་པ་རྣམས་ལའང་དོན་ལ་སྙེག་པ་ཡོད་པ་དང་མེད་པ་དང་། བསྟན་པར་བྱ་བའི་དོན་ལྷག་མ་ཡོད་པ་ལྷག་བཅས་དང་།
མེད་པ་སླར་བསྡུ་རྫོགས་ཚིག་ཅན་དང་། ཚིག་དོན་རྫོགས་པ་དང་མ་རྫོགས་སོགས་ཀྱི་དོན་རྗེས་འཇུག་དེ་དག་གི་ནང་གསེས་ཀྱི་བརྗོད་བྱ་ཕྲ་ཞིང་ཕྲ་བ་ཞིབ་མོར་རྣམ་པར་དབྱེ་བར་བྱའོ།
།ཞེས་གསུངས་པས། འདི་ལ་རྣམ་གྲངས་དག་ནི་བཀོད་པ་ལ་ཞེས་པའི་སྐབས་ལེགས་པར་སྦྱར་བའི་སྐད་ལ།
གཅིག་ཚིགགཉིས་ཚིགམང་ཚིག་གསུམ་དུ་བཤད་པའི་དག་གཉིས་ཚིག་དང་། རྣམས་མང་ཚིག་ཡིན་མོད་ཀྱང་།
བོད་ཀྱི་སྐད་དུ་མང་ཚིག་དུ་མ་ཞིག་འཇུག་པར་མཐོང་སྟེ། སྨྲ་བའི་སྒོ་ལས།
དག་དང་རྣམས་ནི་མང་པོའི་ཚིག། །
སོགས་ནི་མཐའ་དག་སྡུད་པ་ཡིན། །
ཞེས་དག་ཀྱང་མང་ཚིག་ཏུ་བཤད་ལ།
དཔེར་བརྗོད་ན། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་དང་། གང་དག་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས་ཞེས་སོགས་འབྱུང་བ་དང་།
གཞན་ཡང་། ཐམས་ཅད། ཀུན་དང་། མཐའ་དག་སོགས་གྲགས་ཆེ་བས་འཁྲུལ་གཞི་ཆུང་མོད། ཡང་བརྒྱ་དང་དགུ་ལ་སོགས་པའང་མང་ཚིག་ཏུ་སྐབས་འགར་བཤད་པས་འདི་དག་ནི་གྲངས་ཀྱི་ངེས་བཟུང་དང་འཁྲུལ་བར་མི་བྱ་སྟེ།
དྲི་མེད་བཤེས་གཉེན་གྱིས་མཛད་པའི་སོ་ཐར་འགྲེལ་པ་ཚིག་གི་བརྗེད་བྱང་ལས། བརྒྱ་པ་ཞེས་བྱ་བ་ནི་མང་པོ་མཚོན་པའི་ཚིག་ཡིན་ཏེ་གྲངས་བརྒྱ་ངེས་པ་ནི་མ་ཡིན་ནོ་ཞེས་པ་ལྟར་དཔེར་ན་ཉི་མ་ལ་འོད་བརྒྱ་པ་དང་།
པདྨ་ལ་འདབ་བརྒྱ་པ་དང་། ཁ་ཟས་རོ་བརྒྱ་པ་དང་། ཁང་པ་བརྩེགས་པ་མིག་བརྒྱ་པ་སོགས་དང་། འདོད་དགུམཁོ་དགུབདའ་དགུ།
བཟང་དགུགནམ་ལ་འཕུར་དགུས་ལ་འཛུལ་དགུསྐྱེ་དགུ་སོགས་འདི་དག་གྲངས་ངེས་བཟུང་དུ་འཁྲུལ་བས་མི་འགྲིག་བཞིན་དུ་དཀའ་ཚེགས་ཀྱིས་འདྲེན་པ་མང་དུ་མཐོང་ལ།
།འདི་ལ་དགོངས་ནས་མཁས་པའི་དབང་པོ་དཔང་ལོ་ཙཱ་བས། སྐྱེ་དགུ་ཞེས་པ་ལ་ད་ཡིས་འཁྲུལ་པ་དགུ་ཞེས་གྲངས་བརྗོད་པ་དང་འདྲ་བར་བྱས་པ་ན་གྲངས་སུ་འཁྲུལ་ཏེ།
ཁ་གཅིག་གིས་སྐྱེ་དགུ་ནི་ཟླ་བ་དགུ་ནས་སྐྱེ་བའི་མི་ཡིན་ཞེས་དང་། ལ་ལས་འདོད་ཁམས་ནས་ཤི་ནས་ཁམས་གསུམ་སོ་སོར་སྐྱེ་བ་གསུམ་དང་།
དེ་བཞིན་དུ་གཟུགས་ཁམས་དང་། གཟུགས་མེད་ནས་ཤི་བའང་དེ་བཞིན་ཡིན་པས་དགུ་ཞེས་འཁྲུལ་པ་མཐོང་བས་ན་ར་ལ་ག་བཏགས་པ་རྒུར་བྱའོ།
།ཞེས་གསུངས་པས་འཁྲུལ་གཞི་དེ་འདྲ་བ་བྱུང་བ་ལ་དགོངས་པ་ཡིན་གྱིས། ནམ་ཡང་དས་འཕུལ་གྱི་དགུ་སྐྱེ་དགུའི་སྒྲ་ལ་མི་འཐད་པ་ནི་མ་ཡིན་ནོ།
།དེ་བཞིན་དུ་ཀ་ཐམ་ཞེས་པ་དྲི་བ་དང་རྩོད་པ་ལ་འཇུག་པ་ཅི་ལྟར་ཞེས་པའི་སྒྲས་ཡ་ཐཱ་ཞེས་པ་དཔེར་སྟོན་པ་ལ་འཇུག་པ་ཇི་ལྟར་གྱི་སྒྲ་འདྲེན་པ་སོགས་ལེགས་སྦྱར་དང་དོན་མཐུན་པ་མང་ལ།
ཚིག་ཕྲད་འགའ་ཞིག་ལེགས་སྦྱར་དུ་གསལ་བ་མེད་ཀྱང་ལོ་ཙཱ་བ་རྣམས་ཀྱིས་བླ་ཐབས་སུ་སྣོན་པར་མཛད་པའང་ཡོད་ཅིང་།
དོན་ལ་བསྐྱར་བ་ཡོད་མེད་སོགས་ཀྱི་དོན་ནི། བརྒྱད་སྟོང་འགྲེལ་ཆེན་དུ།
ངོ་མཚར་བ་དང་རྩོད་པ་དང་། །
ཁྲོ་དང་གཏུམ་དང་ངེས་བཟུང་དང་། །
དད་དང་དགའ་བ་རྣམས་ལ་ནི། །
ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཞེས་དང་།
མེ་ལོང་མ་ལས།
རྗེས་སུ་བརྩེ་སོགས་ཁྱད་པར་ལས། །
གལ་ཏེ་འགའ་ཞིག་བརྗོད་འདོད་ན། །
ཡང་བརྗོད་པ་ལ་སྐྱོན་མེད་དེ། །
འདི་ནི་རྒྱན་དུ་རིགས་པ་ཡིན། །ཞེས་དང་།
དེ་ཉིད་ལས།
དོན་སྐོར་དང་ནི་ཚིག་སྐོར་དང་། །
གཉིས་ཀ་བསྐོར་བ་ཞེས་བྱ་བ། །
ཞེས་དོན་རྒྱན་ལྔ་པ་བསྐོར་བ་ཅན་གྱི་རྒྱན་དུ་བཤད་པ་དང་།
མངོན་བརྗོད་ཀྱི་བསྟན་བཅོས་ལས་ཀྱང་། སྒྲ་གཅིག་དོན་མང་དང་། དོན་གཅིག་སྒྲ་མང་སོགས་མང་དུ་འབྱུང་བས།
དཔེར་ན་རྒྱས་པ་དང་། བརྟས་པ་དང་། འཕེལ་པ་དང་། བྱེ་བ་དང་། གྱེས་པ་དང་། ཕྱོགས་སུ་ཁྱབ་པ་སོགས་དོན་གྱི་རྒྱས་པ་ཁོ་ནའི་རྣམ་གྲངས་ཀྱི་སྒྲ་དང་།
མདོ་ལས། མེ་ཏོག་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཞེས་སོགས་དང་། ས་རྣམ་པ་དྲུག་ཏུ་གཡོ་བའི་སྐབས།
འུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་སོགས་དང་། གཞན་ཡང་། ལེགས་སོ་ལེགས་སོ་དེ་དེ་བཞིན་ནོ།
།ཞེས་དང་། ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས་དང་། ཨ་ལ་ལ་ཆོས་ཨ་ལ་ལ་ཆོས། ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས།
ལེགས་སོ་ལེགས་སོ་ལེགས་པར་གསུངས། །ཞེས་སོགས་རྣམ་གྲངས་ཀྱི་སྒྲ་གཉིས་སམ་གསུམ་ལ་སོགས་པར་བསྐྱར་བ་དང་།
སྙན་ངག་གི་སྒྲ་རྒྱན་སྐབས་སུ།
བར་མ་ཆོད་དང་བར་ཆོད་དག། །
ཡི་གེའི་ཚོགས་པ་བསྐོར་བ་ནི། །
ཟུང་ལྡན། ཞེས་ཟུང་ལྡན་དང་།
ཚིགས་བཅད་བསྐྱར་བ་སོགས་ཟུང་ལྡན་ཆེན་པོ་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས།
བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །
མ་ཆགས་མི་ཆགས་ཆགས་པ་མེད། །
ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །
མ་ཆགས་མི་ཆགས་ཆགས་པ་མེད། །
ཅེས་སོགས་ཆགས་མེད་ཀྱི་སྒྲ་ལན་བདུན་དུ་བསྐྱར་བ།
ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ལ་སྦྱར་ཏེ་གསུངས། མཁས་མཆོག་དབྱིག་གཉེན་གྱིས། རྒྱན་འགྲེལ་དུ་སོ་སོའི་སྤང་བྱ་བདུན་བདུན་གྱི་གཉེན་པོར་གསུངས་པ་ལྟ་བུ་སོགས་དང་།
བཀས་བཅད་འབྲིང་པོར། པ་རི་དང་། སཾ་དང་། ཨུཔ་ལྟ་བུ་ལ་སོགས་པ་ཚིག་ཕྲད་དང་རྒྱན་ལྟ་བུར་འགྱུར་བ་རྣམས་དོན་དང་མཐུན་ཞིང་སྦྱོར་བའི་ཐབས་ཡོངས་སུ་ཞེས་སམ།
ཡང་དག་པར་ཞེས་སམ། ཉེ་བར་ཞེས་སྒྲ་ཇི་བཞིན་དུ་སྒྱུར་ཅིགདོན་ལྷག་པར་སྙེག་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱི་དོན་བཞིན་དུ་ཐོགས་ཤིག་ཅེས་གསུངས་པ་ལྟར་རོ།
།
བཞི་པ་ཅི་ཕྱིར་འཇུག་པ་བཤད་པ་ལ། འཕྲོས་དོན་ཡི་གེའི་འཇུག་པ་སྤྱིར་བཤད་པ་དང་། སྐབས་ཀྱི་གཞུང་ཚིག་གི་འབྲུ་དབྱེ་སྟེ་བཤད་པའོ།
།
དང་པོ་༼འཕྲོས་དོན་ཡི་གེའི་འཇུག་པ་སྤྱིར་བཤད་པ་༽ནི། སྤྱིར་རྗོད་བྱེད་ཀྱི་སྒྲ་མིང་ཚིག་ཡི་གེ་གསུམ་གྱི་རང་བཞིན་དུ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པས་ཚོགས་གསུམ་གསལ་བའི་མེ་ལོང་དུ་བསྡུ་བར་མཛད་པ་དང་།
དེས་མཚོན་གཞུང་ལུགས་མང་པོར་བཤད་ནའང་འདིར་གཙོ་བོར་སྔོན་གྱི་མཁས་པ་ཆེན་པོ་ལྕེ་ཁྱི་འབྲུག་གིས་གནས་བརྒྱད་ཆེན་མོ་ཞེས་བྱ་བ་མཛད་པའི་རྗེས་སུ་འབྲངས་ཏེ།
རྗེ་ཞ་ལུ་པས། སྤྱིར་ཡི་གེ་དོན་སྟོན་པ་ནི་ཡི་གེ་འཇུག་པའི་གནས་བརྒྱད་ལ་བརྟན་པ་ཡིན་ཏེ།
དེ་དག་ཀྱང་གང་ཞེ་ན། སྒྲ་དང་སྐད། མིང་དང་མཚན་མ། བརྡ་དང་ཐ་སྙད། ཚིག་དང་དོན་རྣམས་སོ།
།ཞེས་གསུངས་པ་ལྟར་བརྒྱད་ལས། དེ་ལ་སྒྲ་ནི་ཆོས་མངོན་པ་ལས། སྒྲ་ནི་རྣམ་པ་བརྒྱད་ཡིན་ཏེ།
།ཞེས་ཟིན་པ་དང་མ་ཟིན་པ་གཉིས། དེ་ལའང་ལུང་དུ་སྟོན་པ་དང་མི་སྟོན་པ་གཉིས། །དེ་རེ་རེ་ལའང་སྙན་པ་དང་མི་སྙན་པ་གཉིས་གཉིས་སུ་དབྱེ་བའི་རྣམ་གྲངས་བརྒྱད་ཡོད་པ་ལས་འདིར་ཟིན་པའི་སྒྲ་སེམས་ཅན་དུ་ལུང་སྟོན་པའོ།
།དེའང་འགྲུབ་པར་བྱེད་པའི་རྒྱུ་ནི་ཡི་གེ་ཡིན་ལ། དེའི་ངོ་བོ་སྐད་ཀྱི་གདངས་འབའ་ཞིག་པ་སྟེ།
རྣམ་འགྲེལ་ལས།
ཡི་གེ་ཀུན་སློང་ཤེས་པ་ལས།
།
སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་དང་།
སློབ་དཔོན་ཙནྡྲ་གོ་མཱིས།
གནས་དང་། བྱེད་པ་དང་། རྩོལ་བ་ལས་ཡི་གེ་རྣམས་སྐྱེའོ།
།ཞེས་དང་། སྨྲ་སྒོ་ལས།
གནས་རྣམས་དང་ནི་བྱེད་པ་དང་། །
རྣམ་པར་རྟོག་དང་རླུང་གཉིས་དང་། །
ང་རོ་གསལ་བྱེད་སྣང་ཆ་ཡིས། །
ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །
ཅེས་པ་དང་མཐུན་པར་དཔང་ལོ་ཆེན་པོས་ཀྱང་།
རྣམ་རྟོག་དབང་གིས་རླུང་གཡོས་ཤིང་། །
དེ་ཡིས་གནས་དང་བྱེད་པ་དང་། །
རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །
ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །
ཞེས་གསུངས་པས་དང་པོར་བརྗོད་པར་འདོད་པའི་རྣམ་པར་རྟོག་པ་སྐྱེ།
།དེ་ལས་བརྗོད་འདོད་ཀྱི་བློ་དེའི་དབང་གིས་རླུང་གཡོས་པ། སྨྲ་སྒོ་ལས།
ཁོག་པ་མགྲིན་པ་རྐན་དང་ལྕེ། །
སྣ་དང་སྤྱི་བོ་སོ་དང་མཆུ། །
ཞེས་བཤད་པ་ལྟར་གྱི་གནས་བརྒྱད་པོ་དེ་དག་དོག་བ་དང་ཡངས་པ་སོགས་བྱེད་པ་དང་འཕྲད་པ་ལས་རྩོལ་བ་ཆེར་བསྐྱེད་དེ།
།དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་ཏུ་ཡི་གེའི་གདངས་རྣམས་སྐྱེ་བར་འགྱུར་ལ། དེའང་སྒྲ་དྲག་ཞན་ནི་འཕྲད་པ་དང་ཅུང་ཟད་འཕྲད་པའི་རྒྱུ་ལས་འབྱུང་ཞིང་།
དེ་ལྟ་བུའི་ཡི་གེའི་གདངས་དེའང་མིག་འཛུམ་གཅིག་གི་ཚད་དུ་གནས་པ་ཡིན་ཏེ། རྣམ་འགྲེལ་ལས།
ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །
མིག་འཛུམ་ཚད་དུ་གནས་པ་ཡིན། །
ཞེས་གསུངས་ལ། དེ་དག་ཀྱང་ཞིབ་མོར་ཕྱེ་ན།
སྨྲ་སྒོ་ལས།
རྐན་དང་མགུལ་བའི་ཆ་དག་ལས། །
བགྲེང་དང་བཀུག་པའི་ང་རོ་འབྱུང་། །
དེ་བཞིན་མཆུ་ལས་སྟོད་སྨད་དོ། །
ཞེས་སོགས་གནས་དང་།
རླུང་དང་རྩོལ་བ་སོགས་ཀྱི་ཁྱད་པར་སྨྲ་སྒོ་དང་། ཁྱད་པར་བོད་པའི་སྐད་ཉིད་ལ་ཉེ་བར་མཁོ་བ་གནས་བརྒྱད་ཆེན་མོའི་འགྲེལ་པ་དང་།
རྗེ་བཙུན་བསོད་ནམས་རྩེ་མོས། མཛད་པའི་བྱིས་པ་བདེ་བླག་ཏུ་འཇུག་པ་སོགས་ལས་རྒྱ་ཆེར་འབྱུང་མོད་ཀྱི།
འདིར་ཧ་ཅང་མངས་ཀྱི་དྭོགས་པས་མ་བཀོད་ལ།
གཟུགས་ནི་རྒྱ་ཆེ་རོལ་པ་ལས་ཡི་གེའི་རྣམ་གྲངས་དྲུག་ཅུ་རྩ་བཞི་སོགས་བཤད་མོད་ཀྱང་། འདིར་ཉེ་བར་མཁོ་བ་མཁན་པོ་སམྦྷོ་ཊ་དེ་ཉིད་ཀྱིས་ལཉྪ་ན་དང་།
ནཱ་ག་ར་ལ་སོགས་པ་ནས་དཔེ་བླངས་ཏེ། ལྷ་སའི་སྐུ་མཁར་མ་རུར་རྩོམ་པར་མཛད་པའི་ཚུལ་དྲང་དོན་དུ་བཀའ་ཆེམས་བཀའ་ཁོལ་མ་ལས་བཤད་པ་ལྟར་དང་།
ངེས་དོན་དུ་དཔལ་དུས་ཀྱི་འཁོར་ལོ་དང་། བདེ་མཆོག་སྡོམ་འབྱུང་སོགས་ལས་རྩ་དང་ཐིག་ལེ་ཡི་གེའི་གཟུགས་སུ་གནས་པར་བཤད་པ་བཞིན།
ཡུལ་གྲུ་སོ་སོའི་མིར་རྩ་ཐིག་གི་ཡི་གེའི་གཟུགས་མི་འདྲ་བ་དང་། དེ་ལས་སྐད་ཀྱི་རིགས་ཐ་དད་སོ་སོར་འབྱུང་ཕྱིར་འཇམ་པའི་དབྱངས་མིའི་ཟློས་གར་བསྒྱུར་བ་ལོ་ཆེན་ཐུ་མི་དེ་ཉིད་ཀྱིས་རྩ་ཁམས་ཀྱི་ཡི་གེའི་གནས་ཚུལ་ཇི་ལྟ་བུ་བཞིན་གཟིགས་པ་ལས།
བོད་ཡིག་སུམ་ཅུར་གྲགས་པ་ནང་གསེས་ཀྱི་དབྱེ་བ་དབུ་ཅན། འབྲུ་མ། བཤར་མ། དཀྱུས་ཡིག་ཕྱོགས་སུ་དབྱེར་ཡོད་པ་འདི་ཉིད་ཡིན།
ངེས་ཚིག་ནི། སྨྲ་སྒོ་ལས།
རྣམ་གྲངས་དུ་མ་མེད་པ་དང་། །
མིང་ཚིག་གསལ་བར་བྱེད་པ་དང་། །
དོན་རྣམས་བརྗོད་པར་བྱ་བའི་ཕྱིར། །
ཡི་གེ་ཞེས་ནི་བརྗོད་པ་ཡིན། །
ཞེས་གསུངས་པ་ལྟར་ཡིན་ལ།
བྱེད་ལས་དང་དབྱེ་བསྡུ་སོགས་ནི་སུམ་ཅུ་པ་ལས་བཤད་པ་བཞིན་གོང་དུ་ལེགས་པར་བཀྲོལ་བ་ལྟར་རོ།
།སྐད་ནི་ལེགས་སྦྱར་སོགས་སྐད་རིགས་ཆེན་པོ་བཞི་དང་། གཞན་འཛམ་བུ་གླིང་རང་དུའང་སྐད་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་ཙམ་ཡོད་པར་གྲགས་མོད་ཀྱི།
མེ་ལོང་མར།
བསྟན་བཅོས་རྣམས་ནི་ལེགས་སྦྱར་ལས། །
གཞན་པ་ཟུར་ཆག་ཉིད་དུ་འདོད། །
ཅེས་གསུངས་པས་ལེགས་སྦྱར་མ་གཏོགས་པའི་སྐད་ཐམས་ཅད་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་ལྟར་ན་ཟུར་ཆག་ཏུ་བསྟན་པར་རིགས་པའི་ཕྱིར།
གངས་ཅན་གྱི་སྐད་འདིའང་ཟུར་ཆག་ཉིད་དུ་རྗེ་ཞ་ལུ་པ་ཆེན་པོ་བཞེད་པ་ལྟར་ལེགས་ཤིང་། མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཡིན་ལ།
དེ་ལ་མངོན་པའི་ལུགས་སུ་ཡི་གེ་དུ་མ་འདུས་པའི་བདག་ཉིད་ཅན་དང་། སྒྲ་པ་ལྟར་ན་རྣམ་དབྱེ་དང་པོ་ལ་སོགས་པའི་མཐའ་ཅན་ནོ།
།ངེས་ཚིག་ནི་ནཱམ་ཞེས་པའི་སྒྲ་ལས་དོན་དེ་མཚོན་པར་བྱེད་པ་སྟེ། སྨྲ་སྒོ་ལས།
གང་ཞིག་རྣམ་ཆ་འདུས་ཡིས། །
དོན་གྱི་ངོ་བོ་ཉིད་བརྗོད་ན། །
རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་། །
དེ་ནི་མིང་ཞེས་རབ་ཏུ་བརྗོད། །ཅེས་གསུངས་པ་ལྟར་ཡིན་ལ།
དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་གཉིས་སམ། དངོས་མིང་དང་བཏགས་མིང་གཉིས་སོ། །དང་པོ་མཚན་ཉིད་ནི།
དེ་ཉིད་ལས།
གང་ཞིག་གཞན་ལ་མ་བརྟེན་པར། །
བླ་དྭགས་གང་བྱས་ཐོག་མའོ། །
ཞེས་མིང་གང་ཞིག་རྒྱུ་མཚན་གཞན་ལ་མ་བརྟེན་པར་འདོད་རྒྱལ་མཁན་པོ་རྣམས་ཀྱིས་བླ་དྭགས་སམ་རང་གར་བཏགས་པ་ངེས་ཚིག་དང་བྲལ་བ།
དཔེར་ན། ཀ་བ། བུམ་པ་ལྟ་བུ།
གཉིས་པ་རྗེས་གྲུབ་ཀྱི་མིང་ནི། དེ་ཉིད་ལས།
དེ་ལ་བརྟེན་ནས་རྗེས་གྲུབ་བམ། །
འདོད་རྒྱལ་དོན་ལྡན་གཉིས་སུ་འདོད། །ཅེས་དང་།
དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །
ཡིན་དང་ངོ་བོ་བསྒྲུབ་པ་དང་། །དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་། །
རྟེན་ལ་བརྟེན་པ་བཏགས་པའམ། །བརྒྱུད་པའི་རྒྱུ་ལ་འབྲས་བུ་དང་། །
དངོས་ཀྱི་རྒྱུ་ལ་དེ་བཞིན་དང་། །འབྲས་བུའམ་བྱ་བར་འགྱུར་བ་ལ། །
དཔེ་གཞན་གྱི་ནི་མིང་དག་དང་། །དོན་དེ་དག་གི་སྒོ་ནས་ནི། །
ཡོད་དང་དེ་ལ་ཕན་པ་དང་། །བྱེད་དང་ལས་སུ་བསྒྲུབ་པ་དང་། །
འདྲ་བར་སྦྱིན་དང་རིམ་བཞིན་ནོ། །
ཞེས་གསུངས་པའི་རྟེན་ལ་བརྟེན་པ།
རྒྱུ་ལ་འབྲས་བུ། འབྲས་བུ་ལ་རྒྱུ། བྱ་བ་རྒྱུ་མཚན་དུ་བྱས་པ། འདྲ་བ་རྒྱུ་མཚན་དུ་བྱས་པ།
སྤྱི་ལ་བྱེ་བྲགབྱེ་བྲག་ལ་སྤྱི། གཙོ་བོའི་མིང་ཕལ་པར་བཏགས་པ་སོགས་སོ། །དེ་བརྗོད་པ་ལས་དོན་དེ་མཚོན་པར་བྱེད་པའི་སྣང་བ་བསྐྱེད་ནུས་ཀྱི་ཆ་དེ་ལ་མཚན་མ་ཞེས་བྱའོ། །
བརྡ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྒྲ་དང་དོན་གྱི་སྤྱིའི་རྣམ་པ་ཅན་དུ་སྨྲ་བར་བྱེད་པའི་འདུས་བྱས་ཀྱི་བདག་ཉིད་དེ།
དཔེར་ན་ཤིང་ཞེས་པའི་མིང་བརྗོད་པའི་ཚེ་མིང་གཞན་ཡལ་ག་ལོ་མ་ཅན་དུ་གྱུར་པའི་ཤིང་གི་དོན་སྤྱི་ཞིག་ཉན་པ་པོ་དང་།
སྨྲ་བ་པོ་གཉིས་ཀའི་རྟོག་ཡུལ་དུ་འཆར་ལ། དེ་ལས་ཤིང་རང་མཚན་པ་དངོས་ལ་ཐ་སྙད་འདོར་ལེན་བྱེད་པ་ཡིན་པས་དེའི་འབྲེལ་བ་བྱེད་པའི་བརྡ་མིང་གི་སྒྲ་དེ་ཡིན་ནོ།
།
ཐ་སྙད་ནི་སྒྲ་དེ་ལས་སྐྱེས་པའི་དོན་རང་མཚན་པ་དངོས་ལ་འདོར་ལེན་བྱེད་པའི་ཤེས་པ་སྟེ།
དཔེར་ན། གདུང་འདེགས་ཀྱི་ཤིང་ལ་ཀ་བ་ཞེས་བཏགས་ནས་བསྟན་པ་ན་འདི་ཀ་བ་ཡིན་ནོ་སྙམ་པའི་ཤེས་པ་ནི་བཏགས་པའི་ཤེས་པ་དང་།
དེ་ལ་སླར་ཀ་བ་ཞེས་སྒྲར་བརྗོད་པ་ནི་བརྗོད་པ། དེས་གདུང་འདེགས་སོགས་ཀྱི་བྱ་བ་ལ་བརྩོན་པ་ནི་འཇུག་སྟེ་ཤེས་བརྗོད་འཇུག་གསུམ་ག་སྐྱེ་བར་བྱེད་པའི་གཞི་བརྡ་ལས་ཐོབ་པའི་བློ་དེའོ།
དེས་ན་མིང་དང་མཚན་མ་དང་བརྡ་དང་ཐ་སྙད་ནི་དོན་དེའི་ངོ་བོ་ཙམ་བརྗོད་པའི་ཆ་ནི་མིང་དང་།
དོན་དེ་མཚོན་པར་བྱེད་པ་མཚན་མ་དང་། ཐ་སྙད་ཀྱི་ཕྱིར་སྔར་མེད་པ་ལ་བློ་བུར་དུ་འདོད་པས་སྦྱར་བ་བརྡ་དང་།
དེ་ཉིད་འཇུག་ལྡོག་བྱ་བའི་ཕྱིར་བརྗོད་པས་ཐ་སྙད་དོ། །ཞེས་ཤེས་པར་བྱ་ཞིང་། ཚིག་ནི་ཆོས་མངོན་པ་ལྟར་ན་མིང་དུ་མ་འདུས་པའི་བདག་ཉིད་དང་།
སྒྲ་པ་ལྟར་ན་ཏིང་དང་སུཔ་ཀྱི་རྐྱེན་བྱིན་པའི་མཐའ་ཅན་ཡིན་ཏེ། སྨྲ་སྒོ་ལས།
གལ་ཏེ་མིང་གཉིས་འདུས་པའམ། །
འོན་ཏེ་མང་པོ་འདུས་ཀྱང་རུང་། །
དེ་དག་ཁྱད་པར་བརྗོད་བྱེད་ན། །
ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །
ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་གསུངས།
དོན་ནི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟར་བར་གནས་པ་ཉིད་དོ།
།དེ་ལྟར་སྒྲ་དང་སྐད་ལ་སོགས་པ་བརྒྱད་པོ་དེ་དག་ལ་ཡི་གེ་ཇི་ལྟར་འཇུག་ན་སྒྲ་དོན་འདྲེས་རུང་གི་བློས་འཇུགབློ་དེ་སྐྱེ་བ་ལའང་ཁྱད་ཆོས་ལྔ་ཡོད་པའི་དོན་ལ་དམིགས་པས་ནི་དོན་སྤྱིའི་ནུས་པ་དང་།
སྒྲ་བྱུང་གིས་སྒྲ་སྤྱིའི་རྣམ་པ། མཐུན་སྣང་དང་། ཐུན་མོང་དུ་གྲགས་པས་ཞེན་པ་དང་མངོན་པར་ཞེན་པས་མིང་དང་མིང་ཅན་འབྲེལ་བའི་བློ་སྐྱེད་པར་བྱེད།
སྐྱེ་ཚུལ་གདུང་འདེགས་ཀྱིས་ཤིང་མཐོང་ན་འདིའི་མིང་ཅི་སྙམ་པ་དང་། ཀ་བ་ཞེས་པའི་སྒྲ་ཐོས་ན་འདི་གང་གི་མིང་ཡིན་སྙམ་པའི་བློ་སྐྱེ་ལ།
དེའི་ཚེ་གཞན་གྱིས་བརྡ་སྤྲད་པ་ན་མིང་དང་མིང་ཅན་འབྲེལ་བའི་ཤེས་པ་སྐྱེ། དེ་མངོན་སུམ་དུ་གྱུར་ནས་ཕྱིས་དེ་དང་འདྲ་བའི་རྣམ་པ་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེ།
དེ་ལས་སྒྲ་དོན་འདྲེས་རུང་གི་མངོན་ཞེན་ཁོང་དུ་ཆུད་པར་འགྱུར་ལ། གང་ཟག་བསྟན་བཅོས་ལ་བློ་མ་བྱང་བ་རྣམས་ཡི་གེ་སྟོན་པའི་གཟུགས་ལ་ཡི་གེ་ཉིད་དུ་འཛིན་པ་དང་།
སྒྲ་སྤྱིའི་རྣམ་པའང་ཡིག་གཟུགས་ལ་ཞེན་ཅིང་གླེགས་བམ་དུ་བྲིས་པ་ལ་བརྗོད་ཡུལ་དུ་བྱེད་པ་ཡིན།
སྨྲ་པ་པོ་དང་ཉན་པོ་བརྡ་ལ་བྱང་བ་དག་ལས་སྒྲ་བྱུང་གི་ཤེས་པ་སྐྱེ་ཚུལ་ནི་སྨྲ་བ་པོས་སྒྲ་དེ་བརྗོད་པ་ན་སྔོན་བརྡ་བྱེད་པའི་དུས་ཀྱི་ཁྱད་ཆོས་ཡན་ལག་ལྔ་ལ་ཚུལ་བཞིན་དུ་འདྲིས་པར་བྱས་པས་ཐ་སྙད་འདོར་ལེན་གྱི་སྐབས་ཚུལ་དེ་འབད་མེད་དུ་འགྱུར་ཏེ།
སྨྲ་བ་པོས་སྒྲ་རང་མཚན་པ་བརྗོད་པའི་ཚེ་ཉན་པ་པོས་དང་པོར་སྒྲ་ཙམ་གྱིས་རྣམ་པ། དེ་ནས་དོན་གྱི་རྣམ་རྟོགདེ་ནས་སྒྲ་དོན་འདྲེས་རུང་གི་བློ། དེ་ལས་སྣང་ཞེན་གྱི་དམིགས་པ།
དེ་ནས་མཐུན་པར་སྣང་བའི་ཤེས་པ། དེ་ནས་མངོན་པར་ཤེས་པའི་བློ་ཚུལ་བཞིན་སྐྱེ་བ་ཡིན་ལ། ཐུན་མོང་དུ་མ་གྲགས་པའི་ཡུལ་དབུས་པས་མཐའ་འཁོབ་པའི་སྒྲ་བརྗོད་པ་ལྟ་བུ་ལ་ནི་ཡན་ལག་མ་ཚང་བས་མཚན་ཉིད་འདི་ལྟར་འབྱུང་བ་མ་ཡིན་ནོ།
།འདི་དག་ནི་གནས་བརྒྱད་ཆེན་མོའི་རྗེས་སུ་འབྲངས་ཏེ་རྗེ་ཞ་ལུ་པའི་གསུང་གི་སྙིང་པོ་བསྡུས་པའོ།
།
གཉིས་པ་ལ་དངོས་དང་འཕྲོས་དོན་གཉིས་ཀྱི་དང་པོ་ནི།
ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །
ཡི་གེའི་ཁོང་ནས་མིང་ཕྱུང་སྟེ། །
མིང་གི་ཁོང་ནས་ཚིག་ཕྱུང་ནས། །
ཚིག་གིས་དོན་རྣམས་སྟོན་པར་བྱེད། །༢༨། །
ཅེས་གསུངས་པ་རྗེ་ཞ་ལུ་པས་ལེགས་པར་སྦྱར་བའི་སྐད་ལ་ཁམས་དང་རྐྱེན་གྱིས་འཇུག་པ་མཐའ་ཡས་པ་བསྟན་བཅོས་རྒྱ་ཆེན་པོས་རྟོགས་པར་བྱ་དགོས་པ་ཡོད་ནའང་།
གངས་ཅན་གྱི་སྐད་འདི་ལ་རྗེས་འཇུག་གི་ཡི་གེ་བཅུ་ཁོ་ནས་དོན་སྟོན་བྱེད་ཀྱི་གཙོ་བོར་མཛད་པ་གཞུང་ཉུང་ངུས་ཆོག་པ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་མཁན་པོ་ཆེན་པོ་འདིའི་ཕུལ་དུ་བྱུང་བའི་རྣམ་པར་ཐར་པ་ཉིད་ཡིན་པས།
རྒྱ་གར་གྱི་མཁན་པོ་དག་གིས་ཀྱང་བསྔགས་པ་མཛད་པར་གྲག་གོ། ཞེས་གསུངས་པ་ལྟར་རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་ཅེ་ན་བསྡུ་བས་མཚམས་སྦྱར་བ་ན་མིང་དང་ཚིག་གིས་དོན་གསལ་བར་བྱེད་པ་ནི་སྤྱིར་མོ་ཡིག་དང་ཁྱད་པར་སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་ལ་རགས་ལུས་ཤིང་།
དེའང་གོང་དུ་སྨོས་པ་ལྟར་ཡི་གེའི་ཁོང་ནས་སམ་ཡི་གེ་དུ་མ་འདུས་པའི་ཕུང་པོ་ནས། ཀ་བ།བུམ་པ་ཞེས་སོགས་མིང་དབྱུང་།
མིང་གི་ཁོང་ངམ་མིང་དུ་མ་འདུས་པའི་ཕུང་པོ་ལས་ཚིག་ཙན་དན་གྱི་ཀ་བ། གསེར་གྱི་བུམ་པ་ཞེས་སོགས་ཕྱུང་ཏེ།
ཚིག་དེ་དག་ཀྱང་མིང་དང་རྣམ་དབྱེ་དང་ཚིག་ཕྲད་དུ་མ་འདུས་པའི་བདག་ཉིད་ཡིན་ལ། ཚིག་དེ་དག་གིས་ནི་ཙན་དན་གྱི་ཀ་བས་བཏེག་པའི་ཁང་བཟང་གི་རྟ་བབས་ཀྱི་སྟེང་ན་གསེར་གྱི་བུམ་པ་དག་གིས་བརྒྱན་ཏེ་མཛེས་པར་གྱུར་ཏོ།
།ཞེས་སོགས་ངག་གི་ཕྲེང་བར་གྲུབ་པའོ། །
གཉིས་པ་འཕྲོས་དོན་ལ་ཡི་གེ་དེ་དག་གིས་དོན་གཙོ་བོ་སྟོན་བྱེད་གང་ཡིན་བཤད་པ་དང་། དེ་ལས་ལྡོག་པའི་སྒོ་ནས་དོན་ལ་སྦྱོར་བ་ཤེས་པར་འགྱུར་ཚུལ་རྒྱ་ཆེར་བསྟན་པའོ།
།དང་པོ་༼འཕྲོས་དོན་ལ་ཡི་གེ་དེ་དག་གིས་དོན་གཙོ་བོ་སྟོན་བྱེད་གང་ཡིན་བཤད་པ་༽ནི།
མོ་ཡིག་ཡི་གེ་མེད་ན་ནི། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཕོ་ཡིག་དེ་དག་རྣམས་ལ་ཡང་། །
འཇུག་པར་བཅས་པ་མེད་པར་ནི། །༢༩། །
མིང་དང་ཚིག་ཀྱང་གསལ་མི་ནུས། །
མིང་ཚིག་གསལ་བ་མེད་ན་ནི། །
དོན་རྣམས་བརྗོད་པར་མི་འགྱུར་རོ། །༣༠། །
ཞེས་གསུངས་པས། འདིར་རྗེས་འཇུག་མོ་ཡིག་ལ་རག་ལས་པ་སྟོན་པའི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་ལ།
ཕོ་ཡིག་དེ་དག་རྣམས་ལའང་འཇུག་པར་བཅས་པ་སྟེ་སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི་དོན་གྱི་ངོ་བོ་ཙམ་བརྗོད་པའི་མིང་དང་ཁྱད་པར་བརྗོད་པའི་ཚིག་དག་ཀྱང་གསལ་བར་བྱེད་མི་ནུས་ཤིང་།
མིང་ཚིག་གི་བརྗོད་པ་གསལ་བར་གྱུར་པ་མེད་ན་ནི་འཇིག་རྟེན་དུ་དོན་རྣམས་བརྗོད་པའི་ངག་ཡོད་པར་མི་འགྱུར་རོ།
།ཞེས་པ་འདི་ལ་མོ་ཡིག་ཡི་གེ་མེད་ན་ནི་ཞེས་པའི་དངོས་བསྟན་མོ་ཡིག་གི་ངོས་འཛིན་མཁས་པའི་དབང་པོ་དབུས་པ་བློ་གསལ་གྱིས།
མོའི་ཡི་གེ་འ་ལ་སོགས་པ་མེད་ན་ཕོའི་ཡི་གེ་ཀ་ལ་སོགས་པ་འདུས་པ་ཙམ་གྱིས་བརྗོད་པའི་དོན་སྟོན་པར་མི་འགྱུར་ལ།
ཞེས་དང་། མཁས་པའི་དགའ་སྟོན་ལས། མིང་ཚིག་བརྗོད་པ་ཕལ་ཆེར་རྗེས་འཇུག་དང་སྔོན་འཇུག་གཉིས་ལ་བལྟོས་པའི་ཕྱིར་ན།
དེ་གཉིས་ཀྱང་མོའི་ཡི་གེའི་ནང་ནས་ཕྱུང་པ་ཡིན་པས། གལ་ཏེ་རྟག་པ་མཐའ་བཟུང་བའི་དབང་གིས་མོའི་ཡི་གེ་སྤྱི་དང་།
བྱེ་བྲག་ཏུ་སྔོན་འཇུག་དང་རྗེས་འཇུག་གཉིས་མེད་པར་གྱུར་ན་ནི། མིང་གཞིའི་ནང་ཚན་ཕོ་ཡིག་རྣམས་ཀྱི་བརྗོད་པ་དོན་མེད་པར་འགྱུར་བ་དང་།
གལ་ཏེ་ཕོ་ཡིག་དེ་རྣམས་བརྗོད་དུ་ཟིན་ནའང་འཇུག་པ་དང་བཅས་མེད་པར་ནི་མིང་དང་ཚིག་གང་ཡིན་ཡང་གསལ་བར་བྱེད་མི་ནུས་ཤིང་།
ཞེས་གསུངས་ལ།
ཊཱི་ཀ་མཛད་སྔ་མ་གཞན་རྣམས་འདིའི་སྐབས་ཀྱི་མོ་ཡིག་ཨི་ཨུ་ཨེ་ཨོ་བཞི་ཁོ་ནར་བཞེད་པ་ལས་ཁོ་བོ་ནི་སྔ་མ་འཐད་པར་སེམས་ཏེ།
རྗེ་ཞ་ལུ་པས་ཀྱང་། ངག་ཏུ་གྲུབ་པ་ནི་རྗེས་འཇུག་མོ་ཡིག་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པ་མེད་པར་འགྱུར་ལ།
ཞེས་གསུངས་པས་རྗེས་འཇུག་བཅུ་པོ་ཁོ་ནར་བཞེད་པ་ལ་ངེས་འ་འདྲོངས་ཤིང་། རྒྱུ་མཚན་ཡང་སྔ་མ་རྣམས་ཀྱིས་འདིར་བསྟན་མོ་ཡིག་དབྱངས་སུ་བཞེད་པ་ལེགས་པར་སྦྱར་བའི་སྐད་ལྟར་གསལ་བྱེད་ཀྱི་སྲོག་ཏུ་དབྱངས་མ་ཞུགས་ན་གསལ་བྱེད་སྲོག་མེད་དམ་ཕྱེད་ཀྱི་ཡུན་ཚད་དུ་འདོད་པ་འདིར་ཡང་རིགས་འགྲེ་མཛད་པ་ཡིན་ལ།
དེ་ལྟར་ན་ཀ་སོགས་གསལ་བྱེད་ཉི་ཤུ་རྩ་དགུ་དེ་བཞིན་ཡིན་དུ་ཆུག་ཀྱང་གསལ་བྱེད་ཀྱི་ཁོག་ཏུ་དབྱངས་ཡིན་ཨི་སོགས་བཞི་ཞུགས་སམ་མ་ཞུགས།
ཞུགས་ན་ནི་ཨ་ཡིག་ལ་ཨེ་སོགས་བཞི་གང་རུང་འབོད་དགོས་པར་ཐལ་བ་དང་། མ་ཞུགས་ན་ནི་ཨ་ཡིག་བརྗོད་པ་མེད་པར་འགྱུར་ཏེ་སྲོག་མེད་ཀྱི་ཡི་གེ་ཡིན་པའི་ཕྱིར་དང་།
ཀ་ལ་སོགས་པ་སུམ་ཅུར་ཡང་ཨི་ཨུ་ཨེ་ཨོ་བཞི་གང་རུང་མ་སྦྱར་བའི་ཡི་གེ་ཐམས་ཅད་སྲོག་མེད་དུ་ཐལ་བར་ཡང་འགྱུར་རོ།
།
གཞན་ཡང་མོ་ཡིག་ཨི་སོགས་བཞི་མ་ཞུགས་ན་ཕོ་ཡིག་ལ་བརྗོད་པ་མེད་པར་འགྱུར་ཚེ་ཨ་ཡིག་དེའང་དེར་ཐལ་བའི་སྐྱོན་དང་།
དེ་ལྟར་ཡིན་ཏེ་ཨ་ཡིག་གཞུང་འདིའི་སྤྱིར་བསྟན་ཕོ་མོ་གཉིས་སུ་དབྱེ་བའི་སྐབས་ཕོ་ཡིག་ཡིན་ནོ་ཞེས་སྟོན་པ་ལ།
ཕོ་ཡི་ཡི་གེ་འབའ་ཞིག་ལ།
།
སྡེ་པ་ཕྱེད་དང་བརྒྱད་གནས་པ། །
ཞེས་གསུངས་ལ། དེར་ཨ་ཡིག་མ་གཏོགས་ན་ནི་ཕྱེད་དང་བརྒྱད་དུ་མི་ལོངས་པར་ཐལ་བའི་སྐྱོན་སོ་ན་གནས་སོ།
།དེས་ན་དོན་གྱི་སྙིང་པོ་འདིར་བསྟན་གྱི། མོ་ཡིག་རྗེས་འཇུག་བཅུ་པོ་ལ་བྱེད་རིགས་ཏེ། མཁན་པོ་རང་གིས་ཀྱང་།
མོ་ཡི་ཡི་གེའི་ནང་ནས་ནི། །
འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །ཞེས་དང་།
རྗེས་འཇུག་བཅུ་པོ་མ་ཞུགས་ན། །
མིང་གཞན་སྦྱོར་བ་ཡོད་མི་སྲིད། །
ཅེས་སོགས་གསུངས་པས།
འཕགས་ཡུལ་པའི་ལུགས་ལྟར་དབྱངས་ལ་སྲོག་དང་། གསལ་བྱེད་ལ་ལུས་ཀྱི་ཐ་སྙད་མ་མཛད་པར་ཨ་ཡིག་གསལ་བྱེད་ཀྱི་ཁོངས་སུ་འཇུག་པར་མཛད་དེ།
གསལ་བྱེད་སུམ་ཅུ་གང་རུང་གི་མཐར་རྗེས་འཇུག་བཅུ་པོ་ངེས་པར་ཞུགས་དགོས་པ་སོགས་རྒྱ་གར་པའི་དབྱངས་ཀྱི་བྱ་བ་དང་འདྲ་རུང་།
བོད་འདིར་རྗེས་འཇུག་བཅུས་བྱེད་པ་རྗེས་འཇུག་གཞན་དགུ་མེད་པའི་མཐར་འ་ཡིག་ཁོ་ན་དོན་དུ་འཐོབ་ཅིང་བྱང་ཆུབ་སེམས་དཔའ་དགའ་བོ་སོགས་ཀྱི་མཐར་འ་ཡིག་དངོས་སུ་འགོད་པ་འཁུལ་གཞི་འགོག་བྱེད་ཡིན་ལ།
གཞན་མོ་དྲུག་སྒྲ་ལྟ་བུ་སྦྱར་བའི་ཚེ་ལྷའི་ཀླུའི་སོགས་གསལ་བར་འགྱུར་བས་དོན་དེ་ལ་དགོངས་ནས།
མོ་ཡི་ཡི་གེ་མེད་པར་ནི། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །
ཞེས་གསུངས་པ་ལ་འཁྲུལ་པ་མེད་ཅིང་འདིའི་འཐད་པ་གོང་དུའང་སྨོས་ལ།
འཇམ་དབྱངས་ས་སྐྱ་པཎྜིཏས་ཀྱང་། འ་ཡིག་རྗེས་འཇུག་ཕྱེད་ཡིན་ནོ། །ཞེས་གསུངས་པའང་འདི་ལ་དགོངས་པའོ།
།
གཉིས་པ་༼དེ་ལས་ལྡོག་པའི་སྒོ་ནས་དོན་ལ་སྦྱོར་བ་ཤེས་པར་འགྱུར་ཚུལ་རྒྱ་ཆེར་བསྟན་པ༽ནི།
དེ་ལྟར་གྱུར་ན་འཇིག་རྟེན་ན། །
དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །
རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །
ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
བསླབ་པ་རྣམས་ཀྱང་མེད་པར་འགྱུར། །༣༡། །
ཇི་ལྟར་འཇིག་རྟེན་སེམས་ཅན་དག།
ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །
གྲུབ་མཐའ་གཞན་ཡང་ཡོད་མིན་ན། །
རང་ཉིད་ཀྱིས་ནི་མི་ཤེས་བཞིན། །༣༢། །
དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །
སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །
རང་ཚུལ་དེ་ཉིད་མི་ཤེས་པས། །
དོན་ལ་སྦྱོར་བ་ག་ལ་ཤེས། །༣༣། །
ཞེས་གསུངས་པས་གོང་དུ་སྨོས་པའི་ལྡོག་པའི་འབྲེལ་བ་དེ་ལྟར་དུ་གྱུར་ན་འཇིག་རྟེན་དུ་ཐ་མལ་པ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ཀྱི་དོན་མཚོན་པའི་བརྗོད་པ་ཀུན་ཀྱང་མེད་པར་འགྱུར་ལ།
གང་ཟག་གྲུབ་མཐའ་ལ་ཞུགས་པ་ཕྱིར་རོལ་མུ་སྟེགས་པ་རྣམས་སོ་སོའི་རང་ལུགས་སྟོན་པའི་གཞུང་དང་ཐུན་མོང་པ་རིག་བྱེད་བཞི་ལ་སོགས་པའི་བསྟན་བཅོས་སྨྲ་བའང་ཡོད་པར་མི་འགྱུར་ཞིང་།
ནང་པ་སངས་རྒྱས་པའི་ཉན་ཐོས་དང་རང་རྒྱལ་སངས་རྒྱས་ཀྱི་བསླབ་པ་བརྗོད་པའི་གཞུང་རྣམས་ཀྱང་མེད་པར་འགྱུར་རོ།
།དཔེ་ཇི་ལྟར་ན་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་རྣམས་ལ་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་།
སྐྱེ་མཆེད་བཅུ་གཉིས་དང་། གྲུབ་མཐའ་སྨྲ་བ་བཞི་སོགས་མཆོག་དམན་མཐའ་དག་གི་ཁྱད་པར་གཞན་ཡང་ཡོད་མོད་ཀྱང་འདི་དང་འདིའོ་ཞེས་བརྡ་མ་སྤྲད་པར་ཐོག་མ་ནས་རང་ཉིད་ཀྱིས་ནི་མི་ཤེས་པ་བཞིན་ནོ།
།དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས་སྨྲ་བ་ཀུན་ལ་གནས་པར་གྱུར་ཀྱང་བརྡ་མ་སྤྲད་པར་ཚིག་དོན་གྱི་རང་རང་གི་གནས་ཚུལ་དེ་ཉིད་ཇི་ལྟ་བ་བཞིན་མི་ཤེས་པས།
ཚིག་འདིས་དོན་འདི་བསྟན་ཏོ་ཞེས་པ་རྣམ་པར་དབྱེ་བ་མ་འདྲེས་པར་དོན་ལ་སྦྱོར་བ་ག་ལ་ཤེས་ཞེས་གསུངས་པའོ།
།འདིའི་དོན་ཅུང་ཟད་བསྙད་ན། དཎྜཱིའི་ཚིག་རྒྱན་ལས།
གལ་ཏེ་སྒྲར་བོད་སྣང་བ་ཡིས།
།
འཁོར་བ་གསལ་པར་མི་བྱེད་ན།
།
འཇིག་རྟེན་གསུམ་པོ་མཐའ་དག་འདི། །
སྨག་རུམ་མུན་པ་ཉིད་དུ་འགྱུར། །
ཞེས་གསུངས་པ་བཞིན་དེ་ལས་ལྡོག་པའི་ཕྱོགས་ཀྱིས་འདིར་ཡང་ཡི་གེའི་སྦྱོར་བ་ལེགས་པར་ཤེས་ན།
མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་།
ངེས་བརྗོད་ཀྱི་རིག་བྱེད་བཅས་བཞི་དང་། ཕྱི་པ་ཐུན་མོང་མ་ཡིན་པའི་རྐང་མིག་དང་། དྲང་སྲོང་རྒྱས་པ་ལ་སོགས་པས་བརྩམས་པའི་འཚེ་བ་ཆོས་སུ་སྨྲ་བ་དང་དཀའ་ཐུབ་དང་གཙང་སྦྲ་ལྷུར་ལེན་པའི་གཞུང་ལུགས་རྣམས་དང་ནང་པའི་ཉན་ཐོས་ནི་ཐེག་དམན་ལྟར་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་རྒྱུད་རྣམ་པར་དག་ཅིང་།
རང་སའི་འབྲས་བུ་འཐོབ་པ་དང་། ཐེག་ཆེན་ལྟར་ན་མདོ་སྡེ་པདྨ་དཀར་པོ་ལས།
མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །
བྱང་ཆུབ་དམ་པའི་སྒྲ་ཡང་བསྒྲག་པར་བགྱི། །
བྱང་ཆུབ་པ་ཡི་སྒྲ་ཡང་མི་ཟད་པས། །
དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །
ཞེས་རང་གི་ཐོས་པ་གཞན་ལ་སྒྲོག་པས་ཐོས་སྒྲོག་གམ་ཉན་ཐོས་དང་།
བསེ་རུ་དང་ཚོགས་ན་སྤྱད་པའི་དགྲ་བཅོམ་པ་རང་སངས་རྒྱས་སུ་གྲགས་པ་དང་། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།
བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་སྟོན་པ་དེས་ལུང་གི་ཆོས་འཁོར་གྱི་སྙིང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་།
ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པ་ཏིང་འཛིན་གྱི་བསླབ་པ་བཅས་གསུམ་དང་། གཞན་ཡང་ཕུང་པོ་ནི་གཟུགས་ཀྱི་ཕུང་པོ།
ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་རྣམས་དང་།
མིག་གི་ཁམས། གཟུགས་ཀྱི་ཁམས། མིག་གི་རྣམ་པར་ཤེས་པའི་ཁམས། དེ་བཞིན་དུ་རྣ་བ། སྒྲ། རྣ་བའི་རྣམ་ཤེས།
སྣ། དྲི། སྣའི་རྣམ་ཤེས། ལྕེ། རོ། ལྕེའི་རྣམ་ཤེས། ལུས། རེག་བྱ། ལུས་ཀྱི་རྣམ་ཤེས། ཡིད།
ཆོས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་བཅོ་བརྒྱད། གཟུགས་ཀྱི་སྐྱེ་མཆེད། མིག་གི་སྐྱེ་མཆེད།
སྒྲའི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད།
རེག་བྱའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་རྣམས་དང་།
གྲུབ་པའི་མཐའ་བྱེ་བྲག་ཏུ་སྨྲ་བ་ལ་ནང་གསེས་ཁ་ཆེ་བ་དང་ཉི་འོག་པ་གཉིས། མདོ་སྡེ་པ་ལ་རིགས་པའི་རྗེས་འབྲངས་པ་དང་།
ལུང་གི་རྗེས་འབྲངས་པ་གཉིས། སེམས་ཙམ་པ་ལ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས། དབུ་མ་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་གཉིས།
ཕྱི་མ་ལའང་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ཏེ་གྲུབ་པའི་མཐའ་སྨྲ་བ་དུ་མ་དང་། དེ་དག་མ་ལུས་པའི་རྗོད་བྱེད་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་གསལ་བའི་མདོ་ལས།
སྡེ་སྣོད་གསུམ་་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། རང་རྒྱལ་གྱི་སྡེ་སྣོད་དང་།
བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ཞེས་གསུངས་པ་ལྟར་རམ། མགོན་པོ་བྱམས་པས།
སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །
བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །
དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །
རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །
ཅེས་པ་བཞིན་ཐོས་པས་བག་ཆགས་འཇོགབསམ་པས་རྒྱུད་ལ་རྟོག་པར་བྱེད།
སྒོམ་པ་ཞི་གནས་ཀྱིས་ཞི་བ་དང་རབ་ཏུ་རྟོག་པར་བྱེད། ལྷག་མཐོང་གིས་རྣམ་པར་གྲོལ་བར་བྱེད་པས་ན་སྡེ་སྣོད་གསུམ་དུ་བཞག་པ་སོགས་བརྗོད་བྱ་ཕུན་སུམ་ཚོགས་པའི་རྗོད་བྱེད་དམ་པའི་ཆོས།
ཇི་སྐད་དུ།
ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །
ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །
དེའི་དབང་གིས་ཤཱཀྱའི་བསྟན་པ་འདི། །
འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །
ཞེས་གསུངས་པ་ལྟར་བརྗོད་བྱ་དང་རྗོད་བྱེད་ཐམས་ཅད་མིང་ཚིག་ཡི་གེ་གསུམ་ལས་རྟོགས་ནུས་སོ།
།
གསུམ་པ་མཇུག་དོན་རྩོམ་པ་མཐར་ཕྱིན་པའི་བྱ་བ་དངོས་ནི།
དེ་ཕྱིར་སྨྲ་བའི་དབང་ཕྱུག་གི།
རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག། ༣༤། །
ཅེས་གསུངས་པས་རྒྱུ་མཚན་དེ་དག་གིས་ཐུ་མི་སམྦྷོ་ཊ་བདག་གིས་སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས་ཀྱི་རྗེས་སུ་འབྲངས་ཏེ་སྨྲས་འདི་བོད་ཡུལ་གྱི་སྐྱེ་བོ་ཀུན་གྱིས་ཕྱིན་ཅི་ལོག་པ་རྟོགས་ནས་སྒྲ་དོན་ལ་འཁྲུལ་པ་མེད་པའི་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིགཅེས་བསྟན་བཅོས་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བར་མཛད་པ་ཡིན་ནོ།
།མཚན་ནི་བྱཱ་ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ།
།ཞེས་སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ཆེན་པོ་ཞིག་གི་ནང་ནས་ཕྱུང་བའི་དུམ་བུའོ། །
མཁས་༼གཟུགས་ཅན།༽མང་གསུང་གི་ལེགས་པའི་ཆ་མཐའ་དག།
བཅུད་ལྡན་འོད་ཀྱི་ཕུང་པོ་ཕྱོགས་གཅིག་ཏུ། །
བསགས་པའི་རྣམ་བཤད་ཐིག་ལེ་མཆོག་མ་འདིས། །
དཔྱོད་ལྡན་ཚངས་པ་བསྙེམས་པའི་བརྟུལ་ཞུགས་འཇིག།
སྣ་ཚོགས་བརྗོད་པའི་སྨིག་རྒྱུ་ལ་ཞེན་པའི། །
འཁྲུལ་པའི་རི་དྭགས་གཞོན་ནུ་མང་མོད་ཀྱི། །
ཚིག་དོན་རིན་ཅེན་འབྱུང་གནས་མི་ཟད་པ། །༼བསྡུས་བརྗོད་ཀྱི་རྒྱན།༽
ཧུབ་ཀྱིས་འདྲེན་ནུས་ཆུ་སྲིན་འཛིན་ཁྲི་ཙམ། །
མཁས་༼རབ་བཏགས་༽རློམ་གྲགས་པའི་བྲག་ཅར་མ་ཞེན་ཀྱང་། །
མ་རིག་གཉིད་ལས་སློང་བའི་རྒྱུད་མངས་འདི། །
ལྷག་བསམ་དབྱངས་བདུན་རྫོགས་པ་བདུངས་པའི་ཚེ། །
གྲོང་ཚིག་རབ་དགའ་འཕང་འགྲོ་སྤངས་ཀྱི་དྭོགས། །
ཆུང་༼སྤངས་ནས་མེད་པའི་བྱེད་རྒྱུ།༽ནས་ཕལ་པའི་ལས་དང་གདོལ་གཏམ་ལ། །
ཞེན་པའི་ར་རི་ཡོངས་སུ་བཏང་བ་ལས། །
མཁས་མང་མགུ་བའི་བསྟན་བཅོས་སྐྱེ་མཆེད་གཟུགས། །༼འཐོབ་བྱེད་ཀྱི་རྒྱུ།༽
གསལ་པོར་འཆར་བའི་མེ་ལོང་འདི་ལྟར་ཐོབ། །
རྒྱུ་འབྲས་མི་བསླུར་ངེས་པའི་རྩ་གསུམ་མཐུ། །༼འཐོབ་བྱེད་ཀྱི་རྒྱུ་དང་གཟུགས་ཅན་འདྲེན་པ།༽
ཁོངས་ནས་རྒྱས་པའི་བློ་མིག་གདོང་ལྔ་པ། །
ལུང་རིགས་རལ་པ་གསིག་ན་བདེན་པའི་གཏམ། །
ཀུན་མཁྱེན་རྒྱུ་འདི་ལེན་པའི་གཏན་ཚིགས་གྲུབ། །
ཐོས་བསམ་སྒོམ་པའི་རིན་ཆེན་ཐེམ་སྐས་ལ། །
ཞུགས་ན་སྐུ་བཞིའི་གྲོང་ཁྱེར་ཉམས་དགའ་བར། །
ཚིག་རྗེ་ཆོས་ཀྱི་འཁོར་ལོས་དབང་སྒྱུར་བའི། །
རྒྱལ་ཐབས་རིན་ཆེན་ཁྲི་ལ་འཛེག་པར་ངེས། །
དེ་ཕྱིར་གསུང་རབ་སྒོ་བརྒྱ་འབྱེད་ནུས་པའི། །
གངས་ཅན་བརྡ་དག་ཕྱི་མོའི་བདུད་རྩི་འདི། །
མགྲིན་པའི་བར་དུ་ངོམས་པར་འཐུངས་ཤིག་དང་། །
ཚིག་དོན་སྙིང་ག་རོ་ཙར་ཅིས་མི་བགྱིད། །
དེ་ལྟའི་༼ཡན་ལག་གཅིག་པའི་གཟུགས་ཅན།༽བསྟན་བཅོས་ཆེ་འདིར་རང་གཞན་གྱིས། །
འབད་པའི་ལས་བྱས་ཟླ་བ་དག་པའི་སྤུན། །
རབ་འབྱམས་ཞིང་གི་མགོན་པོའི་སྤྱན་སྔ་རུ། །
མཆོད་པའི་སྤྲིན་དུ་དབུལ་ན་ལེགས་ཐོབ་དགོས། །
གངས་ཅན་གདུལ་བྱའི་གཉེན་གཅིག་ཐམས་ཅད་མཁྱེན། །
རྒྱལ་ཀུན་ཡེ་ཤེས་ནུས་པའི་རང་གཟུགས་ཆེ། །
རིགས་བརྒྱའི་ཁྱབ་བདག་ཕྱག་ན་པད་དཀར་འཆང་། །༼ཡོན་ཏན་རང་བཞིན་བརྗོད་པ།༽
བསྐལ་བརྒྱར་རྡོ་རྗེའི་ཁྲི་ལ་ཞབས་པད་བརྟན།
།
ནོར་འཛིན་༼ལྡན་པའི་གཟུགས་ཅན།༽ཆོས་བཞིན་སྐྱོང་བའི་མི་ཡི་དབང་། །
ས་ལ་དགེ་བཅུའི་བཀྲ་ཤིས་པད་མའི་ཁ། །
འབྱེད་མཁས་བསོད་ནམས་དཔུང་པའི་སྣང་བྱེད་ཀྱིས། །
སྐྱེ་དགུ་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཞིང་། །
བདག་གཞན་༼འགལ་བའི་གཟུགས་ཅན།༽ཐོག་མེད་ནས་བསགས་མ་རིག་སྨག།
ལས་ཉོན་སྒྲིབ་པའི་ཚོགས་ཀུན་ཉེར་བཅོམ་ནས། །
ཚོགས་གཉིས་ད་ཟླ་བའི་དཀྱིལ་འཁོར་ཡོངས་གང་སྟེ། །
མ་རྣམས་དོན་དུ་ཀུན་མཁྱེན་མྱུར་ཐོབ་ཤོག།
གསུང་རབ་གདེངས་ཅན་ཟས་ཀྱིས་རབ་མྱོས་པའི། །
མང་ཐོས་མཁའ་ལ་ལྡིང་བའི་དབང་པོ་བདག།
ལྔ་པའི་ཞུགས་ཀྱིས་བསྲེགས་ཀྱང་༼གཏམ་རྒྱུད་དང་སྦྱར་བའི་གཟུགས་ཅན་གྱི་ཤིས་བརྗོད།༽ལེགས་བཤད་སྙིང་། །
དག་པའི་བཻཌཱུརཡ་དེ་འབར་གྱུར་ཅིག།
ཕན་དང་བདེ་བ་ཀུན་གྱིས་རྩ་བ་བུ་རམ་ཤིང་པའི་བསྟན་པ་གང་། །
ཚིག་མཐའི་ལམ་ཡངས་རགས་པའི་ལུས་སུ་གྲུབ་ཀྱི་བར་དུ་རབ་འཕེལ་ཞིང་། །
དཀོན་༼ཤིས་བརྗོད་ཀྱི་རྒྱན།༽མཆོག་རྒྱལ་བ་རྒྱ་མཚོས་བདག་སོགས་ཚེ་རབས་ཀུན་ཏུ་རྗེས་འཇུག་སྟེ།
།
རྒྱལ་བའི་ཆོས་འདིར་ལོངས་སུ་སྤྱོད་པ་སྐལ་བཟང་རྟག་ཏུ་མྱོང་གྱུར་ཅིག། །
ཅེས་གངས་ཅན་གྱིས་འདྲེན་པ་གཅིག་པུ་པ་འཇམ་མགོན་ཐུ་མི་སམྦྷོ་ཊས་ལེགས་པར་གསུངས་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ལ་སྔོན་ནས་འགྲེལ་བཤད་མཛད་པོ་ཆེས་མང་བར་གྱུར་པས་དར་ཞིང་རྒྱལ་མོད་ནའང་། སྟོན་པའི་བསྟན་པ་གསུང་རབ་རིན་པོ་ཆེ་དག་པར་བྱ་བ་ལ་འབད་པ་ནི་སངས་རྒྱས་ལ་དྲིན་དུ་གཟོ་བ་ཡིན་པར་འཕགས་པ་རྒྱ་ཆེར་རོལ་པ་སོགས་ལས་གསུངས་ལ།
དེའི་ཐབས་སུ་གྱུར་པ་ནི་ལེགས་བཤད་འདི་ཉིད་ལ་འཆད་ཉན་ཐོས་བསམ་གྱི་སྒོ་ནས་གཏན་ལ་འབེབས་པ་ཁོ་ན་གལ་ཆེ་བར་ངེས་པར་སྙིང་ལ་བརྣགས་ཤིང་།
ཉེ་ཆར་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སེང་གེའི་ཁྲི་དྲུག་པ་བ་སོ་ཆོས་ཀྱི་རྒྱ་མཚན་གྱི་མཆོག་གི་སྤྲུལ་པའི་སྐུ་མཁྱེན་བརྩེ་ནུས་པའི་བདག་ཉིད་རྗེ་དྲུང་རིན་པོ་ཆེ་ངག་དབང་དཀོན་མཆོག་ཉི་མའི་ཞབས་ཀྱི་བཀའ་སྩལ་ནོར་བུའི་ཕྲེང་བ་སྤྱི་བོར་ལྷུངས་པ་དང་།
སའི་དབང་ཕྱུག་ཆེན་པོའི་དྲུང་ཡིག་པ་ཤེས་བྱ་མཐའ་དག་ལ་གཟིགས་པ་ཡངས་ལ། བསྟན་བཅོས་ཆེན་པོ་འདི་ཉིད་ཀྱི་དགོངས་དོན་མ་ལུས་ཐུགས་སུ་ཆུད་པས་གངས་ཅན་འདིར་གྲགས་པའི་བརྡ་དག་སྨྲ་བ་ལ་བསྙེངས་པ་བྲལ་ཞིང་འཆུས་པ་དར་བརྩོན་གྱི་དཔོན་བརྒྱུད་དུ་གྱུར་པ་ཞལ་ངོ་ཆང་ཁྱིམ་ནས་དང་།
རིག་བྱེད་དུ་མ་ལ་བྱང་ཞིང་དབྱངས་ཅན་མགྲིན་པར་འཁྲོལ་བ་ལ་ཟླ་བྲལ་མཁྱེན་སྤྱོད་ཅན་བསྟན་འཛིན་དབང་པོ་སོགས་རང་གིས་གཞུང་ལུགས་འདི་ཉིད་ཁྲིད་པའི་སློབ་བུ་འགའ་ཟུང་གིས་ཀྱང་འགྲེལ་པ་ཞིག་བྱས་ན་ལེགས་ཚུལ་རིམ་པར་གསུངས་ཤིང་།
ཁྱད་པར་བརྡ་སྤྲོད་སྡེབ་སྦྱོར། རྩིས་རིགས་སྐར་ནགསྙན་ངགབརྡ་དག་སོགས་རིག་བྱེད་དུ་མ་ལ་ཐུགས་བྱང་བའི་མཛའ་བཤེས་དམ་པ་གྲུབ་རྒྱལ་གླིང་ནས་བློ་བཟང་དངོས་གྲུབ་ཀྱིས་གཞུང་ལུགས་འདི་ཉིད་ཚིག་དོན་མཐར་ཆགས་སུ་དཔྱིས་ཕྱིན་པར་གསན་པའི་སྐབས་ནན་གྱིས་བསྐུལ་བ་དང་ཟིན་བྲིས་སུ་འདེབས་པའི་ཡི་གེའི་མཐུན་རྐྱེན།
ཞུས་དག་པའི་གྲོགས་སོགས་གང་ཅིར་འབད་པ་ཆེན་པོ་མཛད་པ་ལ་བརྟེན་ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའི་བཀའ་འབངས་ཀྱི་ཐ་ཤལ་བ་མང་དུ་ཐོས་པར་རློམ་ཞིང་།
ཐ་སྙད་རིག་པའི་གནས་ཆ་ཙམ་རིག་པ། ཤཱཀྱའི་དགེ་སློང་དཀོན་མཆོག་ཆོས་གྲགས་ཀྱིས་རྗེས་ཞ་ལུ་ལོ་ཙཱ་བ་ཆེན་པོའི་ཊཱི་ཀ་དང་།
གསུང་གཙོ་བོར་བཟུང་། དབུས་པ་བློ་གསལ། ལོ་ཆེན་ནམ་བཟང་། སྣར་ཐང་པ་སངྒྷ་ཤྲཱི། ཡར་འབྲོག་པ་རིན་ཆེན་ཏོགདགེ་ཡེ་བ་ཚུལ་ཁྲིམས་སེང་གེཔཎ་ཆེན་གསེར་མདོག་ཅན་པ།
དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བ་བློ་གྲོས་རྒྱལ་པོ། རབ་འབྱམས་སྨྲ་བ་ཆོས་རྒྱལ། འོལ་བ་རབ་འབྱམས་པ།
སྨན་ལུང་པ་ཆེན་པོ་བློ་མཆོག་རྡོ་རྗེ། ཞ་ལུ་པ་ཆོས་ལེགས། གཏིང་སྐྱེས་ཚོགས་གསོག་རྣམས་ཀྱི་སུམ་རྟགས་ཀྱི་ཊཱི་ཀ་དང་།
བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་དང་། ཀུན་མཁྱེན་གོ་རམས་པའི་སུམ་ཅུ་པའི་འགྲེལ་པ། སྟག་ལུང་པ་ཆོས་རྗེ།
རབ་འབྱམས་པ་རྣམ་གྲོལ། ཁ་རག་སྤྲུལ་སྐུ། དྲུང་ཡིག་འཇམ་དབྱངས་པ་ལ་སོགས་པའི་དྲི་བ་དྲི་ལན་རྣམས་ཀྱི་ལེགས་ཆ་བླངས།
རང་བློས་གང་དཔོགས་ཀྱི་ལེགས་པར་བཤད་པས་ཟུར་རྒྱན། དཔེར་བརྗོད་སོགས་ཡི་གེར་འདྲི་བའི་ངལ་བ་ལ་མ་འཛེམས་པར་བཀླགས་པ་ཙམ་གྱིས་བདེ་བླག་ཏུ་རྟོགས་པའི་གཞན་ཕན་འབའ་ཞིག་གི་བསམ་པ་ལྷུར་བླངས་ཏེ།
རང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་རྔ་ཆེན་ལོ་ལ་དབུ་བརྩམས་ཤིང་ཁྲག་སྐྱུག་ལོའི་ནག་པ་ཟླ་བ་སྔོན་མའི་ཡར་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་ཕོ་བྲང་དམར་པོ་རིའི་མགུལ་དུ་ཉེ་བར་སྦྱར་བ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་འཕེལ་བར་གྱུར་ཅིག
བརྗོད་པ་རྣམ་དག་འདབ་རྒྱ་ཉེར་གྲོལ་སྒོར། །
དྷཱིཿཡིག་ཞུན་འཁྱིལ་ལྕེ་ཡིས་སྣང་སྲིད་ཆོས། །
སྒྲ་དོན་ཉམས་འགྱུར་སྟོན་མཁས་ལྷ་ཡི་བླ། །
ངུར་སྨྲིག་གོས་སུ་ཀླུབས་པར་ད་གདོད་ཁུམས། །
ཕ་རོལ་འབྲིད་ཐབས་གནས་ལུགས་རྟོགས་རྫུ་ལ། །
བལྟོས་མིན་ངེས་པར་ཐུབ་བསྟན་རིན་པོ་ཆེར། །
སྨད་བྱུང་སྲིད་ཞུར་གངས་ཅན་བརྡ་དག་གི།
གཙུག་ལག་སྔོན་མེད་ལེགས་བཤད་འདི་ན་མཆིས། །
སྐྱེ་དགུའི་བདག་པོས་འཇིག་རྟེན་ཁམས་ཡོངས་ལ། །
གང་འཚམ་སྐལ་སྦྱིན་དཔལ་འབྱོར་མངའ་ཐང་ལས། །
ཕྱི་ནང་སྣོད་བཅུད་དངོས་ཀུན་རྫོགས་ལྡན་གྱི། །
དུས་གནས་ཕུན་ཚོགས་དགའ་སྟོན་ཆེས་ཆེར་དངོམ། །
བྱ་རིགས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ཚིག་དོན་གཞན་ལས་ཁྱད་པར་འཕགས་ཚུལ་དང་བཅས་ཕུན་གླིང་པར་ཞུས་ཡར་འབྲོག་པ་དགེ་སློང་བློ་གྲོས་བརྟན་པ།
རྩེ་སྐོར་བ་དགེ་སློང་བློ་གསལ་མཁས་པ་བཀྲ་ཤིས་གླིང་པ་དགེ་སློང་སྨྲ་བའི་དབང་ཕྱུག་གསུམ་གྱི་ངོར་བར་དུ་བརྐོས་པའི་ཚེ་རྩོམ་པ་པོས་པར་བྱང་དགོས་ཚུལ་བཞིན་གདོང་དྲུག་བསྙེམས་པའི་ལང་ཚོས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཨརྠ་སིདྡྷིརསྟུ།
།སརྦ་མངྒལཾ། །བཀྲ་ཤིས། །ཞལ་གྲོ། དགེའོ། །