Wednesday, January 30, 2013

གྲྭ་རྐྱང་དང་མི་ཚེ།


དེབ་སྨྱུག་གི་བསླུ་བྲིད་འོག་ནས་མཛེས་མ་དང་རྒྱུ་ནོར་མ་ཐོབ་པའི་གྲྭ་རྐྱང་ཞིག་ད་དུང་ཡང་གང་ཡང་མེད་ཅིང་ཅི་ཡང་འཐོབ་རྒྱུ་མེད་པའི་འཇིག་རྟེན་དེར་ད་དུང་ཡང་བཞུད་དོན་ཅི་ཡིན།




  • Beri Palden Namgyal ལགས་སོ། ཐུགས་རྗེ་ཆེ། གྲོགས་མཆོག་ལགས། 
    རྒྱུ་ནོར་མེད་པས་མཛེས་མ་མ་འཁོར་ལ།། 
    རྣམ་པ་མེད་པས་བུ་མོས་ཡ་མ་བྱས།། 
    གང་ཡང་མེད་པའི་གྲྭ་རྐྱང་མི་ཚེ་འདིར།། 
    ཅི་ཡང་མེད་འདི་བསོད་ནམས་ཉིད་དུ་སྒོམ།།
  • Palgun Dawa དེ་ནི་ལྗིད་ཏིག་ཏིག་གི་བག་ཆགས་ཀྱི་གྲུ་ཁ་ཞིག་ནས་ཐར་མ་ཐུབ་པས་ལན། འདི་ལ་ནམ་ཡང་ཁེར་རྐྱང་ལས་མཐུན་གྲོགས་ཤིག་གི་རོ་བཅུད་མྱོང་ཐབས་བྲལ།
  • Beri Palden Namgyal ལགས་སོ། རྒན་བྱམས་ཕྱུག་ལགས། 

    ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡིས།། 
    རྗེས་སུ་བཟུང་ཞིང་ཚུལ་ཁྲིམས་དྲི་ངད་ཀྱིས།། 
    ཀུན་ཏུ་ཁྱབ་ཏེ་འགྲོ་བ་ཀུན་གྱི་དོན།། 
    སྒྲུབ་པའི་སྐྱེས་བུ་ཉིད་དུ་འགྱུར་བར་སྨོན།།
  • Palgun Dawa ་་་་་་་་
    ཚེ་རབས་ཀུན་ཏུ་མཛེས་མའི་ལང་ཚོ་ལ།། 
    རྗེས་སུ་བཟུང་ནས་ལུས་དང་གྲིབ་ནག་བཞིན། 
    ནམ་ཡང་འབྲལ་མེད་བག་ཆགས་ཟབས་མོ་དེ།། 
    འདི་ཕྱི་གཏན་གྱི་འདུན་མ་འགྲུབ་པར་ཤོག།
  • Beri Palden Namgyal སྤུ་གྲི་རྣོན་པོ་སྐེ་རྩར་བཞག་ན་ཡང་།།་
    བུ་མོ་ཟེར་བའི་གཡོ་སྒྱུའི་བདག་མོ་དེར།། 
    ལག་པས་རེག་པ་ཙམ་ཡང་མི་བྱེད་པར།། 
    རྟག་ཏུ་སྡོམ་བཙུན་བརྟུལ་ཞུགས་འཆང་བར་ཤོག།་
    ཧཧ
    47 minutes ago · Like · 1
  • Beri Palden Namgyal ཨོ། རྒན་ཟླ་བ་ལགས། 
    བརྟན་ཅིང་ཟབ་པའི་བག་ཆགས་དེས་ང་ཚོ་ནམ་ཡང་དམ་དུ་བསྡམས་ནས་འགུལ་བསྐྱོད་མི་ཐུབ་པའི་ཚོད་དུ་སྣང་། 
    བག་ཆགས་ཀྱི་འཕར་འཚག་རེ་རེ་རྒྱག་དུས་ད་གཟོད་གཞིས་ནས་རང་ཉིད་བག་ཆགས་ལས་གྲུབ་ཅིང་། བག་ཆགས་སད་སྟོབས་ཀྱིས་བྱུང་བའི་སྐྱེས་བུ་ཞིག་ཡིན་པ་ཚོར་ལ། གང་སྣང་ཐམས
    ...See More
  • Palgun Dawa ་་་་་་་
    དམ་བཅའ་འགྱུར་མེད་སྤུ་གྲིས་གཅོད་དོག་མེད།། 
    འོན་ཀྱང་མཛེས་མའི་ཆང་གིས་བཟི་གྱུར་ན།། 
    སྤུ་གྲི་མནོན་པོ་དགུ་ལས་ལྷག་པས་མཚོན།། 
    ཁྱེད་ཀྱི་སྐེ་མ་ཕོད་དུས་མ་འགྱེལ་ཞིག།
  • Beri Palden Namgyal མཛེས་མའི་ཚོགས་ཀྱིས་བསྐོར་བའི་དཀྱི་ལ་འཁོར་ན།། 
    ཟུར་མིག་སྒེག་ཉམས་ངོམས་པའི་དོ་ར་ན།། 
    ལོ་དང་ཟླ་བ་འགའ་ཤས་བསྡད་ན་ཡང་།། 
    ཕྲ་ཆུང་མིག་གི་དབང་པོ་འགུལ་ཙམ་ལས།། 
    ནང་སེམས་ཏིང་འཛིན་དྲིལ་བུ་དཀྲོགས་ནུས་མིན།།
  • Palgun Dawa ་་་་་་་
    བག་ཆགས་སད་སྟོབས་འོད་སྣང་ལྡན་ཟེར་ཡང་།།
    འོན་ཀྱང་མཛེས་མའི་བྲང་གི་བག་ཆགས་དེ།། 
    རེག་པས་ཚེ་ན་འོད་སྣང་མ་ལུས་སྟེར།། 
    དེ་འདྲའི་བག་སད་འོད་སྣང་ལྡན་པར་ཤོག།།
  • Beri Palden Namgyal མཛེས་པའི་རྣམ་པ་ཟེར་བ་འཁྲུལ་ངོར་ཙམ།། 
    དགའ་དང་བརྩེ་ཞེས་བརྗོད་པའང་སེམས་ཚོར་ཙམ།། 
    དོན་དམ་རིགས་པའི་བློ་ཡིས་དཔྱད་པ་ན།། 
    ཐམས་ཅད་སྟོང་པའི་དབྱིངས་སུ་ནུབ་པར་འགྱུར།།
  • Palgun Dawa ་་་་་་་
    མཛེས་མའི་ཚོགས་པའི་དབུས་ཀྱི་བེན་ཆུང་འགས།།
    ཟུར་མིག་ཕྲ་ཆུང་བྲང་དང་རྐུབ་ལ་ཕྱོགས།། 
    ནང་སེམས་གཏིང་འཛིན་དྲིལ་བུ་རྔུལ་ནག་ཤོར།། 
    དེ་འདྲའི་ཏིང་འཛིན་རང་དུ་ཨེ་ཡོད་ན།།
  • Beri Palden Namgyal མིག་ཟུང་རྐུབ་ལ་ཤོར་བ་ཐུགས་ཁག་མེད།། 
    དེང་རབས་བུ་མོའི་གཟུགས་དབྱིབས་ཤིན་ཏུ་མཚར།། 
    མིག་ཟུང་ལག་པས་བཀབ་ཀྱང་བུ་མོ་འགས།། 
    བན་ཆུང་ང་ཚོའི་འགྲམ་དུ་ངོམས་ནས་ཡོང་།།
  • Palgun Dawa ་་་་་་་་་་་་་་་་་་་་
    མཛེས་མའི་རྣམ་པ་ཡུལ་གྱི་སྣང་ངོར་གྲུབ།།
    དགའ་ཞེན་བརྩེ་བ་སེམས་ཀྱི་གཏིང་ནས་བསྐྱེས།།
    དོན་དམ་རྣམ་དཔྱོད་ཕྲ་མོས་ཇི་དཔྱད་ཀྱང་།།
    ཐམས་ཅད་ཆགས་ཞེན་ཁོ་ནའི་དབང་དུ་སོང་།།
  • Beri Palden Namgyal མཚམས་རེར་མགོ་བོ་སྒུར་ནས་སྒོམ་སྟེ་བསྡད།། 
    ལན་རེར་བཟོད་ཐབས་བྲལ་ནས་ཡར་ལ་ལངས།། 
    ཕར་ལྟ་ཚུར་ལྟ་བྱས་དུས་མི་མེད་ན།། 
    ག་ལེར་མིག་ཉུལ་ཙམ་ཞིག་བྱེད་བཞིན་ལགས།།་
  • Beri Palden Namgyal བུ་མོའི་མཛེས་སྡུག་ལྡན་པའི་རྣམ་པ་དང་།། 
    བུ་རྒོད་དྭངས་གཙང་སེམས་ཀྱི་བརྩེ་དུང་གཉིས།། 
    ལྷན་དུ་འཐབ་དུས་དོན་དམ་རིགས་པ་ཡང་།། 
    རེ་ཞིག་བར་དུ་རྒྱང་ལ་བྲོས་ལ་ཐད།།
  • Palgun Dawa ་་་་་་་་་་་་
    དགའ་ཞེན་བརྩེ་བ་ལྕགས་དང་ཁབ་ལེན་རྡོ།། 
    ཐུན་མོང་གཉིས་ཀས་ཤུགས་ཀྱིས་གྲུབ་པ་ལས།།
    དོན་མེད་མཛེས་མའི་རྐུབ་དང་ནུ་མ་སོགས།། 
    བན་ཆུང་སྐྲ་མེད་མདུན་དུ་ངོམ་དོན་མེད།།
  • Palgun Dawa འཛིན་གྲྭ་འགྲོ་རན་སོང།
  • Beri Palden Namgyal ཡུན་རིང་སྦས་པའི་ནོར་བུ་རྩ་ཆེན་གྱི།། 
    བྲོ་བ་དེ་ནི་གཞན་དང་མི་འདྲ་བས།། 
    དེ་ཉིད་མི་འདོད་མཛེས་མ་སུ་ཞིག་ཡོད།། 
    དེ་སླད་འཚང་ཁ་ཡོད་པ་སྨྲོས་ཅི་དགོས།།
  • Beri Palden Namgyal ཡཡ། ཧཧཧ། རྗེས་སུ་མཇལ་ཡོང།་