Tuesday, November 13, 2012

Laughter as a Meditation


Osho on Laughter as a Meditation - Starting and Ending day with Laughter
མཁས་དབང་ཨོ་ཤོའི་གད་མོའི་སྒོམ་སྒྲུབ། ཉིན་མོ་འདི་གད་མོས་མགོ་འཛུགས་ཤིང་གད་མོས་མཇུག་སྡུད་དགོས།



Osho - Laughter brings strength. Now, even medical science says that laughter is one of the most deep-going medicines nature has provided man with. If you can laugh when you are ill you will get your health back sooner. If you cannot laugh, even if you are healthy, sooner or later you will lose your health and you will become ill.
 ཨོ་ ཤོས་གསུང་དོན་དུ། གད་མོས་རང་ཉིད་ལ་སྟོབས་ཤུགས་སྦྱིན་པ་ཡིན། དེང་རབས་སྨན་གྱི་ཚན་རིག་པས་ཀྱང་། གད་མོ་ནི་མི་བུ་རང་ཉིད་དུ་ལྷན་སྐྱེས་སུ་གྲུབ་པའི་རང་བཞིན་བཅོས་མིན་གྱི་སྨན་ སྦྱོར་ལེགས་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ་རང་ཉིད་ནད་ཀྱིས་མནར་བཞིན་པ་ཡིན་ཚེ་གད་མོ་རྒོད་པ་ལ་བརྟེན་ནས་རང་ཉིད་ ཀྱི་ནད་མནར་མྱུར་དུ་དྲག་སྐྱེད་འབྱུང་ཐུབ། གལ་ཏེ་རང་ཉིད་གད་མོ་མ་རྒོད་ཚེ། རང་ཉིད་ད་ལྟ་གཟུགས་གཞི་ཐང་པོ་ཞིག་ཡིན་ན་ཡང་། མགྱོགས་མྱུར་ངང་རང་ཉིད་ཀྱི་ལུས་སྟོབས་ཉམས་ཤིང་ནད་ཀྱིས་གདུང་ངེས་ཡིན།



Laughter brings some energy from your inner source to your surface. Energy starts flowing, follows laughter like a shadow. Have you watched it? When you really laugh, for those few moments you are in a deep meditative state. Thinking stops. It is impossible to laugh and
think together.
 གད་ མོས་རང་ཉིད་ལ་ནང་བསམ་བློའི་སྟོབས་ཤུགས་ཤིག་བསྐྲུན་ལ། སྟོབས་ཤུགས་དེ་ནི་གད་མོའི་གྲིབ་ནག་དང་འདྲ་བར་གད་མོའི་རྗེས་སུ་འབྲང་ངེས། དེ་ལྟ་བུ་ཞིག་ལ་དཔྱད་ཞིབ་གནང་མྱོང་ངམ། གལ་ཏེ་ཁྱེད་ཉིད་སེམས་གཏིང་ནས་གད་མོ་ཞིག་ཤོར་ཚེ། དེ་སྐབས་རང་ཉིད་ནི་ཆེས་ཟབ་པའི་ཏིང་ངེ་འཛིན་ནམ་སྒོམ་སྒྲུབ་ཅིག་གི་ནང་ཡོད་ རེད། དེའི་ཕྱི་རོལ་གྱི་ཡུལ་སྣང་གི་དྲན་པ་དེ་འགག་འགྲོ་བ་ཡིན་ལ། དྲན་པ་དེ་དང་གད་མོ་གཉིས་ནི་ནམ་ཡང་ལྷན་ཅིག་ཏུ་གནས་ཐབས་མེད་པ་ཞིག་རེད།  



When you really laugh, suddenly mind disappears. And the whole Zen methodology is how to get into no-mind -- laughter is one of the beautiful doors to get to it. As far as I know, dancing and laughter are the best, natural, easily approachable doors. If you really dance,thinking stops. You go on and on, you whirl and whirl, and you become a whirlpool -- all boundaries, all divisions are lost.
 གལ་ཏེ་ཁྱེད་ཉིད་སེམས་གཏིང་ནས་གད་མོ་ཤོར་གྱི་ཡོད་ཚེ། གནས་སྐབས་ཤིག་གི་རིང་བསམ་བློའི་འཆར་སྣང་དེ་ཡལ་འགྲོ་བ་ཡིན་ལ། ཟེན་ Zen རིག་ པའི་གཞུང་ལུགས་ཀྱི་ནང་དུ། ཅི་ཡང་ཡིད་ལ་མི་བྱེད་པའི་རྣམ་གཞག་དེ་འདི་རེད། གད་མོ་ནི་དེ་ལྟ་བུའི་བསམ་བློ་སྒོ་འབྱེད་ཀྱི་ཆ་ཤས་ལེགས་ཤོས་དེ་རེད། ངས་ཤེས་པ་ལྟར་བྱས་ན། གཞས་འཁྲབ་པ་དང་། གད་མོ་ཤོར་བ་ནི། ལས་སླ་ཞིང་རང་བཞིན་བཅོས་མིན་གྱི་བསམ་བློའི་འཇུག་སྒོ་ལེགས་ཤོས་དེ་རེད། གལ་ཏེ་ཁྱེད་ཉིད་སེམས་གཏིང་ནས་གཞས་གཏོང་བ་ཡིན་ན། ཁྱེད་ཀྱི་བསམ་བློ་དེ་འགག་འགྲོ་བ་ཡིན། ད་དུང་ཁྱེད་ཉིད་དེ་གར་མུ་མཐུད་ནས་འཇུག་པ་ཡིན་ན། ཁྱེད་ཉིད་དེའི་ནང་འཁོར་ངེས་པ་ཡིན་ལ། འཁོར་འཁོར་ནས་ཁྱེད་ཉིད་མཚོ་འཁོར་ཞིག་དང་གཉིས་སུ་མེད་པར་འགྱུར་ངེས། དེའི་སྐབས་ས་མཚམས་དང་། དབྱེ་འབྱེད་ཀྱི་བསམ་བློ་དེ་ཡོངས་སུ་ཡལ་འགྲོ་བ་ཡིན།


In a few Zen monasteries, every monk has to start his morning with laughter, and has to end his night with laughter -- the first thing and the last thing! You try it. It is very beautiful.
ཟེན་ Zen གྱི་ དགོན་པ་ཁ་ཤས་ཀྱི་ནང་དུ། གྲྭ་པ་ཀུན་གྱིས་ཞོགས་པར་ལང་དུས་གད་མོ་རྒོད་ནས་ལང་དགོས་པ་དང་། མཚན་མོར་གད་མོ་རྒོད་ནས་ཉལ་དགོས་པ་ཡིན། དེ་ནི་ཉིན་མ་གཅིག་གིི་ཐོག་མཐའ་གཉིས་ཀྱི་བྱ་བ་ཞིག་རེད། ཁྱེད་རང་གིས་འདི་ཚོད་བལྟ་ཞིག་གནང་དང་། འདི་ནི་དངོས་གནས་ཡག་པོ་ཞིག་ཡོད་རེད།

It will look a little crazy -- mm? -- because so many serious people are all around. They will not understand. If you are happy, they always ask why. The question is foolish! If you are sad, they never ask why. They take it for granted -- if you are sad, it's okay. Everybody is sad.
གཅིག་ བྱས་ན། བྱ་སྤྱོད་འདིས་རང་ཉིད་སྨྱོན་པ་ལྟ་བུ་ཞིག་ཏུ་མཐོང་སྲིད། མ་རེད་དམ།   གང་ཡིན་ཟེར་ན། མི་མང་སྤྱི་བཏང་བ་མང་པོ་ཞིག་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་རེད། ཁོང་ཚོས་གང་ཡང་ཤེས་ཀྱི་མ་རེད། གལ་ཏེ་ཁྱེད་ཉིད་སྐྱིད་པོ་ཞིག་ཡོད་ཚེ། ཁོང་ཚོས་ཁྱེད་ཉིད་སྐྱིད་པོ་ཡོད་པའི་རྒྱུ་མཚན་འདྲི་ངེས་རེད། དྲི་བ་དེ་ནི་གླེན་རྟགས་ཤིག་རེད། གལ་ཏེ་ཁྱེད་སྡུག་པོ་ཞིག་ཡོད་ཚེ། ཁོང་ཚོས་དེའི་སྐོར་ནམ་ཡང་འདྲི་མི་སྲིད། ཁོང་ཚོས་དེ་ནི་སྤྱི་བཏང་ཞིག་ཏུ་བརྩི་བ་དང་། གལ་ཏེ་ཁྱེད་ཉིད་ལ་དཀའ་ངལ་ཞིག་འཕྲད་ཚེ། ཁོང་ཚོས། དེ་ནི་གང་ཡང་མེད་པར་མི་ཀུན་ལ་རང་ཆས་སུ་ཡོད་པའི་ཆ་ཤས་སུ་རྩི་བ་ཡིན།
What is new in it? Even if you want to tell them, they are not interested because they know all about it, they themselves are sad. So what is the point of telling a long story? -- cut it short!

 དེའི་ ནང་ན་གསར་པ་ཅི་ཞིག་འདུག གལ་ཏེ་ཁྱེད་ཀྱིས་ཁོང་ཚོ་ལ་འདྲི་བ་ཡིན་ན། ཁོང་ཚོ་རང་ཉིད་སྡུག་གི་ནང་ཡོད་སྟབས་ཁྱེད་ཀྱི་དྲི་བ་ལ་དོ་སྣང་གང་ཡང་མི་བྱེད། དེའི་ཕྱིར། གཏམ་རྒྱུད་རིང་པོ་དེ་འདྲ་བཤད་དགོས་དོན་ཅི་ཞིག་ཡོད། དེ་དེ་ག་རང་དུ་མཚམས་གཅད་ན་ལེགས།
But if you are laughing for no reason, then they become alert --something has gone wrong. This man seems to be a little crazy because only crazy people enjoy laughter; only in madhouses will you find crazy people laughing. This is unfortunate, but this is so.
གལ་ཏེ་ཁྱེད་ཉིད་རྒྱུ་མཚན་གང་ ཡང་མེད་པར་གད་མོ་ཤོར་ཚེ།  དེ་སྐབས་ཁོང་ཚོས་ཁྱེད་ལ་སྐྱོན་བརྗོད་པ་དེ་དངོས་ཡོད་ཡིན་པ་དང་། ཁྱེད་ལ་གང་ཞིག་ནས་ནོར་འཁྲུལ་བྱུང་ཡོད། དེའི་སྐབས་སུ་མི་བུ་རང་ཉིད་སེམས་ཁམས་ཅུང་མི་བདེ་བ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། སེམས་ཁམས་མི་བདེ་བའི་མི་བུ་དག་ནི་རྒྱུ་མཚན་མེད་པའི་གད་མོ་ལ་དགའ་བ་ཡིན། སྨྱོན་པའི་ཁང་པའི་ནང་དུ་སྨྱོན་པ་རྣམས་རྒྱུ་མཚན་གང་ཡང་མེད་པར་གད་མོ་རྒོད་ བཞིན་པ་མཐོང་ཐུབ། དེ་ནི་སྟབས་མ་ལེགས་པ་ཞིག་རེད། ཡིན་ཡང་དེ་ནི་དེ་འདྲ་ཞིག་རེད།
It will be difficult, if you are a husband or a wife it will be difficult for you to suddenly laugh early in the morning. But try it -- it pays tremendously. It is one of the most beautiful moods to get up with, to get out of the bed with.

 གལ་ ཏེ་ཁྱེད་ཉིད་ལ་བཟའ་ཟླ་ཞིག་ཡོད་ཚེ་ཞོགས་པ་ནས་གད་མོ་རྒོད་རྒྱུ་དེ་ཅུང་དཀའ་བ་ ཞིག་རེད། ཡིན་ཡང་ཐབས་ཤེས་གནང་དང་། འདི་ནི་ངོ་མཚར་ཅན་ཞིག་རེད། འདི་ནི་རང་ཉིད་མལ་ས་ནས་ལང་སྐབས་སེམས་ཀྱི་ཁམས་དང་བར་བྱེད་པའི་ཆ་ལག་ལེགས་པོ་ ཞིག་རེད།






For no reason! because there is no reason. Simply, you are again there, still alive -- it is a miracle! It seems ridiculous! Why are you alive? And again the world is there. Your wife is still snoring, and the same room, and the same house. In this constantly changing world -- what Hindus call the 'maya' -- at least for one night nothinghas changed? Everything is there: you can hear the milkman and the traffic has started, and the same noises -- it is worth laughing for!
 དེ་ ལ་རྒྱུ་མཚན་གང་ཡང་མི་དགོས། གང་ཡིན་ཟེར་ན་དེ་ལ་རྒྱུ་མཚན་གང་ཡང་མེད། དེ་ནི་རང་ཉིད་ད་དུང་ཡང་གསོན་པོ་ཡིན་པ་དང་། དེ་ནི་སྒྱུ་འཕྲུལ་ལྟ་བུ་ཞིག་རེད། འདི་ནི་གབ་ཚིག་ལྟ་བུ་ཞིག་ཏུ་མཐོང་སྲིད། ཁྱེད་ཉིད་ཅིའི་ཕྱིར་གསོན་པ་ཡིན། ད་དུང་འཇིག་རྟེན་འདི་ཅིའི་ཕྱིར་གནས་པ་ཡིན། ཁྱེད་ཉིད་ཀྱི་བཟའ་ཟླ་ནི། སྡོད་ཁང་དེ་གའི་ནང་ད་དུང་ཡང་སྔུར་བ་འཐེན་ཞིང་ཉལ་བསྡད་ཡོད།    ༼འདི་ལ་ཧིན་དྷུ་བ་ཚོས་མ་ཡ་ཞེས་འབོད། ༽བར་མཚམས་མེད་ཅིང་འགྱུར་ལྡོག་མང་བའི་འཛམ་གླིང་འདིར། མཚན་མོ་གཅིག་གི་ནང་འགྱུར་ལྡོག་གང་ཡང་མེད་པར་གནས་ཡོད། སྔར་གྱི་དངོས་པོ་ཐམས་ཅད་དེ་བཞིན་གནས་ཡོད་ལ། ཁྱེད་ཀྱིས་འོ་མ་འཚོང་མཁན་དང་། འགྲིམ་འགྲུལ་གྱི་སྐད་སྒྲ་རྣམས་ཐོས་ཐུབ། ད་དུང་ཟིང་ཆའི་སྐད་སྒྲ་ཡང་ཐོས་ཐུབ། དེ་ནི་གད་མོ་རྒོད་རིན་ཡོད་པ་ཞིག་མ་རེད་དམ།