ཁྱེད་ཉིད་དགེ་རྒན་ཞིག་གནང་འདོད་དམ།
ཁྱེད་ཉིད་དགེ་རྒན་ཞིག་གནང་འདོད་དམ། ཞེས་པའི་དྲི་བ་འདི་རང་ཉིད་ལ་དྲིས་ནས་ཁྱེད་ཉིད་ད་ལྟ་དགེ་རྒན་ཞིག་གི་གོ་བབ་ཐོག་ཡོད་པ་དང་། ཡང་ན་རྗེས་སུ་དགེ་རྒན་ཞིག་གནང་བའི་འདུན་མ་ཡོད་ཚེ་བསམ་ཚུལ་ཐུང་ངུ་འདི་ཀློགས། དེ་མིན་ཚོས་རང་སོར་གཞག་ན་མཛེས།
འཛམ་གླིང་ཟླུམ་པོ་འདིར་མི་ཡི་ལས་རིགས་སྣ་ཚོགས་ཤིག་ཡོད་པ་ལས་དགེ་རྒན་གྱི་ལས་གནས་ནི་ཕན་རླབས་ཆེ་ཤོས་དེ་ཡིན་ལ་ཕྱོགས་གཞན་ཞིག་ནས་བཤད་ན་ཉེན་ཁ་དང་འཇིགས་སྣང་ཆེ་ཤོས་དེ་ཡང་ཡིན། ཕན་རླབས་ཆེ་ཞིང་འཇིགས་སྣང་ཚ་བའི་ལས་གནས་འདི་ཁྱེད་ཀྱིས་འདེམས་འདོད་ན་ཁྱེད་ལ་ཁྱད་ཆོས་ཁ་ཤས་ཤིག་ངེས་པར་དུ་ཚང་དགོས།
དང་པོ། དགེ་རྒན་ཞིག་ལ་ཚང་དགོས་པའི་མ་མཐའི་ཁྱད་ཆོས།
** རང་ཉིད་ཀྱིས་སློབ་ཁྲིད་བྱ་རྒྱུའི་བསླབ་གཞི་དེ་ཉིད་རང་ཉིད་ཀྱིས་སྦྱངས་ཟིན་པ་དང་། དེའི་ཐོག་ཉམས་ཞིབ་འཐུས་ཚང་བྱས་མྱོང་བ་ཞིག་དགོས།
** རང་ཉིད་ཀྱི་ཀུན་སྤྱོད་གང་ལེགས་ཡོད་དགོས་པ་དང་། མ་མཐའ་ཡང་སློབ་མའི་མདུན་དུ་ཀུན་སྤྱོད་ལེགས་པོ་དགོས་པ་ལས་མ་རབས་དང་ཐ་ཤལ་གྱི་སྤྱོད་པ་ནམ་ཡང་མེད་པ་ཞིག་དགོས།
**སློབ་ཕྲུག་ལ་ཕན་སེམས་གནང་བ་ལས་རང་གི་ལྟོ་གོས་ཙམ་གྱི་ཆེད་དུ་ཡིན་པའི་འདུ་ཤེས་ནམ་ཡང་གཟུང་མི་ཉན་ལ། སློབ་ཕྲུག་དང་དེའི་སློབ་སྦྱོང་ནི་རང་གི་མི་ཚེའི་ཆ་ཤས་ཤིག་ཏུ་ངོས་འཛིན་མཁན་ཞིག་དགོས།
**སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་དང་མི་ཚེའི་བརྒྱ་ཆ་མང་པོ་ཞིག་རང་གི་ལག་ཏུ་ཡོད་སྙམ་ནས་སློབ་ཕྲུག་རྣམས་ལ་དུས་ནས་དུས་སུ་ལམ་སྟོན་གནང་དགོས་པ་ལས་རང་གི་ཆེ་མཐོང་ལ་བསམ་ནས་རྫུན་དང་ཧམ་བཤད་ནམ་ཡང་མི་བྱེད་མཁན་ཞིག་དགོས།
**རང་གི་སེམས་སུ་ཕྱོགས་ཞེན་གྱི་ལྟ་བ་ལྡན་ཡང་སློབ་ཁྲིད་སྐབས་ཕྱོགས་ཞེན་གྱི་ལྟ་བ་ཟུར་ཙམ་ཡང་མེད་པར་གཟུར་གནས་ཀྱིས་སློབ་ཁྲིད་བྱེད་རྒྱུ་དང་།
སློབ་མའི་སེམས་སུ་དྭངས་གཙང་གི་ལྟ་བ་ཞིག་ངེས་པར་དུ་འཇུག་ཐུབ་མཁན་ཞིག་དགོས།
**རང་ཉིད་ཀྱིས་སློབ་ཁྲིད་གནང་སའི་ནང་ས་ཆ་དང་ཡུལ་ལུང་འདྲ་མིན་ནས་ཡོད་པས་རང་ཉིད་ཀྱི་ལུང་པའི་སྐད་ཡིན་སྙམ་ནས་ཨ་འཐས་སུ་མི་འཛིན་པར་བོད་ཀྱི་སྤྱིའི་སྐད་བསྐྱོན་ཐུབ་པ་དང་། བསྐྱོད་འདོད་མཁན་ཞིག་དགོས།
**རང་ཉིད་ཀྱིས་མཁྱེན་ཡང་སློབ་ཁྲིད་བྱེད་ཐབས་ཀྱི་ཐབས་ལམ་མི་འདྲ་བ་མང་པོ་ཞིག་ངེས་རུ་མཁྱེན་དགོས་ལ། སློབ་མའི་དབང་པོ་རབ་འབྲིང་ཐ་གསུམ་ལ་གཞིགས་པའི་ཐབས་ལམ་མི་འདྲ་བ་དུ་མ་མཁྱེན་མཁན་ཞིག་དགོས།
**རང་ཉིད་ཀྱིས་སློབ་ཁྲིད་བྱས་ཟིན་པའི་བསླབ་གཞི་རྣམས་སློབ་ཕྲུག་གིས་ཤེས་ཡོད་མེད་ལ་ངེས་པར་དུ་གཟིགས་རྟོགས་བྱེད་པ་དང་། སྐབས་མཚམས་སུ་ངེས་པར་དུ་ཚོད་ལྟའི་རྒྱུགས་ལེན་གནང་མཁྱེན་མཁན་ཞིག་དགོས།
**འཛིན་གྲྭའི་ནང་གི་དབང་པོ་སྐྱོ་བ་རྣམས་ལ་དམིགས་བསལ་གྱིས་ཟུར་ཁྲིད་དང་། དེ་དག་ལ་ལམ་སྟོན་དམིགས་བསལ་བ་གནང་མཁན་ཞིག་དགོས།
**འཛིན་གྲྭའི་ནང་གི་བློ་རིག་ཤིན་ཏུ་རྣོན་པོ་རྣམས་ལ་བསླབ་གཞི་དེ་རང་དུ་མ་བཞག་པར་ཟུར་དུ་སྐབས་མཚམས་ཀྱི་ཚད་མཐོ་བོའི་སློབ་ཁྲིད་གནང་བ་དང་། སློབ་མ་དེ་རྣམས་མཐུན་མོང་མ་ཡིན་པའི་བསྐྱེད་སྲིང་གནང་མཁན་ཞིག་དགོས།
**སློབ་ཚན་དེ་དང་འབྲེལ་བའི་སྒྲུང་འདྲ་མིན་གསུང་མཁྱེན་པ་དང་། སྒྲུང་དང་གཏམ་རྒྱུད་གསུང་པའི་སྐབས་སློབ་མའི་དོ་སྣང་སླེབས་ཐུབ་པ་གནང་མཁྱེན་མཁན་ཞིག་དགོས།
**སློབ་ཚན་ཁྲིད་པའི་སྐབས་སློབ་མ་རྣམས་མཚམས་རེར་ཉོབ་སྣང་སྐྱེ་བ་ན་ཆོབ་འདྲ་གསུང་པ་དང་། སློབ་ཚན་དེ་དང་འབྲེལ་བའི་གཞས་སོགས་གཏོང་དུ་འཇུག་པ། དེ་བཞིན་སློབ་ཚན་དང་འབྲེལ་བའི་གློག་བརྙན་སྐོར་སོགས་གསུང་ནས་སློབ་མའི་ཉོབ་སྣང་མེད་པར་བཟོ་ཤེས་མཁན་ཞིག་དགོས།

ང་ཚོའི་སློབ་གྲྭའི་སློབ་ཚན་ལ་གཞིར་བཟུང་ནས་སློབ་ཁྲིད་བྱེད་ཐབས་དང་སློབ་མ་རྣམས་ཀྱིས་སློབ་སྦྱོང་ཇི་ལྟར་བྱེད་དགོས་ཚུལ་རགས་ཙམ་ཞིག་ཞུ་ན།
བརྡ་སྤྲོད་སློབ་ཁྲིད་བྱེད་སྟངས་དང་སྦྱོང་ཚུལ།
སྐད་ཡིག་གང་ཞིག་གི་ཐོག་སློབ་ཚན་ཇི་འདྲ་ཞིག་སྦྱོང་ཡང་བརྡ་སྤྲོད་ནི་ཐོག་མའི་རྨང་གཞི་དེ་ཡིན་ལ། དེ་ནི་སྐད་ཡིག་རིག་པ་ཡིན་པས་སྐད་ཡིག་ཚད་ལྡན་ཞིག་མི་ཤེས་ན་དེའི་ཐོག་གི་རིག་གནས་བྱེ་བྲག་པ་དེ་ཤེས་ཐབས་མེད་པ་ནི་ཐག་བཅད་ནས་བཤད་ཐུབ། དེས་ན་བརྡ་སྤྲོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པོ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།
ང་ཚོས་བརྡ་སྤྲོད་སློབ་ཁྲིད་བྱེད་སྐབས་དང་པོ་ནས་པྲ་ཏི་དང་སི་ཏུའི་འདོད་པ་འདི་རེད་དེ་མ་རེད་ཅེས་སོགས་ཀྱི་བརྡ་སྤྲོད་སྨྲ་བའི་ལྟ་གྲུབ་ཀྱི་རྣམ་གཞག་ཁོ་ན་བཤད་ནས་སློབ་མས་རྣམ་དབྱེ་ཞེས་པ་དེ་གང་ཞིག་ཡིན་མིན་དང་། གཉིས་པ་བཞི་པ་གཉིས་གང་དང་གང་ལ་སྦྱོར་དགོས་མིན་ཙམ་ཡང་མི་ཤེས་པར་དཀོན་མཆོག་ལ་ཕྱག་འཚལ་ལོ་ཞེས་རྣམ་དབྱེ་གཉིས་བཞི་གང་ཡིན་ཐད་པྲ་ཏི་དང་སིཏུའི་འདོད་པ་སྦྱར་ནས་སློབ་མ་རྣམས་མགོ་རྨོངས་སུ་འཇུག་པའི་གནས་སྟངས་འདི་བོད་ཀྱི་སློབ་གྲྭ་ཁག་ཕལ་ཆེ་བའི་ནང་འདུག
བརྡ་སྤྲོད་ནི་ལག་ལེན་བསྟར་ཐབས་ཤིག་ཡིན་པས་ཐོག་དང་པོར་ཕྲད་དང་རྣམ་དབྱེ་རྣམས་ངོས་འཛིན་ཐུབ་པ་དང་། དེ་ནས་དེ་རྣམས་ཀྱི་སྦྱོར་ཚུལ་ཤེས། དེ་ནས་དེ་རྣམས་བརྗོད་པའི་ནང་འཇུག་ཚུལ་ཤེས། དེའི་རྗེས་གཞིས་ནས་མཁས་པ་དག་གི་འདོད་ཚུལ་སློབ་དགོས་པ་དང་། རྨང་གཞི་བརྟན་པོ་ཞིག་ཡོད་ན་མཁས་པ་དག་གི་འདོད་ཚུལ་ནི་ལས་སླ་བོའི་ཐོག་ནས་ཤེས་ཐུབ། དེས་ན་བརྡ་སྤྲོད་སློབ་ཁྲིད་བྱེད་པའི་སྐབས་ཕྲད་རྣམ་དབྱེའི་སྦྱོར་ཚུལ་ལེགས་པོ་ཞིག་ཤེས་མེད་ན་དེ་ལ་འདོད་ཚུལ་མང་པོ་ཞིག་སློབ་ན་ཕན་ཐོགས་མེད་པར་མ་ཚད་མགོ་རྨོངས་སུ་འཇུག་ནས་ཤེས་སླ་བ་ཞིག་ཤེས་སུ་མི་འཇུག་པར་བྱེད་པ་དང་གཅིག་པ་ཡིན། དེས་ན། བརྡ་སྤྲོད་སློབ་ཁྲིད་སྐབས་ Theory ལྟ་གྲུབ་དང་འདོད་ཚུལ་ལས་ Practical ལག་སྟར་དེ་གཙོ་ཆེ་བར་གཟིགས་ནས་བརྡ་སྤྲོད་ནང་གི་ཕྲད་རྣམ་དབྱེ་སོགས་ཀྱི་སྦྱོར་ཚུལ་རྣམས་དཔེར་བརྗོད་མང་ཙམ་གཞག་ཏུ་བཅུག་ནས་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་དགོས། དེ་ལྟར་མིན་ན་ང་ཚོས་འཛིན་གྲྭ་གསུམ་པ་ཙམ་ནས་སུམ་རྟགས་སྦྱོང་མགོ་ཚུགས་ཤིང་། སློབ་གྲྭ་ཐོན་པའི་སྐབས་སུའང་ད་དུང་རྣམ་དབྱེ་གསུམ་པ་དྲུག་པའི་ཁྱད་པར་ཙམ་མ་ཤེས་པར་ལུས་འདུག་པ་དེ་ནི་ཆེས་ཐོག་མའི་བརྡ་སྤྲོད་སློབ་ཁྲིད་ཀྱི་སྲིད་ཇུས་མ་འགྲིགས་པའི་དབང་གིས་བྱུང་བ་ཡིན་པས། ངེས་པར་དུ་སྲིད་ཇུས་གཏན་འབེབས་དགོས་པ་དང་། དེའི་ཐོག་ནས་སློབ་མའི་བརྡ་སྤྲོད་ཀྱི་ཤེས་ཚད་མཐོ་ཏུ་གཏོང་ཐུབ་རྒྱུ་རེ་བ་ཆེ།
ད་དུང་སློབ་གྲྭ་གཞན་དང་མི་འདྲ་བ་ཞིག་ལ་སློབ་མ་ཚང་མས་རིགས་ལམ་སྦྱོང་མྱོང་མཁན་ཡིན་པས་བརྡ་སྤྲོད་རིག་པ་དེ་རིགས་ལམ་གྱི་ཐོག་ནས་ཁྲིད་ན་ཤེས་སླ་བ་དང་། ཤེས་པ་རྣམས་བརྟན་པ་དང་གདེངས་འཁེལ་བ་ཞིག་ཡོང་གི་ཡོད་པས་ངེས་པར་དུ་རིགས་ལམ་གྱི་ཐོག་ནས་བརྡ་སྤྲོད་འཁྲིད་ཐབས་གནང་དགོས་པ་དང་དེ་ནི་གདན་སའི་སློབ་གྲྭ་ཁག་གི་གནང་ཐུབ་ན་གནང་བདེ་བ་ནི་བཤད་མི་དགོས་པ་ཞིག་རེད།
ལོ་རྒྱུས་སློབ་ཁྲིད་བྱེད་སྟངས་དང་སྦྱོང་ཚུལ།
ལོ་རྒྱུས་ནི་ཕྱོགས་གཅིག་ནས་བཤད་ན་ལས་སླ་ཤོས་ཀྱི་སློབ་ཚན་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་ཆེས་དཀའ་ཤོས་ཀྱི་སློབ་ཚན་ཞིག་ཡིན། དངོས་པོ་དང་གནས་སྟངས་ཅི་འདྲ་ཞིག་ཡིན་ཡང་དེའི་རྒྱབ་ཏུ་ལོ་རྒྱུས་དེ་མེད་པ་ནི་མི་མི་སྲིད་པས་ལོ་རྒྱུས་ཀྱི་ཁྱབ་ཚད་ནི་ཤེས་བྱ་དང་མཉམ་པ་ཡིན། གང་ལྟར་ཡང་ལོ་རྒྱུས་སློབ་ཁྲིད་བྱེད་པའི་དགོས་པ་ནི་ལོ་རྒྱུས་མི་སྣ་དང་དངོས་པོ་དེ་དག་གི་སྐྱོན་ཡོན་རྣམས་ཤེས་རྟོགས་ཐུབ་པ་དང་། དེ་དག་གི་སྐྱོན་རྣམས་ཤེས་ནས་ང་ཚོས་དེ་འགོག་ཐབས་དང་། ཡོན་ཏན་རྣམས་ཤེས་ནས་དེ་དག་ཉམས་སུ་བླང་ཐབས་བྱེད་དགོས་པ་ལས། དེ་ལྟར་མིན་ན་མནའ་བོའི་ཤི་བོ་རྣམས་རོ་ལང་རྒྱག་ཏུ་བཅུག་ནས་ཕན་ཐོགས་གང་ཡང་མེད།
ལོ་རྒྱུས་སློབ་ཁྲིད་བྱེད་སྐབས་བརྡ་སྤྲོད་དང་མི་འདྲ་བར་ལོ་རྒྱུས་ཀྱི་བསླབ་གཞི་དེ་ཉིད་ཡིག་ཐོག་ནས་མ་སློབ་པའི་གོང་དུ་ལོ་རྒྱུས་ཀྱི་ནང་དོན་གཙོ་བོ་གང་ཡིན་རྣམས་ངག་ཐོག་ནས་སྒྲུང་དང་གཏམ་རྒྱུད་བཞིན་དུ་གསུང་དགོས་དང་།
དེ་རྣམས་གྲུབ་པའི་རྗེས་གཞིས་ནས་ལོ་རྒྱུས་ཀྱི་བསླབ་གཞི་ཡིག་ཐོག་ནས་སློབ་དགོས། དེ་ལྟར་གནང་ན།
སློབ་མས་ལོ་རྒྱུས་གང་ཡིན་དེ་སྒྲུང་གི་བཟོ་འདྲ་བོར་བྱེད་ནས་ཉན་པས་ཉན་སྤྲོ་བ་དང་། ཉན་པའི་རྗེས་བློ་ལ་འཇགས་སླ་བ།
འཇགས་པའི་རྗེས་བརྗེད་དཀའ་བ་ཡིན།
ལོ་རྒྱུས་སྦྱོང་སྐབས། མི་སྣ་སུ་ཞིག་གི་ལོ་རྒྱུས་ཡིན་ཡང་མི་སྣ་དེའི་མི་ཚེའི་ལོ་རྒྱུས་ལ་ཁག་མི་འདྲ་བ་ཁ་ཤས་ཤིག་ཕྱེ་དགོས། དེ་ཡང་རྒྱལ་པོ་ཞིག་གི་མི་ཚེའི་ལོ་རྒྱུས་སྦྱོང་སྐབས། དེའི་ཆེས་ཐོག་མའི་འཁྲུངས་ཡུལ་འཁུངས་ཚེས་སོགས་དང་། དེའི་རྗེས་གཞོན་དུས་ཀྱི་མི་ཚེ། རྒྱལ་སྲིད་སྐབས་ཁོང་གི་བྱས་རྗེས་ཆེ་ཤོས་གང་དང་གང་ཡིན། ཁོང་གོ་མི་ཚེའི་ནང་ནོར་འཁྲུལ་ཆེ་ཤོས་དེ་གང་དང་གང་ཡིན། ཁོང་གི་བྱ་གཞག་དང་ཡུལ་ལུང་བར་གྱི་འབྲེལ་བ། དེ་ནས་ཁོང་གི་གཤིས་ཀ་སོོགས་སུ་དབྱེ་བ་ཕྱེ་ནས་སྦྱོང་དགོས་ཤིང་། སྦྱངས་པའི་རྗེས་ཁོང་གི་ས་ནས་རང་ཉིད་ཀྱིས་ལེན་དགོས་པ་གང་ཡོད་དང་། བླང་མི་རུང་བ་གང་ཡོད་རྣམས་ཟུར་དུ་ཕྱེ་དགོས། དེ་ལྟར་བྱེད་ན་ལོ་རྒྱུས་ཤེས་སླ་བ་དང་། ཤེས་པའི་དགོས་དམིགས་ཀྱང་འགྲུབ་པ་ཡིན།

སྙན་ངག་དང་རྩོམ་རིག་སློབ་ཁྲིད་བྱེད་སྟངས་སྦྱོང་ཚུལ།
བརྡ་སྤྲོད་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་ན་དེ་ནས་སྙན་ངག་དང་རྩོམ་རིག་ལ་ལག་པ་འཇུ་ཆོག སྙན་ངག་ནི་སྒྱུ་རྩལ་གྱི་གྲས་ཤིག་ཡིན་པས་དེ་ལ་མ་མཐའི་ས་མཚམས་ཡོད་སྲིད་ཀྱང་ཡར་མཐའི་ས་མཚམས་ནི་སུས་ཀྱང་འཇོག་དཀའ་བ་ཞིག་རེད། གང་ལྟར་ཡང་སྙན་ངག་དང་རྩོམ་རིག་ཅེས་པ་དེ་ནི་མི་དང་དངོས་པོ་ཐམས་ཅད་ལ་ཁྱབ་པའི་རིག་གནས་ཤིག་ཡིན་པས་ནམ་མཁའ་དང་མཉམ་པའི་རིག་གནས་ཤིག་རེད་ཅེས་བརྗོད་ཀྱང་མི་འགྲིགས་པ་རེད།
སྙན་ངག་སློབ་ཁྲིད་བྱེད་སྐབས་སློབ་མ་ལ་བརྡ་སྤྲོད་དང་དག་ཆའི་རྨང་གཞི་ངེས་པར་དུ་དགོས་པ་ལས་དེ་མེད་ན་སྙན་ངག་སློབ་པའི་གཞི་ཙམ་དུ་མི་འོས་པ་ཡིན། དེ་དག་གི་རྨང་གཞི་ཡོད་པའི་སྟེང་ཐོག་མའི་སྙན་ངག་སློབ་ཁྲིད་སྐབས་རྩོམ་གྱི་ཉམས་ཇི་ཙམ་འདོན་ཐུབ་ན་འདོན་དུ་བཅུག་དགོས་པ་ལས། དེ་ཆོས་དཔེ་རེད་མི་འདུག དངོས་དཔེ་རེད་མི་འདུག་ཅེས་བརྗོད་ནས་ཚད་བཀག་བྱེད་ན་སྙན་ངག་གི་གོམ་འགྲོས་བོར་རླག་འགྲོ་ཉེན་ཡོད་པས། དང་ཐོག་བརྗོད་བྱ་ལ་ཚད་བཀག་མེད་པ་དང་། རྗོད་བྱེད་ལའང་ཁྲིམས་མེད་པར་གང་བྱུང་དུ་འབྲི་དགོས་པ་དང་། དེ་ནས་སྡེབ་སྦྱོར་ལ་བྱང་ཆ་ཏོག་ཙམ་བྱུང་བ་ན་གཞིས་ནས་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་རྣམ་གཞག་དང་མཚན་ཉིད། དབྱེ་བ་དང་ཁྱད་པར་སོགས་སློབ་ན་ཤེས་སླ་བ་དང་། གཟུགས་རྒྱན་གྱི་ནང་གསེས་གཅིག་སློབ་པ་དང་གཞན་རྣམས་རིགས་འགྲེས་ཤེས་ཐུབ་པ་ཞིག་ཡོང་བ་ནི་ཁོ་བོ་རང་གི་ཉམས་མྱོང་ཡིན།

དེ་ལྟར་མིན་པར་བརྡ་སྤྲོད་དང་སྡེབ་སྦྱོར་གྱི་རྨང་གཞི་གང་ཡང་མེད་པར་སྙན་ངག་གི་དབྱེ་བ་དང་མཚན་ཉིད་ཙམ་ཞིག་བློར་བཟུང་སྟེ་བསྡད་ན་སྙན་ངག་གི་སྐོར་ཤེས་ཐུབ་པ་ལས་ཤེས་འབྲི་མི་ཤེས་ལ་སྙན་ངག་ནམ་ཡང་མི་ཤེས་པ་ཡིན།
སྙན་ངག་སློབ་ཁྲིད་བྱེད་སྐབས་སྙན་ངག་གི་དཔེར་བརྗོད་ནང་དུ་རང་གི་ཉེར་འཁོར་གྱི་གནས་སྟངས་དང་མི་སྣ་སོགས་བརྗོད་གཞི་བཟུང་ནས་སློབ་དགོས་པ་ལས།
མིག་གིས་རིག་རྒྱུ་མེད་ཅིང་ལུས་ཀྱིས་ཚོར་རྒྱུ་མེད་པའི་དཔེར་བརྗོད་འཇོག་ན་སློབ་མས་སྙན་ངག་དེ་རྣམས་ཚོར་feelམི་ཐུབ་ལ་སྙན་ངག་གི་བྲོ་བ་ཡང་མྱོང་མི་ཐུབ།
དེ་ནས་རིམ་བཞིན་སྙན་ངག་ལ་དབྱིངས་རླག་འགྲོ་བ་ཡིན། དེས་ན་ཉེ་འཁོར་གྱི་རྩ་རྩི་ཤིང་། སློབ་ཕྲུག་ནང་གི་ཆོབ་ཚ་བོ་རྣམས་དང་།
སློབ་གྲྭའི་ཉེར་འཁོར་གྱི་ཁོར་ཡུག་དང་འབྲེལ་བའི་ཐོག་ཐོལ་བྱུང་དུ་བྲི་ན་སློབ་མའི་སེམས་སུ་འཇགས་བདེ་བ་དང་ཤེས་སླ་བ་ཡིན།
སྙན་ངག་སློབ་ཁྲིད་བྱེད་མཁན་དེ་ལ་ངེས་པར་དུ་ཐོལ་བྱུང་གི་རྩོལ་རྩལ་ལྡན་པ་ཞིག་དགོས་པ་དང་།
ཨིན་སྐད་ཀྱི་ Creativity ཞེས་པ་དེ་ངེས་པར་དུ་ཡོད་དགོས།
རྨང་གཞི་བརྟན་པོ་ཞིག་བཙུགས་ཟིན་རྗེས་དཔེ་རྒྱན་དང་གཟུགས་རྒྱན་རེ་རེ་ནས་འགྲོ་མི་དགོས་པ་མགོ་སྨྲོས་ཙམ་གྱིས་ཤེས་ཐུབ་ལ། དཔེ་རྒྱན་གཟུགས་རྒྱན་ཤེས་པ་ཙམ་གྱིས་འདོད་པ་ཚིམ་ནས་མི་བཞུགས་པར་སྙན་ངག་ལེའུ་དང་པོའི་ཡོན་ཏན་བཅུ་དང་། ལེའུ་གསུམ་གྱི་གབ་ཚིག་དང་སྒྲ་རྒྱན་སོགས་ཀྱང་ངེས་པར་སློབ་དགོས་པ་ལས་སྙན་ངག་ཆ་ལ་ཆོ་ལེ་ཞིག་འབྲི་ཤེས་བསམ་ནས་རང་སྣང་དག་སྟེ་བསྡད་ན་ནམ་ཡང་རང་སྣང་དག་པ་རང་ཡིན།

སྙན་ངག་སྦྱོང་བའི་སྐབས་གཞན་གྱིས་བྲིས་པའི་སྙན་ངག་མང་ཙམ་ཀློག་དགོས་པ་དང་།
དེ་ནས་ཚིག་སྦྱོར་སྣང་བ་འགྲོ་བ་རྣམས་བཤུས་པ་དང་དེ་ནས་དེ་དག་བཀོལ་སྤྱོད་བྱེད་དགོས། དེ་ནས་རིམ་བཞིན་རང་ཉིད་ཀྱིས་གསར་བཏོད་བྱས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཡོང་ཐུབ་པ་ཡིན།
སྙན་ངག་ཐོག་དང་པོར་བྲིས་དུས་ཤོ་ལོ་ཀ་གཅིག་གཉིས་འབྲི་ཡང་དེ་ནས་བརྗོད་གཞི་གཅིག་གི་ཐོག་འབྲི་བའི་སྐབས་མགོ་ཇི་ལྟར་འཛུགས་དགོས་མིན། བར་དུ་དབྱེ་བ་ཇི་ལྟར་བཀྲམས་དགོས་མིན། མཇུག་ཇི་ལྟར་བསྡུ་དགོས་མིན་མ་ཤེས་པའི་དཀའ་ངལ་ཞིག་ཡོང་གི་ཡོད་པས། བརྗོད་གཞི་གཅིག་གི་ཐོག་བྲིས་པའི་སྙན་ངག་ཐུང་ངུ་རེ་ཀློག་ནས་དེ་དག་ལ་མིག་དཔེ་ལྟ་དགོས། དེ་ལས་འཕྲོས་ནས་སྙན་ངག་འབྲི་ཐབས་ཀྱི་སྐོར་ཉམས་མྱོང་ཕྲན་བུ་ཞིག་གླེང་འདོད་ཀྱང་ཡི་གེ་མངས་སུ་དོགས་ནས་དོན་གནད་གང་བསྡུས་སུ་བྱས་ཤིང་ཚིག་ཕལ་བ་རང་སྤྱད་དེ་བྲིས་པ་དེ་ཙམ་གྱིས་འཐུས་པར་བྱས་སོ། །
ཕན་རླབས་ཆེ་ཞིང་འཇིགས་སྣང་ཆེར་ཆེ་བའི།།
དགེ་རྒན་ཞིག་ལ་ཆ་རྐྱེན་གང་དགོས་དང་།།
སློབ་ཁྲིད་གནང་སྒོའི་ཐབས་ལམ་གང་ཡོད་རྣམས།།
ཕལ་པའི་ཚིག་གིས་མདོར་བསྡུས་ཙམ་ཞིག་ཐལ།།
ཐལ་འཚུབ་བསེར་བུ་ལྡང་བའི་རི་ཀླུང་དུ།།
གསེར་དང་རགས་ཀྱི་ཁྱད་པར་མི་མཐོང་ཡང་།།
བློ་གསལ་རིགས་པའི་གྲོགས་རྣམས་འདིར་ལྟོས་དང་།།
ལྡེའུ་མིག་འདི་ཉིད་སྣོམ་དང་སྣང་དག་མེད།།
ཅེས་པ་འདི་ནི་བློ་གསལ་གླིང་སློབ་གྲྭ་ནས་དགེ་རྒན་བཟང་པོ་མཁས་དབང་བེ་རི་འཇིགས་མེད་དབང་རྒྱལ་མཆོག་དང་། རྒན་ངག་དབང་སྐལ་བཟང་། རྒན་བརྩོན་འགྲུས་བཟང་པོ་ལགས་བཅས་ཀྱི་ཞལ་དྲོན་མོ་ལས་ལེགས་བཤད་ཀྱི་བདུད་རྩི་ངོམས་མེད་མྱོང་བའི་སྐལ་བཟང་ཐོབ་པས། དེང་གི་ཆར་དབུས་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པ། བྷུན་ཏར་དགེ་འོས་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག་གི་སློབ་དཔོན་Professor གྱི་སེང་ལྤགས་གྱོན་པ། བེ་རི་དཔལ་ལྡན་རྣམ་རྒྱལ་གྱིས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་རང་ཤག་ནས་གཟའ་ཉི་མའི་གུང་སེང་སྤྱད་ནས་༢༠༡༢།༡༠།༢༡ ཉིན་གྲང་ཤུར་ཤུར་གྱི་ཞོགས་པར་བྲིས་པ་དགེ་ལེགས་འཕེལ།།