རྨས་སྐྱོན་ཤོར་བའི་སེམས་མགུར།
ཆར་པ་ཟིམ་ཟིམ་དུ་འབབ་བྱུང་།།
རླུང་བུ་བསིལ་བསིལ་དུ་རྒྱག་བྱུང་།།
རྒྱང་རིང་ཨ་ཕ་དེ་དྲན་ནས།།
མིག་མཐར་མཆི་མ་ཞིག་འཁོར་སོང་།།
རྒྱུས་མེད་མི་ཡུལ་གྱི་ལུང་པར།།
ཁེར་རྐྱང་བདག་མེད་དུ་ལུས་དུས།།
སེམས་ལ་གྲང་ཟུག་ཅིག་རྒྱག་ཀྱང་།།
ཨ་ཕ་མཇལ་ཐབས་ཤིག་མི་འདུག།
ཨ་མའི་བྱམས་བརྩེ་དེ་མ་རག།
ཨ་ཕའི་དྲོད་ཁོལ་དེ་མེད་པར།།
བདག་མེད་ད་ཕྲུག་གི་སེམས་པ།།
ད་ནི་གསོ་ཐབས་ཤིག་མི་འདུག།
ཁྲག་དང་རུས་པ་ཞིག་དེད་ན།།
སྤུན་དང་གཉེན་ཚན་དེ་མང་ཡང་།།
ད་ལྟའི་ཁ་སྟབས་འདི་ཞན་པས།།
ཚ་ཞང་རྩི་མཁན་ཞིག་མི་འདུག།
ཤེས་བྱ་ཡོན་ཏན་ཞིག་མི་དགོས།།
རྒྱུ་དང་དཔལ་འབྱོར་ཡང་མི་དགོས།།
མཛའ་དང་བརྩེ་བ་ཞིག་ཡོད་ན།།
སེམས་ཆུང་དེ་ག་རང་ཚིམ་པ།།
ཨ་མ་སེམས་ཁོང་ནས་དྲན་ཞིང་།།
ཨ་ཕ་མིག་ལམ་ན་ཤོར་སོང་།།
རྒྱུས་མེད་མི་ཡུལ་གྱི་ལུང་པར།།
སྤུན་ཞིག་མེད་པ་དེས་སྐྱོ་སོང་།།
འགྲོ་ན་འགྲོ་ས་ཞིག་མེད་ལ།།
བསྡད་ན་བསྡད་ས་ཡང་མེད་པར།།
མགོན་དང་དཔུང་གཉེན་ཞིག་མེད་དུས།།
སེམས་པ་སྐྱོ་བ་ལས་མི་འདུག།
སྐྱིད་ཆུ་འཐུང་རོགས་ཤིག་མེད་ལ།།
སྡུག་དུས་འཐམ་རོགས་ཀྱང་མེད་པར།།
རྒྱུས་མེད་ས་མཐའ་ཡི་ལུང་པར།།
ང་ལས་སྐྱོ་བ་ཞིག་སུ་ཡོད།།
ཆུང་དུས་སློབ་གྲྭ་རུ་འགྲིམས་པས།།
ཤེས་བྱ་ཡོན་ཏན་ཞིག་བསླབས་ཀྱང་།།
ད་ལྟ་བེད་མེད་དུས་ལུས་དུས།།
སེམས་ལ་འགྱོད་པ་ལས་མི་འདུག།
རྒྱུ་དང་དཔལ་འབྱོར་ཞིག་མེད་ན།།
ཚ་ཞང་རྩི་མཁན་ཞིག་མི་འདུག།
ཞེན་པ་སེམས་གཏིང་ནས་ལོག་ཀྱང་།།
མ་བསྡད་ཀ་མེད་ཅིག་རེད་འདུག།
རླུང་བུ་བསིལ་བསིལ་དུ་རྒྱག་བྱུང་།།
རྒྱང་རིང་ཨ་ཕ་དེ་དྲན་ནས།།
མིག་མཐར་མཆི་མ་ཞིག་འཁོར་སོང་།།
རྒྱུས་མེད་མི་ཡུལ་གྱི་ལུང་པར།།
ཁེར་རྐྱང་བདག་མེད་དུ་ལུས་དུས།།
སེམས་ལ་གྲང་ཟུག་ཅིག་རྒྱག་ཀྱང་།།
ཨ་ཕ་མཇལ་ཐབས་ཤིག་མི་འདུག།
ཨ་མའི་བྱམས་བརྩེ་དེ་མ་རག།
ཨ་ཕའི་དྲོད་ཁོལ་དེ་མེད་པར།།
བདག་མེད་ད་ཕྲུག་གི་སེམས་པ།།
ད་ནི་གསོ་ཐབས་ཤིག་མི་འདུག།
ཁྲག་དང་རུས་པ་ཞིག་དེད་ན།།
སྤུན་དང་གཉེན་ཚན་དེ་མང་ཡང་།།
ད་ལྟའི་ཁ་སྟབས་འདི་ཞན་པས།།
ཚ་ཞང་རྩི་མཁན་ཞིག་མི་འདུག།
ཤེས་བྱ་ཡོན་ཏན་ཞིག་མི་དགོས།།
རྒྱུ་དང་དཔལ་འབྱོར་ཡང་མི་དགོས།།
མཛའ་དང་བརྩེ་བ་ཞིག་ཡོད་ན།།
སེམས་ཆུང་དེ་ག་རང་ཚིམ་པ།།
ཨ་མ་སེམས་ཁོང་ནས་དྲན་ཞིང་།།
ཨ་ཕ་མིག་ལམ་ན་ཤོར་སོང་།།
རྒྱུས་མེད་མི་ཡུལ་གྱི་ལུང་པར།།
སྤུན་ཞིག་མེད་པ་དེས་སྐྱོ་སོང་།།
འགྲོ་ན་འགྲོ་ས་ཞིག་མེད་ལ།།
བསྡད་ན་བསྡད་ས་ཡང་མེད་པར།།
མགོན་དང་དཔུང་གཉེན་ཞིག་མེད་དུས།།
སེམས་པ་སྐྱོ་བ་ལས་མི་འདུག།
སྐྱིད་ཆུ་འཐུང་རོགས་ཤིག་མེད་ལ།།
སྡུག་དུས་འཐམ་རོགས་ཀྱང་མེད་པར།།
རྒྱུས་མེད་ས་མཐའ་ཡི་ལུང་པར།།
ང་ལས་སྐྱོ་བ་ཞིག་སུ་ཡོད།།
ཆུང་དུས་སློབ་གྲྭ་རུ་འགྲིམས་པས།།
ཤེས་བྱ་ཡོན་ཏན་ཞིག་བསླབས་ཀྱང་།།
ད་ལྟ་བེད་མེད་དུས་ལུས་དུས།།
སེམས་ལ་འགྱོད་པ་ལས་མི་འདུག།
རྒྱུ་དང་དཔལ་འབྱོར་ཞིག་མེད་ན།།
ཚ་ཞང་རྩི་མཁན་ཞིག་མི་འདུག།
ཞེན་པ་སེམས་གཏིང་ནས་ལོག་ཀྱང་།།
མ་བསྡད་ཀ་མེད་ཅིག་རེད་འདུག།
ཆུང་ཆུང་བྱིས་པ་ཡི་དུས་ནས།།
ཤེས་བྱ་རིག་གནས་ལ་བསླབས་པས།།
དེང་དུས་ལོ་མཉམ་གྱི་ཁྲོད་ན།།
མགོ་བོ་སྒུར་དོན་དེ་མེད་ལ།།
ད་དུང་བརྩོན་པ་ཞིག་བསྟེན་ན།།
མཁས་པའི་གོ་འཕང་གི་གསེར་ཁྲི།།
བདག་དང་རིང་པོ་ཞིག་མིན་ལ།།
ཁག་པོ་དེ་བས་ཀྱང་མི་འདུག།
ཁོ་བོ་མཁས་པ་ཞིག་གྱུར་ན།།
དགའ་མཁན་སུ་ཞིག་ཀྱང་མེད་ལ།།
ཁོ་བོ་སྤྲང་པོ་ཞིག་གྱུར་ཀྱང་།།
སྡུག་མཁན་སུ་ཞིག་ཀྱང་མི་འདུག།
དེ་ཕྱིར་སྙིང་སྟོབས་ཀྱི་དཔལ་འབར།།
དེ་ག་རང་ས་རུ་ཤི་སོང་།།
ད་ནི་མི་ཚེ་འདིའི་ནང་ལ།།
རེ་བའི་རེ་ཐག་དེ་ཆད་སོང་།།
ཨ་ཕ་ཞལ་བཞུགས་ཀྱི་དུས་སུ།། ཤེས་བྱ་རིག་གནས་ལ་བསླབས་པས།།
དེང་དུས་ལོ་མཉམ་གྱི་ཁྲོད་ན།།
མགོ་བོ་སྒུར་དོན་དེ་མེད་ལ།།
ད་དུང་བརྩོན་པ་ཞིག་བསྟེན་ན།།
མཁས་པའི་གོ་འཕང་གི་གསེར་ཁྲི།།
བདག་དང་རིང་པོ་ཞིག་མིན་ལ།།
ཁག་པོ་དེ་བས་ཀྱང་མི་འདུག།
ཁོ་བོ་མཁས་པ་ཞིག་གྱུར་ན།།
དགའ་མཁན་སུ་ཞིག་ཀྱང་མེད་ལ།།
ཁོ་བོ་སྤྲང་པོ་ཞིག་གྱུར་ཀྱང་།།
སྡུག་མཁན་སུ་ཞིག་ཀྱང་མི་འདུག།
དེ་ཕྱིར་སྙིང་སྟོབས་ཀྱི་དཔལ་འབར།།
དེ་ག་རང་ས་རུ་ཤི་སོང་།།
ད་ནི་མི་ཚེ་འདིའི་ནང་ལ།།
རེ་བའི་རེ་ཐག་དེ་ཆད་སོང་།།
འགྲན་རྩོད་གང་སའི་ནང་འཛུལ་ནས།།
རྩེ་ཕུད་དང་པོ་རྐྱང་བླངས་ཏེ།།
སྐད་གྲགས་གང་ས་ལ་བཞག་ཡོད།།
ཨ་ཕའི་སེམས་པ་དེ་དགའ་ན།།
ཨ་ཕའི་དྲིན་ལན་དེ་ཡིན་སྙམ།།
ཨ་ཕའི་དྲིན་ལན་གྱི་ཆ་ཤས།།
དེ་གས་གསབ་པ་ཡང་ཡིན་ནོ།།

སེམས་ལ་སྡུག་བསྔལ་ཞིག་ཡོད་ཀྱང་།།
བཤད་སའི་སྤུན་གཉེན་ཞིག་མི་འདུག།
སྤུན་མཆེད་བཅོས་མ་ཡི་འབག་གིས།།
ངའི་སེམས་བསླུ་ཐབས་ཤིག་མི་འདུག།
ཁྱེད་ལ་དྲན་ཤེས་ཤིག་ཡོད་ན།།
ད་ལྟའི་ཁོ་བོ་ཡི་ལས་དབང་།།
ཐུགས་ནས་མ་བརྗེད་པར་གནང་རོགས།།
ནམ་ཞིག་དྲན་གསོ་ཞིག་ཐེབ་ངེས།།
རང་བློ་ལྐོག་གྱུར་ཞིག་མིན་པས།།
རང་སེམས་གསལ་པོ་རུ་ཤེས་ངེས།།
ང་དང་ཁྱེད་གཉིས་ཀྱི་བར་ཐག།
ནམ་མཁའི་དཀོན་མཆོག་གིས་མཁྱེན་ནོ།།
རྟག་པར་སེམས་ནང་ལ་ཤར་བའི།།
སྙིང་གཏམ་བཤད་དགོས་ཤིག་ཐུག་སོང་།།
སྐད་ཆ་སེམས་ནང་ལ་ཉར་ན།།།
སྙིང་ནད་ཆག་རྒྱུ་ལས་མི་འདུག།