བྱ་ཚིག་གི་དབྱེ་བ་དགུ་ལྡན་སོགས་བཤད་པ།
བྱ་བྱེད་ཐ་དད་པ། བྱ་བ་གང་ཞིག་བྱེད་ཀྱང་བྱེད་པ་པོ་དང་ལས་སམ་གང་བྱ་བའི་བྱ་བའི་ཡུལ་གཉིས་སོ་སོར་ནས་་ཡོད་པའི་བྱ་ཚིག་ཅིག་ལ་བྱ་བྱེད་ཐ་དད་པའི་བྱ་ཚིག་ཟེར།
བྱ་ཚིག་དབྱེ་བ་དགུ་ལྡན་ནི།
འདི་ཡི་རིགས་ལ་དངོས་པོ་བདག་དང་དངོས་པོ་གཞན་གྱི་དབྱེ་བ་འབྱེད་དུ་ཡོད་པས་བྱེད་པ་པོ་ནི་དངོས་པོ་བདག་དང། ལས་སམ་བྱ་བའི་ཡུལ་དེ་ནི་དངོས་གཞན་ཡིན།
དཔེར་ན། བཀྲ་ཤིས་ཀྱིས་ནགས་སུ་ཤིང་གཅོད། ཞེས་པ་ལ་མཚོན་ན།
བཀྲ་ཤིས་ནི་ཤིང་གཅོད་པའི་གཅོད་པ་པོ་དང་དངོས་པོ་བདག་ཡིན། ཤིང་ནི་གང་གཅད་པར་བྱ་བའི་བྱ་བའི་ཡུལ་ལམ་ལས་ཡིན་ཞིང་འདི་ནི་དངོས་པོ་བདག་གཞན་གཉིས་ལ་གཞན་ཡིན།
ཤིང་གཅོད་པ་པོ་འམ་གཅོད་མཁན་དང་།
གང་གཅད་པར་བྱ་བའི་ཡུལ་ལམམ་སམ་ཤིང་གཉིས་ཐ་དད་དུ་ཡོད་པས་འདི་ཡི་རིགས་ནི་བྱ་བྱེད་ཐ་དད་པ་ཡིན་པ་འོག་ཏུ་འཆད་འགྱུར་ལྟར་དང་།
བཀྲ་ཤིས་ཀྱིས་ཤིང་གཅོད་པར་བྱེད། ཅེས་པའི་བྱེད་པའི་ལས་སམ་བྱེད་པ་པོ་ལ་ཡོད་པའི་ལས།
ཤིང་གཅད་པར་བྱ་ཞེས་པའི་བྱ་ཡུལ་ལ་ཡོད་པའི་ལས་སམ་བྱ་ལས།
གཅོད་པར་འགྱུར་ཞེས་པའི་བྱེད་ལས་མ་འོངས་པ། གཅོད་བཞིན་པ་ཞེས་པའི་དུས་ལྟ་བ།
བཅད་ཟིན་པ་ལྟ་བུ་དུས་འདས་པ། ཆོད་ཅིག་ཅེས་པ་སྐུལ་ཚིག་དང་།
མ་གཅོད་ཅིག་ཅེས་པ་ལྟ་བུ་དགག་སྒྲའི་སྐུལ་ཚིག་ཡིན།
འདིའི་རིགས་ལ་དབྱེ་བ་དགུ་ལྡན་དུ་བརྗོད་དེ།
དེ་ཡང་།
༡། དངོས་པོ་བདག
༢།དངོས་པོ་གཞན།
༣། བྱེད་ལས།
༤། བྱ་ལས།
༥།བྱེད་ལས་མ་འོངས་པ།
༦། བྱེད་བཞིན་ད་ལྟ་བ།
༧། བྱས་ཟིན་འདས་པ།
༨། སྒྲུབ་ཕྱོགས་ཀྱི་སྐུལ་ཚིག
༩། དགག་སྒྲའི་སྐུལ་ཚིག
བཅས་ཀྱི་དབྱེ་བ་དགུ་དང་ལྡན་པ་དང་། འདི་ནི་བྱེད་པོ་སེམས་ལྡན་དང་མི་ལ་འཇུག་པ་ལས་དེ་ལས་གཞན་ལ་མི་འཇུག་ཅེས་གསུངས།
དབྱེ་བ་དགུ་ལྡན་གྱི་སྡོམ་ཚིག་ཏུ་མཁས་དབང་ཉན་ཤུལ་བའི་རྟགས་འགྲེལ་དུ།

བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས།།
བྱེད་ལས་མ་འོངས་བྱེད་བཞིན་ད་ལྟ་བ།།
འདས་དང་སྐུལ་ཚིག་དགག་སྒྲའི་སྐུལ་ཚིག་ལ།།
དབྱེ་བ་དགུ་ལྡན་ལས་ཚིག་ཅེས་བརྗོད་དོ།།
ཞེས་གསུངས་སོ།
དབྱེ་བ་བདུན་ལྡན་གྱི་ལས་ཚིག་ནི།
འདི་ནི་གོང་གི་དབྱེ་བ་དགུ་ལྡན་དང་མི་འདྲ་བའི་ཁྱད་པར་ཅུང་ཙམ་ལས་མེད་དེ།
དེ་ཡང་དཔེར་ན། བྱ་ཁྭ་ཏ་ཡིས་སྐད་རྒྱག་ཅེས་པར་མཚོན་ན།
སྐད་རྒྱག་པ་པོ་ནི་ཁྭ་ཏ་ཡིན་པས་དེ་ནི་བྱེད་པ་པོ་ཡིན་པས་དངོས་པོ་བདག་ཡིན།
གང་བརྒྱབ་རྒྱུ་ནི་སྐད་ཡིན་པས་སྐད་དེ་ནི་བྱ་བའི་ཡུལ་ལམ་ལས་ཡིན་པས་དེ་ནི་དངོས་པོ་གཞན་ཡིན།
སྐད་རྒྱག་པར་བྱེད་ཅེས་པའི་བྱེད་པ་པོ་ལ་ཡོད་པའི་བྱ་བ་དང་།
སྐད་བརྒྱབ་པར་བྱ་ཞེས་པའི་བྱ་བའི་ཡུལ་ལ་ཡོད་པའི་བྱ་བ།
སྐད་རྒྱག་པར་འགྱུར་ཞེས་པའི་བྱེད་ལས་མ་འོངས་པ། སྐད་རྒྱག་བཞིན་པ་ཞེས་པའི་དུས་ད་ལྟ་བ།
སྐད་བརྒྱབས་ཟིན་པ་ཞེས་པ་དུས་འདས་པ་ཡིན་ལ།
འདི་རིགས་ནང་ཁྭ་ཏ་ལ་སྐད་རྒྱོབས་ཤིག་ཅེས་སྐུལ་ཚིག་དང་།
མ་རྒྱག་ཅེས་པའི་དགག་སྒྲའི་སྐུལ་ཚིག་ཀྱང་མེད་པས་དེ་རིགས་ལ་དབྱེ་བ་བདུན་ལས་མེད།
མཁྱེན་དགོས་པ་ཞིག་ལ། འདི་རིགས་ནི་སེམས་མེད་དང་སེམས་ཡོད་ཀྱང་སྨྲ་ཤེས་དོན་གོ་མིན་པའི་རིགས་ལ་འཇུག་པ་ཡིན་ཞིང་། མཚམས་རེར་སྙན་ངག་སོགས་ཀྱི་ནང་ཁྭ་ཏ་ལ་སྐད་རྒྱོབས་ཤིག་ཅེས་བརྗོད་དུ་ཡོད་ཀྱང་དེ་ནི་སྙན་ངག་གི་འུར་བརྗོད་ཅིག་ལས་དོན་དངོས་སམ་རྒྱུན་ལྡན་གྱི་བརྗོད་པའི་ནང་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ན་ཁྭ་ཏ་ལ་སྐད་རྒྱོབས་ཤིག་ཅེས་སྐུལ་མ་མི་བྱེད་པའི་ཆ་ནས་འདིའི་རིགས་ལ་དབྱེ་བ་བདུན་ལྡན་ཟེར།

དབྱེ་བ་བདུན་ནི།
༡། དངོས་པོ་བདག
༢། དངོས་པོ་གཞན།
༣། བྱེད་པོ་ལ་ཡོད་པའི་བྱ་བ།
༤། བྱ་བའི་ཡུལ་ཡོད་པའི་བྱ་བ།
༥། བྱེད་ལས་མ་འོངས་པ།
༦། བྱེད་བཞིན་ད་ལྟ་བ།
༧། བྱས་ཟིན་འདས་པ། བཅས་སོ།
༡། དངོས་པོ་བདག
༢། དངོས་པོ་གཞན།
༣། བྱེད་པོ་ལ་ཡོད་པའི་བྱ་བ།
༤། བྱ་བའི་ཡུལ་ཡོད་པའི་བྱ་བ།
༥། བྱེད་ལས་མ་འོངས་པ།
༦། བྱེད་བཞིན་ད་ལྟ་བ།
༧། བྱས་ཟིན་འདས་པ། བཅས་སོ།
འདི་ཡི་སྡོམ་ཚིག་ཏུ་མཁས་དབང་ཉན་ཤུལ་བའི་རྟགས་འགྲེལ་དུ།
བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས།།
བྱེད་ལས་མ་འོངས་བྱེད་བཞིན་ད་ལྟ་བ།།
འདས་པ་བཅས་ལ་དབྱེ་བ་བདུན་ལྡན་གྱི།།
ལས་ཚིག་ཅེས་པའི་ཐ་སྙད་འཇུག་པ་ཡིན།།
དེས་མཚོན་ནས་ཉི་མ་ཡིས་སྲེག་ཅེས་པ་སོགས་ལའང་དབྱེ་བ་བདུན་ལྡན་ཡིན་ཞིང་འདི་དང་གོང་གི་དེ་གཉིས་མི་འདྲ་བ་ནི་བྱེད་པ་པོ་སེམས་ལྡན་ཡིན་མིན་དེ་ལས་གཞན་གང་ཡང་མེད་པས་དེ་རིགས་ཀྱང་དབྱེ་བ་བདུན་ལྡན་དུ་འཇོག་ཀྱང་མི་འགྲིགས་པ་མེད་དམ་སྙམ།
དེང་གི་མཁས་པ་མང་ཆེ་བས། བྱ་བྱེད་ཐ་དད་པ་ཐམས་ཅད་སྐུལ་ཚིག་དང། དགག་སྒྲའི་སྐུལ་ཚིག་འཇུག་པར་འདོད་ཀྱང་དེ་ནི་མ་ངེས་ཏེ།
གོང་གི་ཁྭ་ཏ་དང་།ཉིམ་སོགས་ལ་སྐུལ་ཚིག་སྤྱོད་སྲོལ་མེད་པ་དང་།
དེ་བཞིན་བྱ་བྱེད་ཐ་དད་པ་ཡིན་ཚད་ལ་སྐུལ་ཚིག་མི་འཐོབ་སྟེ།
དཔེར་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
དེ་བཞིན་བྱ་བྱེད་ཐ་མི་དད་པ་ཐམས་ཅད་ལའང་སྐུལ་ཚིག་མི་འཐོབ་པའི་ངེས་པ་མེད་དེ། དཔེར་ན། འགྲོ་ཞེས་པ་དེ་བྱ་བྱེད་ཐ་མི་དད་པ་ཡིན་ཡང་དེ་ལ་འགྲོ་ཤིག་ཅེས་དང་། མ་འགྲོ་ཤིག་ཅེས་སོགས་སྐུལ་ཚིག་ཐོབ་པས་དེའི་རིགས་ཀྱི་དབྱེ་བ་འབྱེད་ཤེས་དགོས་པ་ནི་གལ་ཆེན་པོ་ཡིན།
དེས་མཚོན་ནས་བཞུགས། བཞེངས་སོགས་ཀྱང་བྱ་བྱེད་ཐ་མི་དད་པ་ཡིན་ཡང་དེ་དག་ལ་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་ཐོབ་ནི་ཀུན་གསལ་ཡིན།
གོང་གི་དབྱེ་བ་དེ་གཉིས་ནི་བྱ་བྱེད་ཐ་དད་པའི་རིགས་ལས་བྱ་བྱེད་ཐ་མི་དད་པའམ་བྱེད་མེད་ལས་ཚིག་ལ་གཏན་ནས་མི་འཐོབ་པ་ཡིན།

གཉིས་པ་བྱ་བྱེད་ཐ་མི་དད་པའི་བྱ་བ།
བྱེད་པ་པོ་དང་ལས་གཉིས་ཐ་དད་དུའམ་སོ་སོ་ནས་མེད་པའི་བྱ་བ་ལ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཟེར།
དབྱེ་བ་ལྔ་ལྡན་གྱི་ལས་ཚིག་ནི།
དཔེར་ན་དཔལ་ལྡན་ཤར་ཕྱོགས་སུ་འགྲོ་ཞེས་པར་མཚོན་ན། འགྲོ་བ་པོ་ནི་དཔལ་ལྡན་དང་དཔལ་ལྡན་ནི་བྱེད་པ་པོ་ཡིན། འོན་ཀྱང་འགྲོ་མཁན་དཔལ་ལྡན་ཡིན་པ་དང་འགྲོ་བྱ་ཡང་དཔལ་ལྡན་ཡིན་པས་དེ་ལ་བྱེད་པོ་དང་བྱ་ཡུལ་ལོགས་སུ་མེད། འགྲོ་རྒྱུ། འགྲོ་བཞིན་པ། ཕྱིན་ཟིན་པ་སྟེ་དུས་གསུམ་དང། འགྲོ་ཞིག་སྐུལ་ཚིག་དང།མ་འགྲོ་་ཞེས་དགག་སྒྲའི་སྐུལ་ཚིག་བཅས་ཀྱི་དབྱེ་བ་ཡོད་པས་འདི་རིགས་ལ་དབྱེ་བ་ལྔ་ལྡན་གྱི་ལས་ཚིག་ཅེས་བརྗོད་པ་ཡིན།
འདི་ཡི་སྡོམ་ཚིག་ཏུ་ཉན་ཤུལ་བའི་རྟགས་འགྲེལ་དུ།
འདས་པ་དང་ནི་མ་འོངས་པ།།
ད་ལྟ་བ་དང་སྐུལ་ཚིག་དང།།
དགག་སྒྲའི་སྐུལ་ཚིག་དང་བཅས་ལ།།
དབྱེ་བ་ལྔ་ལྡན་ལས་ཚིག་བརྗོད།། ཅེས་གསུངས་སོ།
དཔེ་བརྗོད་འདི་རིགས་ནི་བྱ་བྱེད་ཐ་མི་དད་པ་ཡིན་ཡང་བྱེད་པོ་སེམས་ལྡན་ཡིན་པ་མ་ཟད་སྨྲ་ཤེས་དོན་གོ་བའི་བྱེད་པོ་ཞིག་ཡིན་དགོས་པ་ལས་སེམས་མེད་དང་སེམས་ལྡན་ཡིན་ཡང་ར་ལུག་སོགས་ལ་སྦྱོར་མི་རུང་བ་ཡིན།
དབྱེ་བ་གསུམ་ལྡན་གྱི་ལས་ཚིག་ནི།
གནམ་ནས་ཆར་པ་བབ་ཅེས་པ་མཚོན་ན་འདི་ལ་བྱེད་པོ་དང་བྱ་བའི་ལས་སོགས་གང་ཡང་མེད་ཅིང་།
འབབ་རྒྱུ་ཞེས་མ་འོངས་པ་དང་། འབབ་བཞིན་པ་ཞེས་ད་ལྟ་བ།
བབ་ཟིན་པ་ཞེས་འདས་པ་བཅས་ཀྱི་དབྱེ་བ་གསུམ་ལས་མེད་པས་དེ་རིགས་ལ་དབྱེ་བ་གསུམ་ལྡན་ཞེས་ཟེར།
དེས་མཚོན་ནས། ཆར་པ་ཆད། འཁོར་ལོ་འཁོར།
ཤེལ་སྒོ་ཆག་ཅེས་སོགས་བྱེད་མེད་ལས་ཚིག་ཕལ་ཆེ་བ་ལ་རིགས་འགྲེས་ན་འཐུས་སོ། །