Friday, March 31, 2017

གྲྭ་ལོག་གི་སྙིང་སྟོབས།


( གྲོགས་ལི་ཐང་དབྱིག་གཉེན་སྐྱ་སར་བབ་པའི་འདྲ་པར་ཞིག་གི་གཤམ་དུ་མཆན་བཏབ་པ།)
བེ་རི་རྒྱལ་སྲས།
རིང་ནས་འདྲིས་པའི་གྲོགས་པོ།།
ལི་སྨྱོན་མ་ཧ་ཀ་ལ།།
སྐྲ་ལོ་རིང་མ་ཐུང་དེ།།
ཕྱི་ལ་ངོམ་པ་མ་གནང་།།
ལོག་འདོད་སེམས་ལ་ཡོད་ཀྱང་།།
བློ་ཁོག་མེད་པའི་ཁོ་བོ།།
སེམས་ལ་རྔམ་སྐྲག་ལང་གི།
ལུས་ལ་ཟ་འཁྲུག་ལང་གི།

ཆུང་ནས་གདན་སར་བཙུད་སོང་།།
བྲོ་བ་མྱོང་སྐལ་མ་བྱུང་།།
ད་ཆ་ལོ་ན་རྒས་དུས།།
འགྱོད་སེམས་འགོག་ཐབས་མི་འདུག།
གདན་ས་བསྐྱུར་ནས་འགྲོ་དུས།།
གྲྭ་པ་ལོག་ཡོང་ཟེར་ནས།།
ཚང་མས་མངགས་ཆ་གནང་བྱུང་།།
གྲྭ་པ་ལོག་པ་ཟེར་བ།།
སླ་བོ་རང་དང་མི་འདུག
ལོག་དགོས་ལོག་དགོས་དྲན་མྱོང་།།
ལོག་ས་རེད་བསམ་ཤར་མྱོང་།།
བློ་ཁོག་མེད་པའི་བུ་ང་།།
ད་བར་འདི་ལྟར་ལུས་སོང་།།
ལོག་དགོས་བསམ་པའི་སྐབས་ལ།།
ལོག་སའི་ཡུལ་ཡང་མ་ཐོབ།།
ལོག་སའི་ཡུལ་དང་འཕྲད་སྐབས།།
ལོག་པའི་གློ་ཁོག་མི་འདུག།
ང་ཡི་གྲོགས་པོ་ཁྱེད་རང་།།
བསམ་ཚད་སྒྲུབ་མཁན་ཡིན་དུས།།
རང་གི་བསམ་པའི་ཐོག་ལ།།
གོམ་པ་སྤོ་རྒྱུ་བྱུང་འདུག།
བྲག་ཕུག་ནག་ཁུང་དེའི་ནང་།།
སུ་ཡང་མཐོང་རྒྱུ་མེད་སྐད།།
ཉམ་ཆུང་སྡར་མ་ཁོ་བོ།།
སྔོན་ནས་སྐྲག་སྟེ་བསྡད་ཡོད།།
མཛེས་མའི་བྲང་ཤ་འཇམ་པོ།།
ལག་པས་འཕུར་འཕུར་གནང་ན།།
བདེ་བ་གང་འདྲ་ཡོད་མེད།།
ང་ལ་འགྲེལ་བཤད་གནང་རོགས།།
གཉིས་དགའི་བུ་གའི་ནང་ལ།།
མར་ཇའི་མདོང་མོ་དཀྲུག་དུས།།
ཚོར་བ་གང་འདྲ་ཡོད་མེད།།
ང་ལ་གསལ་བཤད་གནང་རོགས།།
༢༠༡༧ ཟླ་བ། ༤ ཚེས། ༡ ཉིན།