ཁྱེད་ཉིད་གལ་ཏེ་སྐད་གྲགས་ཤིག་གི ་ཆེད་སློབ་སྦྱོང་བྱེད་པ་དང་ལས་ཀ ་བྱེད་བཞིན་ཡོད་ཚེ།
རང་གི་མི་ཚེའི་ཚེ་ཚད་དང་ཁོར་ཡུག ་སོགས་ཀུན་ལ་སྔ་བལྟས་ཕྱི་བལྟས་ཤ ིག་ངེས་པར་དུ་བྱེད་དགོས་ལ།
ཁྱེད་ཉིད་སྤྱི་ཚོགས་ཆུང་ཆུང་ཞིག ་གི་ནང་ཐལ་བའི་སྐད་གྲགས་ཡོད་པ་ད ང་།
རྩོམ་རྩལ་གྱི་མིང་གྲགས་ཡོད་པ་དེ ས་རང་ཉིད་གྲགས་ཅན་ཞིག་ཡིན་ནམ་ཡང ་བསམ་མི་ཉན།
ཁྱེད་ཀྱི་སྐད་གྲགས་དེ་འཛམ་གླིང་ ནང་བརྒྱ་ཆ་གཅིག་ཕར་ཞོག
ཚེག་༡ཙམ་ཡང་ཟིན་ཐུབ་མེད།
མི་བདེན་བསམ་ན། རང་ཉིད་ཀྱི་ཁོར་ཡུག་ཆུང་ཆུང་དེའི་ཕ་རོ ལ་ན་ཕེབས་ཏེ།
རང་གི་མིང་ཤེས་མཁན་ཇི་ཙམ་འདུག་ག ཟིགས་དང་། གཅིག་ཀྱང་མེད་ངེས་རེད་ལ།
འཛམ་གླིང་མཁས་པ་ཚོགས་སར་བཅར་ཏེ། ཁྱེད་ཀྱི་མིང་དང་གྲགས་པ་ཐོས་མྱོ ང་མཁན་ཇི་ཙམ་འདུག་གཟིགས་དང་།
ཚང་མས་མགོ་གཡུག་གཡུག་བྱས་སོང་ན། དེ་ཁྱེད་ཀྱི་གཟི་བརྗིད་དུ་རྩི་ད གོས།
གང་ཡིན་ཞེ་ན། ཁོང་ཚོས་རང་ལ་ལན་ཙམ་ཞིག་གནང་བས་ སོ།
དེས་ན། ང་ཆུང་ཆུང་ཡིན་དུས། ང་སྐད་གྲགས་ལ་དགའ་ཞིང་། མཚན་སྙན་གྲགས་ཀྱི་ཆེད་དུ་གང་ཡང་ བྱེད་དགོས་བསམ་པའི་སྙིང་སྟོབས་ར ྫུན་མ་ཞིག་ཡོད་ལ།
དེའི་ཆེད་དུ་རང་གིས་མང་པོ་ཞིག་བ ློས་བཏང་བྱས་ཏེ། སློབ་སྦྱོང་བྱས་ཁུལ་ཡིན།
དེ་ཡང་རང་ཉིད་ཀྱི་ཁོར་ཡུག་ཆུང་ཆ ུང་དེའི་ནང་རྡོ་འབུར་འབུར་ཞིག་བ ྱེད་དགོས་བསམ་པ་དེ་ལས་རིང་བ་དང་ ཟབ་པའི་དམིགས་ཡུལ་དང་རེ་བ་གང་ཡང ་མེད།
རྒྱུ་མཚན་ནི། རང་གི་ཁོར་ཡུག་ཆུང་ཆུང་དེ་ནི་འཛ མ་བུ་གླིང་དང་དོན་གཅིག་ཁྱབ་པ་སྒ ོ་བརྒྱད་ཡིན་བསམ་པ་དེ་་རེད།
འདི་ལྟ་བུའི་འདུ་ཤེས་འཛིན་མཁན་ན ི་ཁོ་བོ་གཅིག་པུ་མིན་པར་མི་བུ་མ ང་དག་ཅིག་ཡོད་ངེས་རེད།
ང་ཚོས་མཚམས་རེར་ཕྱི་རོལ་ན་དོན་ཏ ེ་རང་གི་ཁོར་ཡུག་ལ་ཕྱི་བལྟས་ཤིག ་སློག་ན་རང་གི་ཐུན་མོང་མ་ཡིནཔའི ་གཟི་བརྗིད་མང་པོ་ཞིག་མཐོང་ཐུབ་ ལ།
དེ་དང་མཉམ་དུ་རང་ཉིད་ཅི་ཞིག་ཡིན ་མིན་དང་གང་ཞིག་ཏུ་ལྷག་ཡོད་མེད་ ཀྱང་རང་བཞིན་གྱིས་ཤེས་ཡོང་།
དེ་དུས། ཁོར་ཡུག་ཆུང་ཆུང་དེའི་ནང་མིང་གྲ གས་དང་རང་མཐོང་གི་འདུ་ཤེས་དེ་རང ་བཞིན་གྱིས་རླག་འགྲོ་ལ།
དེ་དང་མཉམ་དུ་མཐུན་མོང་མ་ཡིན་པའ ི་སློབ་གཉེར་དང་ཤེས་ཡོན་དེའི་རི ན་ཐང་ཡང་མཉམ་དུ་ཚོར་ཡོང་།
དེས་ན། ཁོར་ཡུག་ཆུང་ཆུང་དེའི་ནང་མིང་གྲ གས་ཀྱི་ཆེད་དུ་སློབ་གཉེར་གནང་མི ་རུང་ཞིང་།
གནང་ནའང་ཕན་ཐོགས་མེད། ཕན་མ་ཐོགས་པ་ཙམ་དུ་མ་ཟད། སྙིང་པོ་གང་ཡང་མེད། དེས་ན།
སུས་ཀྱང་འགྲན་དུ་མེད་པའི་སློབ་ག ཉེར་ལམ་ལུགས་དེ་བཟུང་ཞིང་།
ཕྱི་མ་ལ་ཕན་པའི་སློབ་སྦྱོང་ཞིག་ བྱེད་ཨེ་ཐུབ་ལྟ་དགོས་ལ། དེ་ལྟར་མ་བྱུང་།
རང་གི་སེམས་ཀྱི་འཚར་ལོང་ལ་ཕན་པའ ི་སློབ་གཉེར་ཞིག་བྱེད་ཨེ་ཐུབ་མ་ ལྟ་ན།
མི་ཚེ་འདི་སྟོང་པ་རེད་ལ། སྟོང་པ་སྟོང་རྐྱང་རེད། གང་ཡིན་ཞེ་ན།
ཁོར་ཡུག་ཆུང་ཆུང་དེའི་ནང་གི་སྐད ་གྲགས་ནི་ངོ་མ་དགད་མོ་བྲོ་རྒྱུ་ ལས་མི་འདུག
༢༠༡༤། ༡། ༢༦ ཉིན་སྦེལ་ཀོབ་གྲོང་ནས།
མི་བདེན་བསམ་ན། རང་ཉིད་ཀྱི་ཁོར་ཡུག་ཆུང་ཆུང་དེའི་ཕ་རོ
དེས་ན། ང་ཆུང་ཆུང་ཡིན་དུས། ང་སྐད་གྲགས་ལ་དགའ་ཞིང་། མཚན་སྙན་གྲགས་ཀྱི་ཆེད་དུ་གང་ཡང་
འདི་ལྟ་བུའི་འདུ་ཤེས་འཛིན་མཁན་ན
དེ་དུས། ཁོར་ཡུག་ཆུང་ཆུང་དེའི་ནང་མིང་གྲ
དེས་ན། ཁོར་ཡུག་ཆུང་ཆུང་དེའི་ནང་མིང་གྲ
༢༠༡༤། ༡། ༢༦ ཉིན་སྦེལ་ཀོབ་གྲོང་ནས།