Thursday, November 14, 2013

བདེ་སྐྱིད་མཚོ་མོའི་ཟུར་མིག


བདེ་སྐྱིད་མཚོ་མོའི་ཟུར་མིག

མ་མཇལ་ཡུན་རིང་སོང་བའི་བདེ་སྐྱིད་མ།།
མཛའ་བརྩེ་མཚོ་ལས་ཟབ་པའི་སྙིང་སྡུག་མ།།
འཛུམ་བག་རྟག་ཏུ་གྲོལ་བའི་སྙིང་ཉེ་མ།།
བདེ་སྐྱིད་མཚོ་མོའི་ཟུར་མིག་སུ་ལ་འཕེན།།

 
མཇལ་ཡང་གཤིབ་སྐལ་མེད་པ་ང་གཉིས་ལས།།
ལས་ལ་འགྱུར་ལྡོག་མེད་པ་ཆོས་ཀྱི་གཤིས།།
ལེ་དབར་སྟོང་གིས་ཆོད་པའི་ཕ་རོལ་ནས།།
བདེ་སྐྱིད་མཚོའི་ཟུར་མིག་སུ་ལ་འཕེན།།

༢༠༡༣། ༡༡། ༡༣ ཉིན་གསོལ་ཇའི་བར་གསེང་སྐབས་ཐོལ་བྱུང་དུ་བྲིས།

ཀུན་ལ་འཛུམ་མདངས་སྟོན་པའི་གཤིས་བཟང་མ།།
ཡུམ་ཆེན་གུས་པས་གཡོག་པའི་ཡ་རབས་མ།།
སྤུན་མཆེད་བརྩེ་བས་སྐྱོང་བའི་བརྩེ་ལྡན་མ།།
བོད་ཀྱི་མཛངས་མ་ཞེས་པ་འདི་འདྲ་ཞིག། 

༢༠༡༣། ༡༡། ༡༥ཉིན།