ང་ལ་སྦྱིན་བདག་མེད་ཀྱང་སྒོར་མོ་ཡོད།
དེ་ རིང་ནི་རྒྱུན་ལྡན་དང་མི་འདྲ་བར་ངའི་སེམས་པ་ཧ་ཅང་སྐྱིད་ཅིང་། བདེ་སྐྱིད་ ཀྱིས་གང་བའི་སེམས་པ་འདི་ཅི་ཞིག་གིས་བསྐུལ་བ་ལྟར་གཡོ་ཞིང་འགུལ་ ལ། རྒྱུན་ཆད་མེད་པའི་གཡོ་འགུལ་འདི་དང་བར་མཚམས་མེད་པའི་སྙིང་གི་འཕར་ སྒྲ་འདི་དག་ནི་གང་ནས་བྱུང་བ་དང་། སུ་དང་གང་གིས་བྱིན་པ་ཡིན་སྙམ་ནས་བསམ་གཞིགས་རེ་བྱེད་དུས། དེ་ནི་གཞན་སུ་ཞིག་གིས་ཀྱང་བྱིན་པ་མ་རེད་ལ། དཀོན་མཆོག་གིས་ཀྱང་གནང་བ་མ་རེད། དེ་ནི་ཟླ་བ་མང་པོར་སྟོང་པ་སྟོང་རྐྱང་དུ་ལུས་པའི་ངའི་ཨམ་ཕྲག་ནང་རིན་ ཐང་ཆེ་བའི་ཤོག་བུ་འགའ་ཤས་ཤིག་གིས་གང་ཡོད་པ་དེའི་རྐྱེན་གྱིས་རེད།
ཤོག་ བུ་ནར་མོ་ཆག་པ་འགའ་ཤས་དེ་ལ་མིའི་སེམས་སུ་བདེ་སྐྱིད་སྦྱིན་པའི་ནུས་པ་དེ་འདྲ་ ཞིག་ཡོད་སྙམ་ནས་ཡ་མཚན་ཞིག་སྐྱེས་ལ། ཡ་མཚན་ཆེ་བའི་ནུས་པ་དེས་ཁོ་བོ་སྡུག་བསྔལ་ལས་ལན་གཅིག་བསྐྱབས་པ་རེད་ལ། སེམས་སུ་གནས་སྐབས་རིང་འཇིག་མི་ཐུབ་པའི་བདེ་སྐྱིད་ཅིག་ཀྱང་བྱིན་པ་རེད། ཤོག་ བུ་ནར་མོ་དེ་ནི་མནའ་བོའི་དུསསུ་་དངུལ་ཞེས་པ་དང་། བར་དུ་སྒོར་མོ་ཞེས་པ་དང་། ད་ལྟའི་དུས་སུ་པད་ཤག་ཅེས་པ་དེ་རེད།
དེང་གི་འཛམ་གླིང་ནི་དཔལ་འབྱོར་དང་ཁྲོམ་རའི་རིང་ལུགས་ཀྱི་དབང་བསྒྱུར་ འོག་གནས་ཡོད་པས། འཛམ་གླིང་ནང་གི་མི་ཆེ་ཆུང་མཐོ་དམན་གང་འདྲ་ཞིག་ཡིན་ཀྱང་། དཔལ་འབྱོར་གྱི་ བཙན་འཛུལ་ལས་ཐར་མེད་པ་ཤ་སྟག་རེད། ནམ་ཞིག་དཔལ་འབྱོར་རིང་ལུགས་ཀྱི་བཙན་ འཛུལ་ལས་ཐར་བའི་ཉིན་དེ་ནི་རང་ཉིད་འཇིག་རྟེན་འདི་ནས་ཕ་རོལ་ཏུ་བཞུད་པའི་ཉིན་ མོ་དེ་རེད། ཇི་སྲིད་རང་གི་ལུས་པོ་འདི་འཛམ་བུ་གླིང་གི་ས་དང་ཆུ་དེ་བཞིན་རླུང་གིས་འཚོ་ དགོས་ཕྱིན་ཆད་དཔལ་འབྱོར་གྱི་ལམ་བུ་འདིར་མ་བཞུད་ཐབས་མེད་ཡིན་ལ། དཔལ་འབྱོར་ རྒྱལ་མོའི་ཕྱག་དབང་འོག་མ་འཛུལ་བར་སུ་ཞིག་ཀྱང་ཐར་ས་མེད་པ་ནི་ཁ་ནས་དོན་མ་དོན་ ཙམ་ལས་མིའི་མགོ་ཐོགས་ཚད་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད།
ཆོས་ ཉིད་ཀྱི་རིགས་པ་དེའི་འོག་ནས་འཛམ་གླིང་འདིའི་ནང་འཚོ་ཐབས་ཤིག་ཡོད་པ་ནི་དཔལ་ འབྱོར་གྱི་ལམ་བུ་དེར་ཞུགས་ནས་དཔལ་འབྱོར་རྒྱལ་མོར་ཕྱག་འཚལ་ཞིང་། དེའི་དྲུང་ ནས་བྱིན་རླབས་ཀྱི་རིལ་བུ་འགའ་ཤས་ཤིག་རག་ཐབས་བྱེད་པ་དེ་ཡིན་ལ། དེ་ཡོད་ན་འཛམ་གླིང་འདིའི་ནང་མི་ཡི་གྲལ་ཚུད་ཅིང་། དེ་ལྟ་བུའི་རིལ་བུའི་ གྲངས་ཀ་ག་ཚོད་ཀྱིས་མང་བ་དེ་ནི་འཛམ་གླིང་ནང་གྲགས་ཅན་མི་སྣར་ངོས་འཛིན་ དང་། དེ་ནི་ཕལ་ཆེར་སངས་རྒྱས་གཉིས་པ་བཞིན་མཐོ་དམན་དང་ཆེ་ཆུང་ཀུན་གྱིས་གོང་ དུ་བཀུར་ཞིང་། ལྷ་དང་བླ་མས་ཀྱང་དེ་ལ་ཕྱག་འཚལ་ཉེན་གྱི་དུས་སྐབས་སུ་སླེབས་ཡོད།
ཧ་ཅང་ཚད་མཐོ་བོར་རྩི་བའི་ཆོས་པ་ཉམས་ལེན་པ་གྲགས་ཅན་ཞིག་༼ ཁོ་བོ་དང་ཕ་ཡུལ་གཅིག་པའི་གྲུབ་ཐོབ་ཅིག༽ གིས་ཀྱང་འཛམ་གླིང་འདིའི་ནང་སྒོར་མོ་ཞེས་པ་དེ་གཅིག་དགོས་ཀྱི་ཡོད་ས་རེད། ཅེས་ཞལ་དྲོན་མོ་ལས་དོན་ཡོད་ལ། དེས་གང་ཞིག་མཚོན་པ་ཡིན་ཞེ་ན། དཔལ་འབྱོར་དང་དེང་རབས་ཀྱི་འཛམ་གླིིང་གཉིས་ ནི། ཚད་མའི་གཞུང་ནས་བཤད་པའི་མེད་ན་མི་འབྱུང་གི་འབྲེལ་བ་དང་། དབུ་མའི་གཞུང་ནས་བཤད་པའི་ཕན་ཚུན་ལྟོས་གྲུབ། སེམས་ཙམ་གཞུང་ནས་བཤད་པའི་ཡུལ་ ལ་ལྟོས་པའི་ལྷན་ཅིག་དམིགས་ངེས་ཤིག་ཏུ་གྲུབ་ཡོད་ལ། དཔལ་འབྱོར་མེད་ན་འཛམ་ གླིང་ནང་འཚོ་ཐབས་མེད་པའི་རྟེན་འབྱུང་དང་ཆོས་ཉིད་ཀྱི་རིགས་པ་འདི་ལས་ནམ་ཡང་ བརྒལ་ཐབས་མེད་པ་ཡང་ཆོས་ཉིད་ཅིག་ཏུ་གྲུབ་ཡོད།
དེའི་ ཕྱིར་འཛམ་གླིང་ནང་གི་མགོ་ཐོགས་ཚད་ཀྱིས་དཔལ་འབྱོར་གྱི་རྗེས་སུ་འདུར་རྒྱུགས་ བྱེད་བཞིན་ཡོད་ལ། འདུར་རྒྱུགས་ཀྱི་བང་རྩལ་འགྲན་བསྡུར་ནང་ཞུགས་མ་ཐུབ་པའི་མི་བུ་ཞིག་ཡིན་ན་དེ་ ནི་མི་གྲལ་དུ་མི་ཚུད་ལ། དེང་གི་ཆར་ཁྱི་གྲལ་དུའང་ཚུད་ཁག་པོ་རེད། གོས་མི་འདྲ་བ་ཞིག་གྱོན་པའི་ཤིང་ གི་རྐུབ་བཀྱགས་ཀྱི་སྟེང་དུ་འགྱིངས་མཁན་ནས་བཟུང་། གསང་སྤྱོད་ཆུ་བཤལ་གཏོང་མཁན་གྱི་བར་ཐམས་ཅད་སྒོར་མོའི་ཆེད་དུ་ཡིན་ལ། སྒོར་ མོ་དེའི་རྐྱེན་པས་འཛམ་གླིང་འདི་དེང་རབས་ཀྱི་ཕྱོགས་སུ་ཡར་རྒྱས་( Devlopement ) ཞེས་པ་དེ་བྱུང་ཡོད་ལ། ཡར་རྒྱས་དེའི་རྐྱེན་པས་མི་རྣམས་སྒྱིད་ལུག་དང་ལེ་ ལོའི་དབང་དུ་མ་སོང་བར་རང་ཉིད་ཀྱི་རྐང་པ་གཉིས་དང་ལག་པ་གཉིས་ཀྱིས་འབད་འབད་ དུང་དུང་གིས་ལས་སུ་ཞུགས་ཐུབ་པ་བྱུང་ཡོད། འཛམ་གླིང་འདིའི་ནང་གི་འབྱོར་པ་ཅན་ཇི་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་ཚོང་ལས་དང་། འབད་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། མནའ་བོའི་མི་ཆེན་བླ་ཆེན་གྱི་ ལམ་སྲོལ་བཞིན་གཞན་གྱི་དངུལ་རྐུ་འཕྲོག་དང་། མི་མངོན་པའི་བསླུ་ཐབས་སོགས་གང་ཡང་སྤྱད་མེད་ལ། སྔོན་གྱི་བླ་ཆེན་ཁ་ཤས་བཞིན་མི་མང་གི་བསྔོ་རྟེན་དང་སྐྱབས་རྟེན་གྱིས་རྒྱན་ཆ་ བཟོས་མེད་ལ། གཟིམས་ཆུང་ཡང་བརྩིགས་མེད། དེ་དག་གིས་ནི་དེང་རབས་ཚོང་དོན་རིག་པ་བཞིན་གཞན་གྱི་དགོས་མཁོ་དང་བསྟུན་པའི་ཅ་ དངོས་གསར་བཟོ་དང་། འགྲེམས་སྤེལ་སོགས་བགྱིས་ནས་ཁྲིམས་མཐུན་གྱི་རྒྱུ་ནོར་བསགས་པ་ཡིན་པས་དེ་དག་ ནི་ངེས་པ་དོན་གྱི་འབྱོར་པ་ཅན་དག་རེད། དེང་རབས་ཀྱི་ནང་དུ་རྒྱུ་ནོར་གསོག་སྒྲུབ་བྱེད་པའི་ཐབས་ལམ་ནི་རང་ཉིད་ཀྱི་ནུས་ པ་ལ་གཞིགས་ཏེ་དུ་མ་ཞིག་ཡོད་ལ། མང་ཆེ་བ་ནི་ཁྲིམས་མཐུན་ཞིག་ཡིན་ཞིང་། སྨད་འཚོང་མ་ཞིག་གི་སྨད་འཚོང་བའི་ ཚོང་དོན་རིག་པ་དེ་ཡང་མི་ཡི་མཐོང་སྣང་ལ་མཛེས་མ་མཛེས་ཅི་འདྲ་ཞིག་བྱུང་ ཡང་། དོན་དངོས་ཐོག་ཁྲིམས་མཐུན་གྱི་ཚོང་རིག་ཅིག་ཡིན་པ་ལས་གཞན་གང་ཡང་ མིན། གང་ལྟར་དེང་གི་དུས་སུ་སྤྱིར་འཛམ་གླིང་དང་། ལྷག་པར་དུ་བོད་པའི་ སྤྱི་ཚོགས་སུ་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐབས་ལམ་གཞན་ཞིག་ཡོད་པ་དེ་ནི་རང་ཉིད་ ཉམ་ཐག་ཡིན་རབས་བཤད་དེ་སྦྱིན་བདག་འཚོལ་བའི་ཐབས་ལམ་དེ་རེད། དེ་ནི་བོད་པའི་སྤྱི་ཚོགས་ནང་རྒྱུ་ཆེ་ཆུང་དང་མཐོ་དམན་ཚང་མ་ལ་ཡོད་པའི་མཐུན་ མོང་གི་ཁྱད་ཆོས་སུ་ཡོད་ལ། ང་འགྲིམས་མྱོང་སའི་སྤྱི་ཚོགས་འགའ་ཤས་ཀྱི་ནང་མི་རེ་ལ་སྦྱིན་བདག་གཉིས་དང་ གསུམ་མེད་པ་ཧ་ལམ་མི་འདུག་ལ། སྦྱིན་བདག་འཚོལ་མི་ཐུབ་ན་མི་གྲལ་དུ་མི་ཚུད་པའི་ཚོད་དུ་ངོས་འཛིན་བྱེད་ཀྱི་ འདུག
སྦྱིན་བདག་བྱེད་མཁན་གྱི་ཕྱི་རྒྱལ་བ་དེ་ཚོ་མང་ ཆེ་བ་ནི་ཧ་ཅང་སྐྱོ་བོ་ཡིན་པ་དང་། རང་ཉིད་སྐྱོ་བོ་ཡིན་པའི་འདུ་ཤེས་དང་ཉམས་ མྱོང་དེའི་རྐྱེན་གྱིས་སྐྱོ་བོ་གཞན་ལ་རང་གི་ནུས་པ་ལ་གཞིགས་ཏེ་རོགས་པ་གང་ཐུབ་ བྱེད་པ་ལས་ཕྱི་རྒྱལ་འབྱོར་ལྡན་ཞིག་གིས་གཞན་ལ་སྦྱིན་བདག་བྱེད་པ་ནི་ཆེས་ཤིན་ ཏུ་ཉུང་ཉུང་ཡིན་པ་ནི་ཁོ་བོ་བློ་གསལ་གླིང་ཤེས་ཡོན་ལྷན་ཚོགས་ནང་ཨིན་དྲུང་བྱས་ དུས་གསལ་པོར་ཤེས་ཀྱི་ཡོད། སྦྱིན་བདག་མང་ཆེ་བ་རང་ཉིད་ཀྱི་འཚོ་བ་ཆོད་ཙམ་དང་། རང་ཉིད་ཀྱིས་རྒྱུན་ལྡན་གྱི་འགྲོ་སོང་ལས་སྒོར་མོ་འགའ་ཤས་ཤིག་ཉུང་དུ་གཏོང་ཨེ་ ཐུབ་ཀྱིས་གཞན་ལ་རོགས་པ་བྱེད་པ་ཡིན་ལ། ངའི་ངོ་ཤེས་པའི་ཨ་རི་བ་ཞིག་ གིས། བོད་པའི་མི་རྒན་ཞིག་ལ་སྦྱིན་བདག་བྱེད་ཀྱི་འདུག་ལ། ཨ་རི་བ་དེ་ནི་ལས་ ཀ་ཡག་པོ་བྱེད་མི་ཐུབ་པའི་སྤྲང་པོ་ཞིག་ཡིན་པ་དང་། ཁོང་གིས་ལམ་ཁའི་འགྲམ་དུ་ གཞན་གྱི་ས་ནས་དངུལ་སློང་ནས་བོད་པའི་མི་རྒན་དེ་ལ་སྦྱིན་བདག་བྱེད་ཐབས་བྱེད་ ཀྱི་འདུག ཁོང་གིས་ཞོགས་པ་དང་དགོང་མོ་རྟག་པར་ལམ་ཁའི་ཟུར་དུ་འདུག་ནས་ལམ་འགྲུལ་དག་ལས་ པད་ཤག་སློང་གི་ཡོད་པ་དང། ཉིན་རེར་སྒོར་མོ་བཅུ་གྲངས་ཤིག་ལས་རག་གི་མེད་འདུག དེ་དག་གསོག་སྒྲུབ་ཀྱིས་ཟླ་རེར་བོད་པའི་མི་རྒན་དེ་ལ་ཨ་སྒོར་༣༠༠་ཙམ་གཏོང་ཐབས་ བྱེད་ཀྱི་ཡོད། དེའི་རྐྱེན་པས་ཁོང་གིས་ཉིན་ཤས་རིང་དགོང་ཟས་ཀྱང་མེད་པ་ དང་། ཞོགས་ཇའི་དོད་དུ་ཆུ་ཁོལ་ཙམ་འཐུང་ནས་པད་ཤག་རྣམས་བོད་པའི་མི་རྒན་དེ་ལ་ གཏོང་ཨེ་ཐུབ་ལྟ་གི་འདུག ཁོང་གིས་རང་གི་འཚོ་བ་ཧ་ཅང་སྐྱོ་བོ་ཡིན་པ་དེ་ལ་ཇི་མི་སྙམ་པར་མི་རྒན་དེ་ལ་ སྦྱིན་བདག་ལྷག་བསམ་རྣམ་དག་གིས་བྱེད་ཀྱི་འདུག་ལ། ཁོང་གིས་སྦྱིན་བདག་བྱེད་སའི་མི་རྒན་དེས་ནི། ཁོ་རང་ཧ་ཅང་སྐྱོ་བོ་ཡིན་རབས་དང་། ཧ་ལམ་ཁ་ལག་ཀྱང་ཡག་པོ་རག་གི་མེད་རབས་བཤད་འདུག་ཅིང་། ད་དུང་ནད་པ་ཡིན་རབས་དང་། ནད་རིན་འདང་གི་མེད་རབས་ཀྱི་སྒྲུང་རིང་པོ་ཞིག་ཀྱང་བཟོས་ནས་སྦྱིན་བདག་སྤྲང་ པོ་དེ་ལས་པད་ཤག་གང་ཐུབ་ཐུབ་ཀྱིས་སྐོག་ཐབས་བྱེད་ཀྱི་འདུག ཡིན་ཡང་དོོན་དངོས་ཐོག མི་རྒན་དེ་ནི་ཁོ་བོའི་ངོ་ཤེས་ཤིག་ཡིན་པ་དང་། མི་ཚང་ཧ་ཅང་ཕྱུག་པའི་ཡིན་པའི་ ཁར་རྒྱུན་ལྡན་གྱི་འཚོ་བ་ཧ་ཅང་ལེགས་པ་དང་། ལག་ཏུ་ཁ་པར་ཁྲི་བཞི་དང་ལྔ་ཅན་ འཁྱེར་ནས་འགྲོ་བ་དང་། གློག་ཀླད་རྣམས་ཀུ་ཤུའི་རྟགས་ཅན་སྒོར་མོ་འབུམ་ལ་ཉེ་བ་ འཁྱེར་ནས་འགྲོ་བའི་ལོ་རྒས་ཀྱང་སེམས་མ་རྒས་པའི་མི་རྒན་ཐབས་སྡུག་ཅིག་རེད། ཉིན་རེར་སྒོར་མོ་སྟོང་ཁ་ཤས་ཀྱིས་འདང་གི་མེད་རབས་བཤད་པའི་མི་རྒན་ཞིག་ཀྱང་ རེད། ཁོང་གིས་ཕྱི་རྒྱལ་བ་དེ་དག་ལ་རང་ཉིད་སྐྱོ་བོ་ཡིན་རབས་བཤད་དེ་པད་ཤག་གང་ཐུབ་ ཐུབ་ཨེ་རག་ལྟ་ཞིང་། དེའི་ཆེད་དུ་རྫུན་ཆེན་པོ་དང་སྦོམ་པོ་གང་འདྲ་ཞིག་བཤད་དགོས་ཀྱང་མི་སྙམ་པའི་ ཧམ་པ་དང་གློ་ཁོག་ཀྱང་ཡོད་པ་རེད། ཁོང་གིས་ད་དུང་ཕྱི་རྒྱལ་བ་གཞན་ག་ཚོད་ཅིག་ལ་རྫུན་བཤད་ནས་བསླུ་ཐབས་བྱེད་ཀྱི་ ཡོད་པ་ནི་འདིས་ཤེས་ཐུབ།
དེ་ནི་ཁོ་བོས་མིག་རིལ་རིལ་གྱིས་མཐོང་ཞིང། རྣ་ལེབ་ལེབ་ཀྱིས་ཐད་ཀར་ཐོས་པའི་དངོས་བྱུང་ཞིག་ཡིན་ལ་དེས་མཚོན་ནས་བོད་པའི་ སྤྱི་ཚོགས་སུ་ཉམ་ཐག་སྐྱོ་རབས་དང་། ན་རབས་དང་སྡུག་རབས་མང་པོ་ཞིག་བཤད་ནས་པད་ཤག་གང་མང་མང་ཨེ་རག་ལྟ་མཁན་ག་ཚོད་ ཅིག་ཡོད་སྙམ།
ངའི་གྲོགས་མོ་ཨ་རི་བའི་བུ་མོ་ Lisa Demond ཞེས་པ་ཞིག་ཡོད་པ་ཁོང་མོ་ནི་ཧ་ཅང་སྐྱོ་བོ་ཡིན་པ་དང་། འགྲིམ་འགྲུལ་གྱི་ཆེད་དུ་རང་ཉིད་ཀྱི་རྒྱན་ཆ་ཡང་བཙོང་དགོས་པའི་གནས་སྟངས་ཤིག་ འོག་གནས་ཡོད་ན་ཡང་། ཁོང་མོས་Thailand དང་Burma ཕྱོགས་ཀྱི་ད་ཕྲུག་ཁག་ཅིག་ལ་རོགས་རམ་ཞུ་གྱི་ཡོད་ལ། དེས་མཚོན་ནས་ཕྱི་རྒྱལ་བ་སྐྱོ་བོ་དག་གིས་སྦྱིན་བདག་བྱེད་ཀྱི་ཡོད་པ་ལས་ཧ་ཅང་ ཕྱུག་པོ་དག་གིས་སྦྱིན་བདག་བྱེད་མཁན་ནི་ཧ་ཅང་དཀོན་པོ་ཡིན། རང་ཉིད་ལ་སྦྱིན་བདག་ཡོད་ཅེས་སྤོབས་པ་བྱེད་དགོས་པ་ཞིག་ཡེ་ནས་མིན་པར་དེ་ནི་ རད་ཉིད་སྐྱོ་བོ་ཡིན་པ་གསལ་བཤད་བྱེད་པ་ཡིན་ལ། རང་ཉིད་ལ་མི་ཡི་ནུས་པ་མི་ཚང་བའི་རྒྱུ་མཚན་མིག་གིས་བསྟན་པ་ཞིག་ཀྱང་རེད། དེ་སྔོན་ཟམ་གདོང་པཎ་ཆེན་གྱི་བཀའ་སློབ་ཅིག་གི་ནང་། ལག་གཉིས་ཀྱིས་གྲོད་ཁོག་གཅིག་བརྒྱང་མི་ཐུབ་པ་ཡོད་མ་རེད་ཅེས་དང་། ལག་གཉིས་ཡོད་མཁན་ཞིག་གིས་སྤྲད་ནས་ལག་གཉིས་ཡོད་མཁན་ཞིག་གིས་ལེན་དགོས་ན་ངོ་ཚ་ དགོས་པ་ཞིག་རེད། ཅེས་གསུངས་པ་ལྟར་དོན་དངོས་ཐོག་ལག་པ་གཉིས་པ་དང་། རྐང་པ་གཉིས། མིག་གཉིས་ཡོད་མཁན་ཞིག་གིས་གཞན་གྱི་ས་ནས་རོགས་རམ་དང་སྐྱོབ་སོ་ལེན་དགོས་ན་དེ་ ནི་འགྲེལ་བཤད་མི་ཐུབ་པའི་ཡ་མཚན་ཆེན་པོ་ཞིག་རེད།
བོད་པའི་སྤྱི་ཚོགས་འདི་ནི་སྦྱིན་བདག་དང་རོགས་རམ་ཞུ་བའི་ངན་ལབ་ནས་སྦྱིན་བདག་ མེད་ན་མི་གྲལ་དུ་མི་ཚུད་པའི་ཚད་དུ་སླེབས་ཡོད་ཅིང་། རོགས་རམ་དང་སྐྱོབ་སོ་མ་ཞུ་ན་མི་འཇོན་པའི་གྲས་སུ་རྩི་བའི་དུས་སུ་སླེབས་ཡོད་ སྟབས་ང་ལ་སྦྱིན་བདག་མེད་ཅེས་བརྗོད་ན་ཡ་མཚན་བྱེད་ལ། ཁོ་བོ་ནི་ང་ལ་སྦྱིན་བདག་མེད་ཅེས་བརྗོད་སྐབས་ཡ་མཚན་པའི་མི་བུ་དེ་ལ་ཡ་མཚན་ ཞིང་། སྦྱིན་བདག་ཡོད་ཅེས་སྤོབས་པ་ཆེན་པོས་འཆད་མཁན་དེ་ལ་ཡ་མཚན་ལ། ལག་ཏུ་ལག་ཐོགས་ཁ་པར་ཁྲི་ཁ་ཤས་ཅན་འཁྱེར་ནས་སྐྱོ་རབས་དང་སྡུག་རབས་མང་དག་བཤད་ ནས་སྦྱིན་བདག་སྐྱོ་བོ་དེ་དག་ས་ནས་དངུལ་གང་ཐུབ་ཐུབ་ཀྱིས་ལེན་མཁན་དེ་དག་ལ་ཡ་ མཚན་མི་བྱེད་ཀ་མེད་རེད་འདུག
ཁོ་བོར་ཆུང་ དུས་ནས་ད་བར་སྦྱིན་བདག་ཅེས་པ་དེའི་སྐྱབས་འོག་ཏུ་འཛུལ་མ་མྱོང་ལ། སྐྱོ་ན་ཡང་སྐྱོ་རབས་བཤད་ནས་དངུལ་སློང་མ་མྱོང་ལ། སྡུག་ན་ཡང་སྡུག་རབས་གླེང་ནས་སྒོར་མོ་ཨེ་རག་བལྟས་མྱོང་མེད། སྐྱིད་སྡུག་གི་གནས་སྟངས་ཅི་འདྲ་ཞིག་བྱུང་ན་ཡང་ཁོ་བོ་རྫ་པ་ཚང་འགྱུར་དགའི་བུ་ ཡིན་པ་ནི་ནམ་ཡང་ལྡོག་ཏུ་མེད་ལ། དེའི་ཁྲག་དང་རུས་པ་མ་འཇིག་གི་བར་དུ་ཆེས་ཐབས་སྡུག་གི་བྱ་བ་ནམ་ཡང་མི་བྱེད་ ཅིང་། ཨ་ཕ་དམ་པའི་རིགས་རྒྱུད་ལ་གནོད་པའི་བྱ་བ་ཆུང་ངུ་ཞིག་ཀྱང་མི་བྱེད་པ་ནི་ཁོ་ བོའི་འགྱུར་བ་མེད་པའི་དམ་བཅའ་ཞིག་ཏུ་གྱུར།
ཁོ་བོའི་ ཕོ་ལོ་ཉི་ཤུ་རྩ་གྲངས་དེའི་ནང་ཨ་ཞང་ཨ་ཁུ་ཡིན་ཟེར་ནས་སྒོར་བརྒྱ་བརྒལ་བ་ཞིག་ སྤྲོད་མཁན་མ་བྱུང་ལ་སློང་རྒྱུ་ཡང་མ་བྱུང་། སྦྱིན་བདག་དང་རོགས་པ་བྱེད་མཁན་ཡིན་ཟེར་མཁན་ཡང་མེད་ལ་དེ་འདྲ་ཞིག་འཚོལ་ཐབས་ ཀྱང་བྱས་མ་མྱོང་། དེ་ནི་གཅིག་བྱེད་ན་ངའི་ཞན་ཆ་དང་། འཇོན་ཐང་མེད་པའི་རྟགས་ཤིག་ཡིན་སྲིད་ཀྱང་། གཅིག་བྱེད་ན་ངའི་རྐང་པ་འཛུགས་སའི་རྨང་གཞི་གསར་བསྐྲུན་བྱེད་པ་ཞིག་ཀྱང་ཡིིན་ སྲིད། ད་དུང་གཅིག་བྱེད་ན་ངའི་གཟི་བརྗིད་གཅིག་ཀྱང་ཡིན་སྲིད། མི་ཚེའི་ལམ་ཁར་བཞུད་དུས་དཔལ་འབྱོར་གྱི་དཀའ་ངལ་དང་། དེའི་རྐྱེན་པས་མི་གཞན་གྱིས་མཐོང་ཆུང་དང་ཁྱད་གསོད་དུ་མ་ཞིག་བྱས་ཀྱང་དེ་དག་ ཐམས་ཅད་རང་གི་མགོ་ཐོག་ཏུ་འཁུར་ནས་ད་བར་ཕྱིན་པ་ཡིན་ལ། ད་དུང་ཡང་མུ་མཐུད་ནས་འགྲོ་ངེས་ཡིན། དེ་ནི་ངའི་མི་ཚེའི་ལམ་བུ་གཅིག་པུ་དེ་ཡིན་སྲིད།
མཚམས་ རེར་དངུལ་སྒོར་མོ་གཅིག་ཀྱང་མེད་པར་ཟླ་བ་མང་པོར་ལུས་ཤིང་། སོ་སྨན་ཉོ་བྱེད་མེད་པར་ཟླ་བ་མང་པོར་ལུས་ལ། ཚོང་ཁང་དང་ཟ་ཁང་ཉེ་འགྲམ་དུ་འཁོར་ཙམ་བྱས་ནས་ལོག་དགོས་པ་ལས་བྱེ་རིལ་ཙམ་ཞིག་ ཉོ་བྱེད་ཀྱང་མེད་པར་ལུས་མཁན་ང་དང་འདྲ་བ་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་ འདིའི་ནང་གཅིག་ཀྱང་མེད་པ་ནི་མ་ཡིན་ཀྱང་ཧ་ཅང་ཉུང་ཉུང་ཡིན་རྒྱུ་རེད། གང་ལྟར་དེ་དག་ཐམས་ཅད་ལ་གདོང་གཏད་ནས་མདུན་དུ་བསྐྱོད་ཅིང་། མཚམས་རེར་དངུལ་མེད་སྐབས་དེབ་ཁ་ཤས་གློག་ཀླད་དུ་འཇུག་གླ་ལེན་པ་དང་། ཁ་ཤས་ལ་ཞུ་དག་གཏོང་གླ་ལེན་པ་དང་། ཁ་ཤས་ལ་རྩོམ་ཡིག་ཁ་ཤས་འབྲི་གླ་ལེན་པ་སོགས་བྱས་ནས་རང་ཉིད་ཀྱི་འཚོ་བའི་ནང་ཇ་ དང་ཐུག་པ་ཙམ་ཞིག་འཐུང་བྱེད་ཨེ་རག་བལྟས་མྱོང་ལ་ལྟ་གི་ཡོད། དངུལ་དེ་དག་ནི་ང་ལ་མཚོན་ན་རིན་ཐང་ཧ་ཅང་ཆེན་པོ་ཡིན།
དེང་གི་ཆར་ཁོ་བོ་དབུས་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་ པར་འདེབས་ཐོན་བྱུང་བ་དང་། ཟླ་རེར་ཉུང་ཉུང་མིན་པའི་སློབ་ཡོན་ཞིག་ཀྱང་གནང་གི་ཡོད་སྟབས་ངའི་ཨམ་ཕྲག་ནི་ སྔར་དང་མི་འདྲ་བར་ཤོག་ཉོག་འགའ་ཤས་ཀྱི་ལྷན་དུ་ཤོག་བུ་རྩ་ཆེན་དེ་འདྲ་ཡང་རིག་ རྒྱུ་ཡོད་སྟབས་ངའི་སེམས་པ་ནི་སྔར་དང་མི་འདྲ་བར་སྐྱིད་སྣང་འདུག་ཅིང་། དེ་ནི་དངུལ་ཡོད་པ་གཅིག་པོ་དེས་མ་ཡིན་པར། དེ་ནི་དངུལ་དེའི་འབྱུང་ཁུངས་གཙང་མ་ཡིན་པ་དང་། དེ་ཡང་གཞན་སུ་ཞིག་གིས་རོགས་རམ་དང་སྐྱོབ་སོ་མིན་པར་རང་ཉིད་ཀྱི་ནུས་པ་དང་། འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་སྒོར་མོ་རེ་རེ་ལ་རིན་ཐང་ལྡན་ ཞིང་། སྒོར་མོ་བརྒྱ་སྐོར་ཞིག་ཨམ་ཕྲག་ནང་བླུག་སྟེ་འགྲོ་ན་ངའི་སེམས་སུ་འཇག་མི་ཐུབ་ པའི་སྤོབས་པ་ཞིག་དང་། དགའ་ཚོར་ཞིག་འདུག ད་དུང་ངའི་སྒོར་མོ་སྟོང་ཕྲག་འགའ་ཤས་དེ་ནི། སྦྱིན་བདག་གིས་བསྐུར་བའི་ཨ་སྒོར་སྟོང་མང་པོ་ལས་ལྷག་པའི་རིན་ཐང་ཆེ་ཞིང་། སྐྱབས་རྟེན་འབུམ་མང་པོ་ལས་གཙང་བ་ཡིན། སྒོར་མོ་རེ་རེ་ལ་ངའི་རྔུལ་ཆུ་དང་། ཁྲག་ཐིགས་འདྲེས་ཡོད་སྟབས་སྒོར་མོ་རེ་རེའི་རིན་ཐང་ནི་ངས་བཤད་དཀའ་བ་ཞིག་རེད་ འདུག་ལ། དེའི་དགའ་ཚོར་ཡང་བརྗོད་ཐབས་བྲལ་བ་ཞིག་རེད་འདུག
༩། ༡༡། ༡༡ཉིན་དཔེ་མཛོད་ཁང་གི་ལས་ཤག་ནས་བྲེལ་སྟབས་བྲིས།