Friday, October 19, 2012

དུས་གསུམ་སྤྱི་བཏང་བ་དང་བྱེ་བྲག་པ།


དུས་གསུམ་སྤྱིར་བཏང་པ།
ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་གསུང་ལས།
བྱ་ཚིག་མ་ནིང་བྱེད་ཚིག་མོ་ཡིས་འཕུལ།།
པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།།
སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།།
བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།།

མ་འོངས་ག་ད་ད་ལྟ་འ་སྔོན་འཇུག།
                              པ་སྡེ་ལས་གཞན་འདས་ལ་བ་སྔོན་འཇུག།།
                              སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།།
                              བརྗོད་བདེར་ད་ལྟར་ག་ད་འགྱུར་ཡང་སྲིད།།
ཅེས་འདོན་ན་གོ་བདེ་བར་སེམས།
དུས་མ་འོངས་པ།   Future
སྔོན་འཇུག་ག་དང་ད་གང་རུང་།
དུས་ད་ལྟ་བ།       Present  
སྔོན་འཇུག་འ།
དུས་འདས་པ།      Past
སྔོན་འཇུག་བ། པ་སྡེ་མ་གཏོགས།

སྔོན་འཇུག་ལྔའི་ནང་ནས་ག་ད་བ་གསུམ་གྱི་འཇུག་པ་བཤད་པ་ཡིན་པས་སྤྱི་བཏང་ངམ་མང་ཆེ་བའི་འཇུག་པ་ལྡན་པས་འདི་ལ་དུས་གསུམ་སྤྱི་བཏང་པ་ཟེར་བ་ཡིན།


བརྗོད་བྱ།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
མིང་གཞི་སྡེ་པ་གཅིག་པའི་དུས་གསུམ་སྤྱིར་བཏང་བ།
ལམ་ཁ་སོགས།
དགག་རྒྱུ།
འགོག་བཞིན་པ།
བཀག་ཟིན་པ།
ཁོག་ཅིག
སྣོད་སོགས།
དགབ་རྒྱུ།
འགེབ་བཞིན་པ།
བཀབ་ཚར།
ཁོབ་ཅིག
དེབ་སོགས།
དགྲམ་རྒྱུ།
འགྲེམས་བཞིན་པ།
བཀྲམ་ཟིན་པ།
ཁྲོམས་ཤིག
གདན་སོགས།
གདིང་རྒྱུ།
འདིང་བཞིན་པ།
བཏིང་ཟིན་པ།
ཐིངས་ཤིག
རྒན་བདག
གདམས་རྒྱུ།
འདེམས་བཞིན་པ།
བདམས་ཟིན་པ།
གདེམས་ཤིག
ཤིང་སྡོང་།
གདབ་རྒྱུ།
འདེབས་བཞིན་པ།
བཏབ་ཟིན་པ།
ཐོབས་ཤིག
མིང་གཞི་སྡེ་པ་གཉིས་འབྲེལ་གྱི་དུས་གསུམ་སྤྱི་བཏང་བ།
ཤིང་སྡོང་སོགས།
གཟུགས་རྒྱུ།
འཛུགས་བཞིན་པ།
བཙུགས་ཟིན་པ།
ཚུགས་ཤིག
དགྲ་བོ་སོགས།
གཞོམ་རྒྱུ།
འཇོམས་བཞིན་པ།
བཅོམ་ཟིན་པ།
ཆོམས་ཤིག
བློ་ལ།
གཟུང་རྒྱུ།
འཛིན་བཞིན་པ།
བཟུང་ཟིན་པ།
ཟུངས་ཤིག
མིང་གཞི་སྡེ་པ་སུམ་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ།
ཁང་པ་སོགས།
གཞིག་རྒྱུ།
འཇིག་བཞིན་པ།
བཤིགས་ཟིན་པ།
ཤིགས་ཤིག
བརྗོད་བདེར་བྱ་ཚིག་མ་ནིང་འགྱུར་བ།
ཤིང་སྡོང་སོགས།
གཅད་རྒྱུ།
གཅོད་བཞིན་པ།
བཅད་ཟིན་པ།
ཆོད་ཅིག
ཡི་གེ
གཏང་རྒྱུ།
གཏོང་བཞིན་པ།
བཏང་ཟིན་པ།
ཐོངས་ཤིག
དངུལ་སོགས།
གསག་རྒྱུ།
གསོག་བཞིན་པ།
བསགས་ཟིན་པ།
སོགས་ཤིག
ཤིང་སྡོང་སོགས།
གཅད་རྒྱུ།
གཅོད་བཞིན་པ།
བཅད་ཟིན་པ།
ཆོད་ཅིག
སློབ་ཚན་ལ།
དཔྱད་རྒྱུ།
དཔྱོད་བཞིན་པ།
དཔྱད་ཟིན་པ།
དཔྱོད་ཅིག
དུས་གསུམ་བྱེ་བྲག་པ།
ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་གསུང་ལས།
བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ།།
བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང།།
སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི།།
རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང།།
འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ།།
དཀའ་གནད་གསལ་བའི་མེ་ལོང་ལས།
          འདས་ལ་བས་འཕུལ་ཡང་འཇུག་ཡོད།
                   
ད་ལྟ་བ་ལ་གཉིས་ཀ་མེད།།
                   
མ་འོངས་འཕུལ་ཡོད་ཡང་འཇུག་མེད།།
                                                           
ཅེས་པ་དང་དོན་འདྲ།
འདས་པ།            Past
བ་སྔོན་འཇུག        ད་དང་ས་ཡང་འཇུག
ད་ལྟ་བ།             Present
སྔོན་འཇུག་མེད།      ཡང་འཇུག་ཀྱང་མེད།
མ་འོངས་པ།         Future
སྔོན་འཇུག་ཡོད།      ཡང་འཇུག་མེད།
སྐུལ་ཚིག
སྔོན་འཇུག་མེད།      ཡང་འཇུག་ཡོད།

འདིའི་ནང་སྔོན་ལྔའི་ནང་ནས་བ་ཡིག་བྱེ་བྲག་ཏུ་བཀར་ནས་བཤད་པས་དུས་གསུམ་བྱེ་བྲག་པ་ཟེར།
བརྗོད་བྱ།
མ་འོངས་པ།
ད་ལྟ་བ།
འདས་པ།
སྐུལ་ཚིག
བྱ་བ་སོགས།
བསྒྲུབ་བྱ།
སྒྲུབ་བཞིན་པ།
བསྒྲུབས་ཟིན་པ།
སྒྲུབས་ཤིག
བང་རིམ་སོགས།
བསྒྲིག་བྱ།
སྒྲིག་བཞིན་པ།
བསྒྲིགས་ཟིན་པ།
སྒྲིགས་ཤིག
དར་ཆ་སོགས།
བསྒྲེང་བྱ།
སྒྲེང་བཞིན་པ།
བསྒྲེངས་ཟིན་པ།
སྒྲེངས་ཤིག
མཆོད་རྟེན་སོགས།
བསྐོར་བྱ།
སྐོར་བཞིན་པ།
བསྐོརད་ཟིན་པ།
སྐོརད་ཅིག
རྒྱ་མཚོ་སོགས།
བརྒལ་རྒྱུ།
རྒལ་བཞིན་པ།
བརྒལ་ཟིན་པ།
རྒོལད་ཅིག
མིག་གིས།
བལྟ་རྒྱུ།
ལྟ་བཞིན་པ།
བལྟས་ཟིན་པ།
ལྟོས་ཤིག
རྐུན་མ།
བརྐུ་རྒྱུ།
རྐུ་བཞིན་པ།
བརྐུས་ཟིན་པ།
རྐུས་ཤིག
ཁ་ལག་སོགས།
བཟའ་རྒྱུ།
ཟ་བཞིན་པ།
བཟས།
ཟོ་ཞིག
དེབ་སོགས།
བཀླག་རྒྱུ།
ཀློག་བཞིན་པ།
བཀླགས་ཟིན་པ།
ཀློགས་ཤིག
སྣུམ་ལ།
བསྲེག་རྒྱུ།
སྲེག་བཞིན་པ།
བསྲེགས་ཟིན་པ།
སྲེགས་ཤིག